ཇོ་མོ་གླང་མའི་སྐོར་གླེང་སྐབས། མི་རྣམས་ཀྱི་མིག་ལམ་དུ་དེ་མ་ཐག་མཛེས་སྡུག་ལྡན་པའི་རི་མོ་ཞིག་སྟེ། སྔོ་ཞིང་དྭངས་པའི་ནམ་མཁའ་དང་སྤྲིན་དཀར་གྱི་འོག་ཏུ་བརྗིད་ཆགས་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་འགྱིང་ངེར་ཡོད་པ་འཆར་ཡོང་ངེས་ཡིན། འོན་ཀྱང་ཇོ་མོ་གླང་མའི་འདབས་ལ་སླེབས་མྱོང་བའི་མི་ཚང་མས་ཤེས་གསལ་ལྟར། ཇོ་མོ་གླང་མའི་ས་བབ་མཐོན་པོས་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་བསྐྲུན་པ་དང་ཆབས་ཅིག་རྩི་ཤིང་འཚོ་ དཀའ་བའི་ས་ མཐོའི་ཁོར་ཡུག་ཅིག་ཀྱང་བསྐྲུན་ཡོད་པ་རེད།
ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་དྲོད་ཁང་གི་ཟུར་ཞིག
འོན་ཀྱང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོ་རྟག་ཏུ་ཡུལ་དེ་གར་བསྡད་ཡོད་པས། ཁོ་ཚོས་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་རང་སྤེལ་གྱི་སྒོ་ནས་ཇོ་མོ་གླང་མའི་འདབས་སུ་ སྔོ་ཚལ་འདེབས་འཛུགས་བྱས་པ་རེད།
ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་དྲོད་ཁང་དུ་བཏབ་པའི་ཆུ་ཀུབ།
“ཨ་མ་སྒྲོལ་མ་ཁྱིམ་དུ་ཡོད་དམ།” འབྲོག་མོ་པ་སངས་སྒྲོལ་མས་སྒེའུ་ཁུང་ནས་ཕྱི་ལ་བལྟས་པ་ན། ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཝང་ཕུའུ་དང་ཉི་མ་སྐལ་བཟང་གཉིས་ཀྱིས་སྔོ་ཚལ་སླེལ་པོ་གང་ཁྱེར་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལངས་ནས་བསྡད་ཡོད་པ་མཐོང་བ་དང་། མྱུར་དུ་སྒོ་རའི་ནང་དུ་ཡོང་ནས་སྒོ་ཕྱེས་ཏེ་ཉེན་རྟོག་པ་གཉིས་རང་གི་ཁྱིམ་དུ་གདན་འདྲེན་ཞུས།
ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྔོ་ཚལ་འཐུ་བཞིན་པ།
“ཨ་མ་སྒྲོལ་མ་ལགས། འདི་ནི་ང་ཚོ་རང་ཉིད་ཀྱིས་བཏབ་པའི་སྔོ་ཚལ་རེད། ཁྱེད་ལ་ཏོག་ཙམ་བསྐྱལ་ཡོང་ཡོད། ཁྱེད་རང་གི་རྐང་པ་བདེ་པོ་མེད་པས། རི་ལས་བབས་ཏེ་རྫོང་ དུ་ཉོ་བར་འགྲོ་མི་དགོས ། ཁྱེད་ཀྱིས་ཟས་ཚར་རྗེས་ང་ཚོར་ཤོད་དང་། ང་ཚོས་ཁྱོད་ལ་ད་དུང་བསྐྱལ་ཡོང་།”ཞེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྱིམ་མཚེས་པ་སངས་སྒྲོལ་མ་ནི་དགུང་ལོ་བགྲེས་ལ། རི་ལས་མར་བབས་ནས་རྫོང་ དུ་སྔོ་ཚལ་ཉོ་རུ་སོང་ན་དཀའ་ངལ་ཆེ་བ་མཐོང་ནས། དུས་ཡུན་ངེས་ཅན་རེའི་ནང་ཁོ་མོ་ལ་ཁོ་ཚོ་རང་ཉིད་ཀྱིས་བཏབ་པའི་སྔོ་ཚལ་བསྐྱལ་ནས་ཡོང་གི་ཡོད།
ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དྲོད་ཁང་ནང་དུ་ཡུར་མ་ཡུར་བ།
“བསམ་ཡུལ་ལས་འདས་པ་ཞིག་ལ། ཇོ་མོ་གླང་མའི་འདབས་སུ་ད་དུང་ལྗང་མདོག་གི་སྔོ་ཚལ་དང་ཤིང་ཏོག་སོས་པ་མཐོང་རྒྱུ་འདུག”ནང་ས་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལིའུ་ལགས་རྒྱུ་རྐྱེན་ག་གེ་མོ་ཞིག་གིས་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་དུ་བསྐྱོད་པ་ན། སྒོ་རའི་ནང་དུ་དྲོད་ཁང་ཡོད་པ་མཐོང་ནས་ཡ་མཚན་ཆེན་པོའི་ངང་དྲོད་ཁང་ནང་དུ་བལྟས་ཚེ། དྲོད་ཁང་ནང་གི་སྔོ་ཚལ་དང་ཤིང་ཏོག་གིས་ཁོ་རང་ཧང་སངས་སུ་བཅུག་ཤིང་། ཁོས་“ནང་སར་ག་ས་གང་ནས་རྣམ་པ་འདི་ལྟ་བུ་རྟག་པར་མཐོང་རྒྱུ་ཡོད་མོད། འོན་ཀྱང་། བོད་དུ་ཡོང་ནས་ཇོ་མོ་གླང་མའི་ཕྱོགས་སུ་བསྐྱོད་པ་ན། དེའི་འདབས་སུ་གསོ་རླུང་མི་འདང་བ་དང་། རྩི་ཤིང་མཐོང་དཀོན་པས། ཀྱང་སྣང་ཚུལ་འདི་འདྲ་ཞིག་ མཐོང་བ་ནི་དངོས་གནས་ངོ་མཚར་ལ་ཡིད་སྨོན་བྱེད་འོས་པ་ཞིག་རེད།”ཅེས་བཤད།
ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་དྲོད་ཁང་ནང་གི་སུར་པན།
“རྒྱུན་དུ་ལས་རེས་བྱེད་མི་དགོས་པའི་སྐབས་སུ། ཚང་མ་དྲོད་ཁང་དུ་འགྲོ་རྒྱུར་དགའ་པོ་ཡོད་ལ། དྲོད་ཁང་ནང་གི་མཁའ་དབུགས་འཁོར་རྒྱུག་དེ་འདྲ་མི་བཟང་ནའང་། དྲོད་ཚད་ཅུང་མཐོ་པོ་ཡོད། འོན་ཀྱང་ལྗང་མདོག་གི་རྣམ་པ་ཞིག་མཐོང་ཐུབ་པས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་འདི་དག་མཐོང་སྐབས། སེམས་ནང་ཧ་ཅང་དགའ་པོ་འདུག”ཅེས་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཀྲེང་ཅིན་སུང་གིས་དེ་ལྟར་བརྗོད་པ་དང་། “ཚང་མས་ད་དུང་རྟག་ཏུ་སྐྱིད་སྣང་གིས་ཁེངས་ཏེ་དྲོད་ཁང་ནང་གི་ཤིང་ཏོག་དང་སྔོ་ཚལ་ལ་ཡུར་མ་ཡུར་བ་དང་འཁྲི་ཤིང་གསེད་པ་སོགས་བྱེད་བཞིན་ཡོད།