དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལག་རྩལ་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ།

སྤེལ་དུས 2020-07-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཁ་གཅོད་བཀོག་རྗེས། དེའི་ཁ་མེ་ལྕེའི་འོག་ལ་གཏོད་དགོས།…”ཞེས་ལོ་ན་46ལ་སླེབས་པའི་ཉི་མས་མེ་གསོད་ཡོ་ཆས་སྤྱོད་སྟངས་དང་དོ་སྣང་བྱེད་དགོས་པའི་གནད་དོན་ཁག་གསལ་བཤད་བྱེད་པ་དང་། ཉེ་འགྲམ་དུ་དམག་ལྭ་གྱོན་པའི་སློབ་མ་ཚོས་ནན་ཏན་སྒོས་ལྟ་ཞིབ་དང་ལད་མོ་བྱེད་བཞིན་ཡོད། 
ཉི་མས་སློབ་མ་ཚོར་མེ་གསོད་ཡོ་ཆས་བེད་སྤྱོད་བྱེད་སྟངས་སློབ་ཁྲིད་བྱེད་པ།
          ཉི་མ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་ཀྱི་བདེ་སྲུང་གསོ་སྦྱོང་དགེ་རྒན་ཞིག་ཡིན་ལ། མེ་གསོད་ཡོ་བྱད་བེད་སྤྱོད་དང་སྡེ་ཁུལ་གྱི་ཆུ་གློག་ཞིག་གསོ་སོགས་ལག་རྩལ་སློབ་ཁྲིད་བྱེད་པའི་འགན་འཁུར་ཡོད། 
          ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་དེ་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཞིབ་མཆན་བཀོད་ནས་བཙུགས་པའི་ལས་རིགས་ལག་རྩལ་གསོ་སྦྱོང་ལས་ཁུངས་ཞིག་སྟེ། དེའི་ཁོངས་སུ་ཞབས་ཞུའི་རིགས་(ཁྱིམ་ལས་ཞབས་ཞུ་དང་། ཟ་ཁང་ཞབས་ཞུ། མགྲོན་ཁང་ཞབས་ཞུ་བཅས་འདུས།)དང་སྐྲ་བཞར་ཁང་། SYBལས་གཏོད་གསོ་སྦྱོང་། བཟོ་སྐྲུན་ལས་རིགས།(ལྡུག་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་པ།)རྒྱ་ཟས་བཟོ་སྟངས། བོད་ཟས་བཟོ་སྟངས། མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན། ཞིག་གསོ་བྱེད་སྟངས།  ཞིང་ནགས་ཀྱི་སྐོར་སོགས་གསོ་སྦྱོང་ཆེད་ལས་དགུ་བཙུགས་ཡོད།
          “ང་ཚོའི་ཆེད་ལས་ཚང་མ་ཁྲོམ་རར་རྟོག་ཞིབ་གཏིང་ཟབ་བྱས་རྗེས་བཙུགས་པ་ཞིག་ཡིན། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་ཚོང་རའི་དགོས་མཁོ་དང་འཚམ་པར་བྱས་པ་ཡིན།”ཅེས་ཁ་རུབ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་དེ་ལྟར་བྱས་པ་དང་། དབུལ་ཕོངས་ལས་ཐར་བའི་ཆེད་དུ། མི་མང་པོ་ཕྱི་རུ་ཞོར་ལས་ལ་སོང་ནའང་། ལག་རྩལ་ཞན་པའི་རྐྱེན་གྱིས། དཀའ་ཚེགས་ཆེ་བའི་ལས་ཀ་ཁ་ཤས་ལས་ལས་མི་ཐུབ། དངོས་ཡོད་ཀྱི་གནས་ཚུལ་འདི་དག་ལ་དམིགས་སྟེ། ཁ་རུབ་ཆུས་ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་བཙུགས་པ་རེད། གསོ་སྦྱོང་ལྟེ་གནས་ཀྱིས་གཙོ་བོ་ཁ་རུབ་ཆུས་སུ་གསོ་སྦྱོང་བྱེད་འདོད་ཡོད་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོར་རིན་མེད་གསོ་སྦྱོང་བྱས་པ་རེད། དེའི་དམིགས་ཡུལ་ནི་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། རོང་འབྲོག་པར་ལག་རྩལ་སྣ་གཅིག་བསླབ་ནས་ཁོ་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་བྱ་རྒྱུ་དེ་རེད།
ཁ་རུབ་ཆུས་ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་ཀྱི་སློབ་མ་ཚོས་ཟ་མ་བཟོ་སྟངས་སློབ་སྦྱོང་བྱེད་པ།
          “གསོ་སྦྱོང་ལྟེ་གནས་ཀྱི་ལག་རྩལ་གསོ་སྦྱོང་གིས་ང་རང་དབུལ་ཕོངས་ལས་ཐར་ཐུབ་པར་བྱས་ལ། ངའི་མི་ཚེར་འགྱུར་ལྡོག་བཏང་བྱུང་།”ཉི་མ་ནི་ཁ་རུབ་ཆུས་ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་སུ་སློབ་སྦྱོང་བྱས་ཟིན་པའི་སློབ་མ་ཞིག་ཡིན་སྟེ། 2018ལོར་བདེ་སྲུང་བའི་གསོ་སྦྱོང་གི་སློབ་སྦྱོང་མཇུག་སྒྲིལ་རྗེས། ཉི་མས་གསོ་སྦྱོང་ལྟེ་གནས་ཀྱི་བདེ་སྲུང་བའི་ལས་གནས་སུ་ལས་ཀ་བྱས། ཁོའི་ལག་རྩལ་ཆུ་ཚད་མཐོ་བས། གསོ་སྦྱོང་ལྟེ་གནས་ཀྱིས་ཁོ་སློབ་མ་གསར་པར་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱེད་པར་གདན་འདྲེན་ཞུས།
          “ཟླ་རེར་གཞི་རྩའི་གླ་ཕོགས་སྒོར་2500དང་སློབ་ཁྲིད་རིན་པ་ཉིན་རེར་སྒོར་100ཡིན།”དེ་ལྟར་ཉི་མས་མུ་མཐུད་བརྗོད་དོན། ད་ལྟ་འཚོ་བ་སྐྱིད་པོ་འདུག ལག་ཏུ་གསོག་དངུལ་སྒོར་ཁྲི་གཅིག་ལྷག་ཙམ་ཡོད་ཅེས་བཤད།
          ཁ་རུབ་ཆུས་སུ་གསོ་སྦྱོང་བྱས་པ་དེས་ཞིང་འབྲོག་མང་ཚོགས་སྔར་ལས་མང་པོ་ཞིག་གིས་ལག་རྩལ་ཤིག་ཁོང་དུ་ཆུད་པར་བྱས་པ་མ་ཟད། དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒོ་མོ་ཞིག་ཀྱང་ཕྱེས་ཡོད།
ཁ་རུབ་ཆུས་ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་ཀྱི་སློབ་མ་ཚོས་གྱོན་ཆས་ལས་སྣོན་བྱེད་སྟངས་སློབ་སྦྱོང་བྱེད་པ། 
          ཁ་རུབ་ཆུས་ཀྱི་ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་ཀྱི་ཐོག་ཁང་གཉིས་པར་སློབ་མ་བཅུ་ལྷག་ཙམ་གྱིས་གྱོན་ཆས་ལས་སྣོན་བྱེད་སྟངས་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། བསྟན་འཛིན་སྒྲོལ་མ་ནི་དེའི་ཁྲོད་ཀྱི་སློབ་མ་ཞིག་རེད། མོས་བརྗོད་དོན། “འདི་གར་གསོ་སྦྱོང་བྱས་པའི་རིང་གི་ཟ་མ་དང་སྡོད་ཁང་གི་རིན་པ་ཚང་མ་མི་དགོས་ལ། ང་ཚོས་ལག་རྩལ་སློབ་སྦྱོང་ཡག་པོ་བྱེད་པ་ལས་གཞན་གང་ལ་ཡང་སེམས་ཁྲལ་བྱེད་མི་དགོས།”ཞེས་ཟེར།
          བསྟན་འཛིན་སྒྲོལ་མ་སོགས་རབས་འདིའི་སློབ་མ་ནི“མངགས་ཐོ་རྣམ་པའི”གསོ་སྐྱོང་བྱེད་ཐབས་ཀྱི་ལམ་ནས་གསོ་སྐྱོང་བྱས་པ་ཞིག་ཡིན་ལ། མིག་སྔར་སློབ་མ་ཚང་མ་འགུ་རོ་གྲོང་རྡལ་ཀྲེང་ཧྥུང་གྱོན་ཆས་ཚད་ཡོད་ཀུང་སིར་ལས་ཞུགས་བྱེད་པར་མངགས་པར་མོས་མཐུན་བྱུང་ཡོད་ལ། གསོ་སྦྱོང་མཇུག་འགྲིལ་རྗེས་ཐད་ཀར་ལས་ཞུགས་ཐུབ་པ་མ་ཟད་ཡོང་འབབ་བརྟན་པོ་ཡོད།
          “གྱོན་ཆས་ཐོན་སྐྱེད་འཁོར་ཁང་སྒོ་འགྲམ་དུ་ཡོད་པས་ཟླ་རེར་གླ་ཆ་སྒོར་2800སྤྲོད་ཀྱི་ཡོད།”ལག་རྩལ་ཡོད་པའི་བསྟན་འཛིན་སྒྲོལ་མས་ཁྱིམ་གྱི་ཉེ་འགྲམ་དུ་ལས་ཞུགས་བྱས་པ་དང་། ཡོང་འབབ་བརྟན་པོ་ཡོད་པ་མ་ཟད་ད་དུང་ཁྱིམ་གྱི་རྒན་རྒོན་ལ་ལྟ་སྐྱོང་བྱེད་ཐུབ།
          ཁ་རུབ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདས་ཟིན་པའི་ལོ་གཉིས་རིང་ཁ་རུབ་ཆུས་ལས་ཞུགས་ལས་གཏོད་གསོ་སྦྱོང་ལྟེ་གནས་ཀྱིས་རིམ་རྩིས་བྱས་ན་མི་1919ལ་གསོ་སྦྱོང་བྱས་པ་དང་། ལས་ཞུགས་ཐུབ་པའི་མི་གྲངས་1421ཡོད་ལ། ཁ་རུབ་ཆུས་ཀྱི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།