དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2020ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་དུ་ཏོག་གསར་གློ་ཚད་རིམས་ནད་དང་འབྲེལ་བའི་སྨན་བཅོས་དང་སྨན་རྫས་བཀོལ་སྤྱོད་ཀྱི་ཚན་པ་འཇོག་རྩིས་ཡོད།

སྤེལ་དུས 2020-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
      རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཉེ་སྔོན《2020ལོའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་བྱེད་པའི་ལས་དོན་ཇུས་གཞི(བསམ་འཆར་སྡུད་ལེན་གྱི་མ་ཟིན)》བཀྲམས་ཏེ་སྤྱི་ཚོགས་ཡོངས་སུ་བསམ་འཆར་སྡུད་ལེན་བྱས་ཤིང་། ཏོག་གསར་གློ་ཚད་རིམས་ནད་དང་འབྲེལ་བའི་དབུགས་རྔུབ་མ་ལག་གི་ནད་རིགས་སྨན་བཅོས་དང་སྨན་རྫས་བཀོལ་སྤྱོད། རྒྱལ་ཁབ་ཀྱི་གཅིག་བསྡུས་ཀྱིས་འདེམས་པའི་སྨན་རྫས་སོགས་2020ལོའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་གི་གསར་སྣོན་སྨན་རྫས་ཀྱི་ཁྱབ་ཁོངས་སུ་འཇོག་རྒྱུའི་རེ་བ་ཡོད།
      ཟླ7པའི་ཚེས30ཉིན་བཏོན་པའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི“བཀའ་དང་པོ”སྟེ། 《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་བཀོལ་སྤྱོད་དོ་དམ་གྱི་གནས་སྐབས་བྱེད་ཐབས》ལ་གཞིགས་ན། རང་རྒྱལ་གྱིས་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་འགུལ་རྣམ་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་། རྩ་བའི་ཆ་ནས་ལོ་རེར་ལེགས་སྒྲིག་ཐེངས་གཅིག་བྱ་རྒྱུ་རེད། གནས་སྐབས་བྱེད་ཐབས་འདི་ནི2020ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

      བསམ་འཆར་སྡུད་ལེན་མ་ཟིན་གྱིས་བསྟན་དོན། སྨན་བཅོས་འགན་བཅོལ་དཀར་ཆག་ལས་གཞན་པའི་སྨན་རྫས་རིགས་བདུན་2020ལོའི་སྨན་བཅོས་འགན་བཅོལ་དཀར་ཆག་གི་གསར་སྣོན་སྨན་རྫས་ཀྱི་ཁྱབ་ཁོངས་སུ་འཇོག་རྩིས་ཡོད་ཅིང་། དེའི་ནང་དུ་ཏོག་གསར་གློ་ཚད་རིམས་ནད་དང་འབྲེལ་བའི་དབུགས་རྔུབ་མ་ལག་གི་ནད་གཞི་སྨན་བཅོས་དང་བཀོལ་སྤྱོད་སྨན་རྫས་དང་།  《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་དཀར་ཆག(2018ལོའི་པར་གཞི)》ནང་དུ་བཞག་པའི་སྨན་རྫས་ཀྱི་རིགས། ནད་ཐོག་ཏུ་དགོས་མཁོ་ཆེ་བའི་ཕྱི་རྒྱལ་གྱི་སྨན་གསར་མིང་ཐོ། འདྲ་བཟོའི་སྨན་རིགས་ལ་བསྔགས་སྐུལ་བྱས་པའི་དཀར་ཆག་གམ་ཡང་ན་བྱིས་པའི་སྨན་རྫས་གསར་བཟོ་དང་ཡིག་ཐོག་སྙན་ཞུར་སྐུལ་མ་བྱས་པའི་མིང་ཐོ་འདུས་ཡོད་པར་མ་ཟད། 2019ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་དུ་རྒྱལ་ཁབ་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚོང་རར་འདོན་རྒྱུའི་ཆོག་མཆན་བཀོད་པའི་སྨན་རྫས་དང་། རྒྱལ་ཁབ་ཀྱི་ཁག་གཉིས་པའི་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་ཁྲོད་དུ་བདམས་པའི་སྨན་རྫས་སོགས་འདུས་ཡོད།
      དོ་སྣང་བྱ་དགོས་པ་ཞིག་ནི། ཐེངས་འདིའི་གསར་སྣོན་བྱས་པའི་སྨན་རྫས་ཀྱི་ཁྱབ་ཁོངས་སུ་ད་དུང2015ལོའི་ཟླ1པོའི་ཚེས1ཉིན་ནས2019ལོའི་ཟླ12པའི་ཚེས31ཉིན་བར་གྱི་རྒྱལ་ཁབ་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་གསར་གྱི་ཐོ་འགོད་རེ་ཞུའི་གོ་རིམ་ལྟར་ཚོང་རར་འདོན་འཐུས་ཀྱི་ཆོག་མཆན་བཀོད་པའི་སྨན་རྫས(གྲུང་གཤིས་ཀྱི་གྲུབ་ཆ་གསར་པ་དང་། སྦྱོར་རིགས་གསར་པ་འདུས)ཀྱང་འདུས། ཆེད་མཁས་པས་བསྟན་དོན། འདིས་སྨན་རྫས་གསར་པ་དང་སྨན་རྫས་བཟང་པོ་དེ་བས་མང་པོ་སྨན་བཅོས་འགན་བཅོལ་གྱི་ནང་དུ་འཇོག་རྒྱུའི་རེ་བ་ཡོད་པ་དང་། མི་དམངས་མང་ཚོགས་ལ་སྤུས་ལེགས་པའི་སྨན་རྫས་ཀྱི་ཞབས་ཞུ་མགྱོགས་པོར་འགན་ལེན་ཐུབ་པ་མཚོན་གྱི་ཡོད་ཅེས་བཤད།
      དེ་ལས་གཞན། བསམ་འཆར་སྡུད་ལེན་གྱི་མ་ཟིན་ལྟར་ན། བཅོས་སྐྱོང་མཐུན་པའི་ཁྱབ་ཁོངས་ཀྱི་སྨན་རྫས་གཞན་དག་དང་བསྡུར་ན། རིན་གོང/གྲོན་དངུལ་དེ་ཅུང་མཐོ་བ་མངོན་གསལ་ཡིན་པར་མ་ཟད། ཉེ་བའི་ལོ་འདི་དག་རིང་ཐེབས་རྩའི་མ་དངུལ་གྱི་ཚད་ཅུང་མང་བ་ཟིན་པའི་སྨན་རྫས་ཀྱི་རིགས་དེ2020ལོའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལེགས་སྒྲིག་ཁྱབ་ཁོངས་སུ་འཇོག་རྒྱུ་རེད།
       ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས “ཁག་ཐེག་གཉིས”ཀྱི་སྲིད་ཇུས་བཏོན་ཏེ། ནད་གཞི་གཏན་ཁེལ་དང་དོགས་ཡོད་ནད་པ་ཚང་མར་སྔོན་ལ་སྐྱོབ་བཅོས་བྱེད་པ་དང་། དེ་ནས་རྩིས་རྒྱག་པ་ལག་བསྟར་བྱས་པ་རེད། ཟླ7པའི་ཚེས19ཉིན་བར་དུ། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་ཁེལ་དང་དོགས་ཡོད་ནད་པར་སྨན་བཅོས་འགན་བཅོལ་གྱིས་བསྡོམས་རྩིས་བརྒྱབ་པའི་མི་ཐེངས་ཁྲི13.55ཡོད་པ་དང་། སྨན་བཅོས་དང་འབྲེལ་བའི་གྲོན་དངུལ་སྒོར་དུང་ཕྱུར18.47ཟིན་ཞིང་། སྨན་བཅོས་འགན་བཅོལ་གྱིས་སྒོར12.32གཏོང་སྤྲོད་བྱས་ཏེ་གྲོན་དངུལ་གཏོང་སྤྲོད་ཀྱི་བསྡུར་ཚད67%དུ་སླེབས་ཡོད།
      ཆེད་མཁས་པས་བསྟན་དོན། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལེགས་སྒྲིག་བྱས་ཏེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་དང་འབྲེལ་བའི་བཅོས་བཅོས་དང་སྨན་རྫས་བཀོལ་སྤྱོད་དེ་གསར་སྣོན་གྱི་ཁྱབ་ཁོངས་སུ་འཇོག་འཇོག་རྩིས་ཡོད་པ་དེས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་གཏོང་བར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱ་ཐུབ།
       བསམ་འཆར་སྡུད་ལེན་གྱི་མ་ཟིན་ལ་གཞིགས་ན། 2020ལོའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལེགས་སྒྲིག་དེ་གྲ་སྒྲིག་དང་། ཁེ་ལས་ཀྱི་ཡིག་ཐོག་སྙན་ཞུ། ཆེད་མཁས་པའི་དཔྱད་ཞིབ། གྲོས་མོལ་དང་རིན་གོང་འགྲན་བསྡུར། མཇུག་འབྲས་ཁྱབ་བསྒྲགས་བཅས་རིམ་པ་ལྔ་རུ་བགོས་ཡོད་ཅིང་། མཇུག་འབྲས་ཁྱབ་བསྒྲགས་ཀྱི་དུས་ཚོད་ནི2020ལོའི་ཟླ11པ་ནས་ཟླ12པའི་བར་དུ་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།