དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2020ལོའི་ལྷ་སའི་ཞོ་སྟོན་ཟླ་8པའི་ཚེས་19ཉིན་འགོ་འཛུགས་རྒྱུ་རེད།

སྤེལ་དུས 2020-08-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
       ཟླ་8པའི་ཚེས་3ཉིན། གསར་འགོད་པས་2020ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་ཟླ་8པའི་ཚེས་19ཉིན་ནས་ཚེས་25ཉིན་བར་ལྷ་སར་སྤེལ་རྒྱུ་རེད།
       ད་ལོའི་སྤྱིའི་འཆར་བཀོད་ནི་འདི་ལྟ་སྟེ། “སྤྲོ་སྣང་ལྡན་པའི་ཞོ་སྟོན། བདེ་ཐང་གི་ལྷ་ས”ཞེས་པ་བརྗོད་དོན་གཙོ་བོ་ཡིན་ཞིང་། “གསར་གཏོད་དང་། བདེ་འཇགས། གྲོན་ཆུང་། ཚད་ལྡན། དམངས་དོན”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཐེ་ཞུགས། ཚོང་ར་ཅན་དུ་འགྱུར་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ། དུས་སྟོན་ཐོན་ལས་སྐྱེད་སྲིང་ལ་དོ་སྣང་ཆེན་པོ་དང་། དམངས་སྐྱིད་དམངས་ཕྱུག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ལྷ་སའི་ལོ་རྒྱུས་རིག་གནས་དང་དམངས་སྲོལ་ཡུལ་སྲོལ་གོམས་གཤིས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། གྲོང་ཁྱེར་གྱི་རིག་གནས་སྙིང་སྟོབས་མངོན་པར་བྱེད་པ་དང་། གྲོང་ཁྱེར་གྱི་རིག་གནས་སྣང་བརྙན་གསར་བཞེངས་བྱེད་པ་དེ་ཡིན།
       ད་ལོའི་སྤྱིའི་བླང་བྱ་ནི་འདི་ལྟ་སྟེ། “རྒྱ་ཆུང་ཞིང་སྤུས་ལེགས་པ། ས་གནས་མང་བ། མི་ཁག་སོ་སོར་བགོ་བ། སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ”བཅས་རྒྱུན་འཁྱོངས་བྱས་ཏེ། ཞོ་སྟོན་གྱི་བྱེད་སྒོ་སྤེལ་ཡུལ་ནོར་བུ་གླིང་ག་དང་། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་། དཔལ་ནག་ལུང་པ། སྟག་གདོང་གྲོང་ཚོ། ལྷ་ཀླུ་འདམ་རའི་སྤྱི་གླིང་། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ། གླིང་སྤྱིའི་ཐང་ཆེན། འཛུགས་སྐྲུན་རྒྱུ་ཆ་ཉོ་ཚོང་ལྟེ་གནས་ཀྱི་ཐང་ཆེན་སོགས་སུ་ཁ་ཐོར་དུ་བགོས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་གཏོང་རྒྱུ་རེད།
       2020ལོའི་ལྷ་སའི་ཞོ་སྟོན་གྱི་སྐབས་སུ་བྱེད་སྒོ་ཆེ་གྲས་ཁག་9སྤེལ་རྒྱུ་ཡིན་པ་སྟེ།
       ཟླ་8པའི་ཚེས་18ཉིན།
       དང་པོ་ནི་ཞོ་སྟོན་གྱི་ཚོང་འགུག་མ་འཇོག་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ་ཡིན་ཏེ། ཟླ་8པའི་ཚེས་18ཉིན་གྱི་སྔ་དྲོར་ལྷ་ས་གནས་མཆོག་ལྷ་ཡུལ་གླིང་སྤྱིའི་གསོལ་མགྲོན་ཁང་ཆེན་མོ་རུ་སྤེལ་རྒྱུ་རེད། རང་འགུལ་ངང་རང་སྐྱོང་ལྗོངས་ཕྱིའི་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་གྱི་མ་འཇོག་ཚོང་པ་གདན་ཞུ་བྱས་ནས་བྱེད་སྒོ་དེའི་ནང་ཞུགས་པ་དང་། མིང་རྟགས་བཀོད་པའི་འཐུས་ཚང་རྣམ་གྲངས་འོས་ཤིང་འཚམ་པའི་སྒོ་ནས་མཐུན་སྦྱོར་བྱེད་པ་དང་། ཚོང་འགུག་མ་འཇོག་གི་གཙོ་གནད་རྣམ་གྲངས་ཁག་ཅིག་ལ་གཅིག་སྡུད་ཐོག་མིང་རྟགས་འགོད་རྒྱུ་རེད།
       ཟླ་8པའི་ཚེས་19ཉིན་གྱི་སྔ་དྲོ།
       གཉིས་པ་ནི་ཞོ་སྟོན་གྱི་འགྲེམས་སྟོན་མཛད་སྒོ་ཡིན་ཏེ། ཞོ་སྟོན་གྱི་སྲོལ་རྒྱུན་ལུགས་སྲོལ་ལྟར་ཟླ་8པའི་ཚེས་19ཉིན་གྱི་སྔ་དྲོ་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པ་ནས་འགྲེམས་སྟོན་མཛད་སྒོ་སྤེལ་རྒྱུ་རེད།
       ཟླ་8པའི་ཚེས་19ཉིན་གྱི་དགོང་མོ།
       གསུམ་པ་ནི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་ཡིན་ཏེ། ཟླ་8པའི་ཚེས་19ཉིན་གྱི་དགོང་མོར་ལྷོ་རིའི་ཕུང་ཁྲུའུ་སྐྱེ་ཁམས་གླིང་དུ་འཚོག་རྒྱུ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཏུ་ད་ལོའི་ཞོ་སྟོན་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ། ཏང་ལ་བསྟོད་གླུ་འབུལ་བ་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བ། མི་དམངས་ལ་བསྟོད་གླུ་འབུལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ས་གསར་པར་བསྟོད་གླུ་འབུལ་བ་བཅས་ཀྱིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་འགྱུར་ལྡོག་གསར་པ་ཕྱོགས་ཡོངས་ནས་མངོན་པར་མཚོན་ངེས་རེད།
ཟླ་8པའི་ཚེས་20ཉིན་དང་། ཚེས་22ཉིན། ཚེས་24ཉིན།
       བཞི་པ་ནི་མི་རིགས་ཀྱི་སྲོལ་རྒྱུན་སྐྱ་རྩལ་འཁྲབ་སྟོན་བྱེད་སྒོ་ཡིན་ཏེ། ཟླ་8པའི་ཚེས་20ཉིན་དང་། ཚེས་22ཉིན། ཚེས་24ཉིན་བཅས་ཀྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་བྱང་འདབས་རྟ་རྒྱུག་ཐང་དུ་སྤེལ་རྒྱུ་རེད། འཁྲབ་སྟོན་ཐེངས་རེར་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ཡིན། མི་རིགས་ཀྱི་སྲོལ་རྒྱུན་སྐྱ་རྩལ་འཁྲབ་སྟོན་གཙོ་བོར་བཟུང་ནས། སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཟུང་འབྲེལ་བྱས་ཏེ། རྣམ་པ་འདྲ་མིན་སྣ་ཚོགས་དང་དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་གྲངས་འགྲེམས་སྟོན་དང་དེ་བཞིན་མི་རིགས་ཀྱི་རྟ་རྒྱུག་འགྲན་སྡུར་གྱི་བར་བཅུག་འགྲན་སྡུར་སོགས་ཀྱི་རྣམ་པ་བརྒྱུད་དེ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཁྱབ་གདལ་དང་དར་སྤེལ་བཏང་ནས། མང་ཚོགས་ཀྱིས་དུས་ཆེན་རིག་གནས་རོལ་མྱོང་བྱེད་པ་ཕུན་སུམ་ཚོགས་པར་གཏོང་རྒྱུ་རེད།
       ཟླ་8པའི་ཚེས་19ཉིན་ནས་ཚེས་25ཉིན་བར།
       ལྔ་པ་ནི་ཨ་ཅེ་ལྷ་མོ་དང་དེ་བཞིན་དམངས་ཁྲོད་ཀྱི་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་བཅས་ཡིན་ཏེ། ཟླ་8པའི་ཚེས་19ཉིན་ནས་ཚེས་25ཉིན་བར་ནོར་བུ་གླིང་ག་དང་། རྫོང་རྒྱབ་ཀླུ་ཁང་། དཔལ་ནག་ལུང་པ། སྟག་གདོང་གྲོང་ཚོ། ལྷ་ཀླུ་འདམ་རའི་སྤྱི་གླིང་། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ། གླིང་སྤྱིའི་ཐང་ཆེན་བཅས་སུ་སྤེལ་ཏེ། ཉེ་བའི་ལོ་ཤས་ཀྱི་རིང་དུ་ཨ་ཅེ་ལྷ་མོ་སྲུང་སྐྱོང་བྱས་པའི་གྲུབ་འབྲས་མངོན་པར་མཚོན་པ་དང་། ཟློས་གར་གྱི་ལུགས་སོ་སོར་འགྲེམས་སྟོན་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས་འཁྲབ་སྟོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཨ་ཅེ་ལྷ་མོའི་སྒྱུ་རྩལ་གྱི་མཛེས་ཉམས་མངོན་པར་མཚོན་རྒྱུ་རེད། ད་ལོའི་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ནས། ཨ་ཅེ་ལྷ་མོ་འཁྲབ་སྟོན་དང་རྫོང་(ཆུས)གི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་གྲོང་ཁུལ་དང་ཉེ་འཁོར་གྱི་ས་ཆ་མང་པོར་ཁྱབ་སྤེལ་བྱས་ཏེ། རྫོང་(ཆུས)གི་མང་ཚོགས་       དང་ཉེ་བཅར་ཐུབ་པ་བྱ་རྒྱུ་དང་། མི་ཚོགས་ཁག་བགོས་ཀྱི་དམིགས་ཡུལ་འགྲུབ་པར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་སྔར་ལས་ཆུང་དུ་གཏོང་རྒྱུ་རེད།
       ཟླ་8པའི་ཚེས་19ཉིན་ནས་ཚེས་21ཉིན་བར།
       དྲུག་པ་ནི་བོད་ཀྱི་མིག་མངས་ཏེ། ཟླ་8པའི་ཚེས་19ཉིན་ནས་ཚེས་21ཉིན་བར་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་རྒྱུ་རེད། བོད་ཀྱི་མིག་མངས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་བ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། མི་50འདེམས་སྒྲུག་བྱས་ནས་བོད་ཀྱི་མིག་མངས་འགྲེམས་རྩེད་དུ་ཞུགས་པ་དང་། བོད་ཀྱི་མིག་མངས་རིག་གནས་ཀྱི་ཤེས་བྱ་སྔར་ལས་ལྷག་པར་དྲིལ་བསྒྲགས་དང་ཁྱབ་སྤེལ། ཁྱབ་གདལ་བཅས་བྱས་ནས། མང་ཚོགས་ཀྱིས་བོད་ཀྱི་མིག་མངས་སློབ་སྦྱོང་བྱེད་པའི་དགོས་མཁོ་བསྐང་རྒྱུ་རེད།
8པའི་ཚེས་20ཉིན་ནས་ཚེས་21ཉིན་བར།
       བདུན་པ་ནི་ གནམ་མཚོའི་གོམ་བགྲོད་ཚོགས་ཆེན་སྐབས་བཅུ་བཞི་པ་ཡིན་ཏེ། ཟླ་8པའི་ཚེས་20ཉིན་ནས་ཚེས་21ཉིན་བར་འདམ་གཞུང་རྫོང་གནམ་མཚོའི་ངོགས་སུ་སྤེལ་རྒྱུ་རེད། ད་ཐེངས་ཀྱི་བྱེད་སྒོར་ལྗོངས་ནང་ཁུལ་གྱི་རུ་མི་150རྩ་འཛུགས་སྒོས་རིག་གནས་ལ་རྒྱུས་ལོན་བྱེད་ཞོར་གོམ་བགྲོད་འགྲན་བསྡུར་བྱས་ཏེ། གནམ་མཚོའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དྲིལ་སྒྲོག་དང་འོས་སྦྱོར་བྱས་ནས་ལྷ་སའི་རིག་གནས་དང་ལུས་རྩལ། ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྩིས་ཡོད།
       ཟླ་8པའི་ཚེས་19ཉིན་ནས་ཚེས་25ཉིན་བར།
       བརྒྱད་པ་ནི་ཚོང་ཟོག་ཉོ་ཚོང་དང་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་སྟེ། ཟླ་8པའི་ཚེས་19ཉིན་ནས་ཚེས་25ཉིན་བར། གླིང་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཐང་ཆེན་དང་། བཟོ་སྐྲུན་རྒྱུ་ཆ་ཉོ་ཚོང་ལྟེ་གནས་ཀྱི་ཐང་ཆེན། ནོར་བུ་གླིང་ག། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་། དཔལ་ནག་ལུང་པ། སྟག་གདོང་གྲོང་ཚོ། ལྷ་ཀླུ་འདམ་རའི་སྤྱི་གླིང་བཅས་སུ་གྲོང་ཁྱེར་ས་གཙང་རིག་གནས་སྨྱན་སྦྱོར་ཀུང་སིས་རང་བརྟེན་ངང་འགྲེམས་སྟོན་བྱས་ནས། 2020ལོའི་གྲགས་ཅན་སྤུས་ལེགས་ཚོང་ཟོག་ཉོ་ཚོང་དང་འགྲེམས་ཚོང་བྱེད་སྒོ་སྤེལ་རྒྱུ་རེད།
       8པའི་ཚེས་20ཉིན་ནས་ཚེས་25ཉིན་བར།
       དགུ་པ་ནི་དམངས་ཕན་ཚོང་ཟོག་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་སྟེ། ཟླ་8པའི་ཚེས་20ཉིན་ནས་ཚེས་25ཉིན་བར་སྤེལ་རྒྱུ་རེད། བྱེད་སྒོ་སྤེལ་བའི་རིང་དུ། ཚོང་དོན་ཁེ་ལས་ཆེ་གྲས་ཀྱིས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། རྒྱུན་སྤྱོད་ཚོང་ཟོག་སྣ་མང་སོགས་ཀྱི་ཚོང་ཟོག་སྒྲིག་འཛུགས་གང་ལེགས་བྱས་ཏེ། འདམ་གཞུང་དང་། སྙེ་མོ། ལྷུན་གྲུབ་བཅས་རྫོང་གསུམ་དུ་གཅིག་སྡུད་ཐོག་ཕྱིར་ཚོང་བྱ་རྒྱུར་སྤྱི་འདོམས་བྱ་རྒྱུ་ཡིན་པ་དང་། ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།