དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་རྫོང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས།

སྤེལ་དུས 2020-08-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ70ཡི་འཕོ་འགྱུར་ཆེན་པོ་བརྒྱུད་དཔལ་རིས་ཀྱི་གང་སར་རྣམ་པ་གསར་བ་མངོན། ཟླ8པའི་ཚེས1ཉིན། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་རྫོང་བཙུགས་ནས་ལོ་ངོ70འཁོར་བའི་ཉིན་མོ་བསུས། 
རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས།
       ལོ་ངོ70ཡི་རིང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཐོན་ལས་སྒྲིག་གཞི་མུ་མཐུད་དུ་ཚུལ་སྒྱུར་དང་རིམ་སྤར་བྱུང་ནས། རྗེས་ལུས་དང་ཁེར་རྐྱང་ཡིན་པའི་ཞིང་ཕྱུགས་ལས་དཔལ་འབྱོར་ནས་རིག་གནས་ཡུལ་སྐོར་དང་། དེང་རབས་ཞིང་ལས། སྐྱེ་ཁམས་བཟོ་ལས་བཅས་དར་སྤེལ་བྱུང་སྟེ། ཕྱོགས་བསྡུས་དཔལ་འབྱོར་ནུས་ཤུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་། དཔལ་རིས་བོད་རིགས་རང་སྐྱོང་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ལིས་ཕིན་གྱིས་བཤད་རྒྱུར། རྫོང་བཙུགས་མ་ཐག་སྣུམ་ལམ་གཅིག་ཀྱང་མེད་པ་ནས་གཞུང་ལམ་གཙོ་བོ་ཤང་གྲོང་དུ་བཏང་བ་དང་། ཞིང་སྡེའི་ཨར་ལམ་ཁྱིམ་ཚང་དུ་བཏང་སྟེ། རྨང་གཞི་སྒྲིག་ཆས་ལ་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད་ལ། ཕྱོགས་བསྡུས་ནུས་ཤུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང1990ལོར་སྒོར་དུང་ཕྱུར་ལས་བརྒལ་བ་དང་། 2005ལོར་སྒོར་དུང་ཕྱུར10ལས་བརྒལ་བ། 2019ལོར་སྒོར་དུང་ཕྱུར47.75ལས་བརྒལ་ཏེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་འགོ་དང་བསྡུར་ན་ལྡབ171འཕར་ཡོད་ཟེར།
རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས།
       ལོ་ངོ70ཡི་རིང་། དཔལ་རིས་བོད་རིགས་རང་སྐྱོང་རྫོང་གིས་དབུལ་ཐར་དམ་འཛིན་དང་། སློབ་གསོ་དར་སྤེལ། དམངས་འཚོར་འགན་སྲུང་བྱས། དཔལ་རིས་བོད་རིགས་རང་སྐྱོང་རྫོང་གིས་བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་ཁྲི1.43ཡི་མང་ཚོགས་ཁྲི5.46ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་བྱུང་ཚད0.07%བར་ཆག་ཡོད། དབུལ་ཕོངས་སྡེ་བ་ཕྱིར་འཐེན་བྱེད་ཚད100%ཟིན་ཏེ། 2020ལོའི་ཟླ2པར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། དཔལ་རིས་རྫོང་དབུལ་ཕོངས་རྫོང་གི་གྲས་ནས་དངོས་སུ་བུད་པ་རེད། མིག་སྔར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་པའི་སྤྱི་བའི་ཞབས་ཞུ་མ་ལག་བཙུགས་ཏེ། མི་དམངས་ཀྱི་འཚོ་བ་དེ་གཞི་རྩའི་ལྟོ་གོས་གནད་དོན་ཐག་གཅོད་བྱེད་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱས་པ་རེད།  །
རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས།
རྩོམ་སྒྲིག་པ། སངས་སྐྱབས།