དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་ལྷོ་ཆབ་ཆ་ནས་འཚོག་རྒྱུ་རེད།

སྤེལ་དུས 2020-08-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡང་རྒྱལ་ཚེ་རིང་། རིན་ཆེན་བྱམས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཟླ་8པའི་ཚེས་3ཉིན་ནས་ཚེས6གི་བར་དུ།  རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་སུ་འཚོག་རྒྱུ་རེད།
 
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་ཚོགས་ཞུགས་ལས་ཁུངས།
          ཟླ8པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་གྲ་སྒྲིག་ཚོགས་འདུ་མཚོ་ལྷོ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཏང་ཨུའི་ཨུ་ཡོན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་།  མཚོ་སྔོན་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་མགོན་དང་ཚོགས་ཞུགས་སྨྱན་སྦྱོར་ལས་ཁུངས་སོ་སོའི་འགན་འཛིན་པ་གཙོ་བོ་དག་ཚོགས་འདུར་ཞུགས།  
 
རང་དྲ་བའི་གསར་འགོད་པས་ཚོགས་འདུར་འབྱོར་ཐོ་འགོད་བཞིན་པ།

གྲ་སྒྲིག་ཚོགས་འདུའི་ཡུལ་དངོས།
          མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་ལོ་ལགས་ཀྱིས་ཚོགས་ཞུགས་མི་སྣ་རྣམས་ལ་དགའ་བསུ་བྱས་པ་དང་ཆབས་ཅིག  ཐེངས་འདིའི་ཚོགས་འདུའི་གྲ་སྒྲིག་གི་ཞིབ་ཕྲའི་གནས་ཚུལ་དང་། ཚོགས་འདུའི་གོ་རིམ། ལས་རིམ་བཀོད་སྒྲིག  ཚོགས་འདུའི་འོས་འགན་སོགས་ངོ་སྤྲོད་ཞིབ་མོ་གནང་།  ཁོང་གིས“རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་སྒྲུབ་འགན་ཁུར་པ་ནི་མཚོ་ལྷོ་ཁུལ་ལ་མཚོན་ན་དོན་བཟང་ནང་གི་དོན་བཟང་དང་། དོན་ཆེན་ནང་གི་འགངས་ཆེན་རེད། ང་ཚོས་ལས་དོན་སོ་སོ་ཞིབ་ཕྲའི་ངང་བསྒྲུབ་སྟེ།  ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་བར་ཧུར་ཐག་འབད་ཐག་བྱ་རྒྱུ་ཡིན”ཞེས་གསུངས། 
 
གྲ་སྒྲིག་ཚོགས་འདུའི་ཡུལ་དངོས།
          གྲ་སྒྲིག་ཚོགས་འདུའི་སྟེང་དུ《རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་ཞུས་བཤེར་ཚན་ཆུང་བགོས་ནས་མིང་ཐོ་གཏན་འཁེལ་བྱེད་པ(གྲོས་གཞིའི་མིང་ཐོ)》ལ་གྲོས་ཆོད་བྱུང་ཞིང་། དེའི་ནང་དུ་དུས་དེབ་གསར་འགྱུར་ཚན་ཆུང་དང་།  དྲ་རྒྱ་དང་སྨྱན་སྦྱོར་གསར་པའི་ཚན་ཆུང་། རྒྱང་སྒྲོག་བརྙན་འཕྲིན་ཚན་ཆུང་། བརྡ་ཆད་གསར་པའི་ཞུས་བཤེར་ཚན་ཆུང་བཅས་འདུས་ཤིང་། ཚོགས་འདུའི་སྟེང་དུ་ད་དུང《རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་བརྙན་འཕྲིན་ཕུལ་བྱུང་ལེ་ཚན་ཞུས་བཤེར་བྱེད་ཐབས(གྲོས་སྡུར་ཡི་གེ)》དང《རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་བརྡ་ཆད་གསར་པའི་ཞུས་བཤེར་ཇུས་གཞི》ལ་གྲོས་ཆོད་བྱུང་པ་དང་། ཚོགས་འདུ་འདིའི་བོད་ཡིག་བརྡ་ཆད་གསར་པ་འཚོལ་སྡུད་དང་དག་སྒྲིག་གི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། ཞུས་བཤེར་ལས་དོན་ལ་བྱེ་བྲག་གི་བཀོད་སྒྲིག་བྱས། 
 
ཚོགས་ཞུགས་མི་སྣ་དག་ལ་ཕེབས་བསུ་ཞུ་བ།
          བཀྲ་ཤིས་དཔལ་ལྡན་ལགས་ཀྱིས“མཚོ་ལྷོ་ཁུལ་གྱིས་ཐེངས་འདིའི་ཚོགས་འདུར་མཐོང་ཆེན་གནངས་འདུག་སྟེ། ཚོགས་དོན་བཀོད་སྒྲིག་དང་། ཚོགས་ཞུགས་མི་སྣའི་སྣེ་ལེན་སོགས་ལ་གོ་རིམ་ཤིན་ཏུ་ལྡན་པས། འདིས་མཚོ་ལྷོའི་མི་ཡི་སྤྲོ་སེམས་དང་ཞིབ་ཚགས། གཟབ་ནན་བཅས་ཡོངས་སུ་མངོན་འདུག མ་འོངས་པར་ཚང་མས་ཧུར་ཐག་འབད་ཐག་བྱས་ཏེ། རང་རང་གི་འཇོན་ཐང་མངོན་ནས། མཚོ་ལྷོས་འཐུས་ཚབ་བྱས་པའི་བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་སོ་སོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་དང་བྱས་རྗེས་དག་སྒྲོག་སྤེལ་བྱས་ཏེ། ཐེངས་འདིའི་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་རྒྱལ་ཁའི་ངང་འགྲུབ་པར་བྱེད་དགོས”ཞེས་གསུངས། (གསར་འགོད་པ། གཡང་རྒྱལ་ཚེ་རིང་། རིན་ཆེན་བྱམས།)

ཚོགས་འདུའི་ཕྱོགས་སྟོན་ཡི་གེ།
རྩོམ་སྒྲིག་པ། བདེ་སྒྲོལ།