ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གལ་ཏེ་ཁྱོད་ལ་བྱ་དགའ་འདི་འདྲ་ཞིག་རེག་ན་ཁྱོད་ཀྱིས་་་་་་་

སྤེལ་དུས 2020-09-24 ཡོང་ཁུངས། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
 ཉིན་འགའི་སྔོན་ལ། 
རུས་ལུའོ་ཅན་གྱི་ཧུའུ་ནན་གྱི་སློབ་ཆེན་མ་ཞིག་ལ། 
    བྱ་སྒོང་ཁྲི་1.4ཡི་བྱ་དགའ་ཆེན་པོ་ཞིག་ཐོབ། 
    
ཁོ་མོས།
    དེའི་ནང་གི་བྱ་སྒོང་ཁྲི་1ཕ་ཡུལ་གྱི་སློབ་ཆུང་གི་བྱིས་པ་ཚོར།
    ཞལ་འདེབས་སུ་འབུལ་རྒྱུའི་ཐག་བཅད།  

ཉེ་ཆར། 
   ཞལ་འདེབས་སུ་ཕུལ་བའི་བྱ་སྒོང་ཁྲི་1ལྷག 
    ཁྲང་ཏི་གྲོང་ཁྱེར་ཨན་ཞང་རྫོང་སན་ཁྲ་ཧོ་གྲོང་རྡལ་དུ་བསྐྱལ་ཞིང་། 
    གྲོང་རྡལ་གྱི་ཞིན་ཁོའུ་སློབ་ཆུང་དང་ལྟེ་བའི་སློབ་ཆུང་གི་བྱིས་པ་ཚོས། 
    དགའ་སྤྲོའི་ངང་ཨ་ཅེ་ལུའོ་ཡིས་ཕུལ་བའི་བྱ་སྒོང་ཟོས། 
བྱིས་པ་རྣམས་ཀྱིས་བྱ་སྒོང་བཙོས་མ་དང་། བྱ་སྒོང་བརྔོས་མ། སྒོང་ཐུག་བཅས་ཟ་བའི་རྣམ་པ་མཐོང་དུས། 
    བུ་མོ་ལུའོ་ཡིས། 
    ཕ་ཡུལ་གྱི་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་སྒོ་ང་ལོངས་སྤྱོད་བྱས་ན། 
     མོས་རང་ཉིད་ཀྱི་བརྩེ་སེམས་དང་གཞན་གྱི་དགའ་ཞེན་གཉིས་ཉམས་སུ་མྱོང་ཐུབ་ཅེས་བཤད། 

ལྷག་མའི་བྱ་སྒོང་4000དེ། 
ཁོ་མོའི་ཕ་ཡུལ་དུ་བསྐྱལ། 
བུ་མོ་ལུའོ་དང་མོའི་ཁྱིམ་མི་ཚོས་མཉམ་དུ་“བྱ་སྒོང་གི་གསོལ་སྟོན"རྒྱ་ཆེན་པོ་ཞིག་བཤམས་པ་མ་ཟད། 
   ལྷག་ཏུ་ལུས་པའི་བྱ་སྒོང་རྣམས། 
    གཉེན་ཉེ་དང་གྲོགས་པོ་ཚོར་མཉམ་སྤྱོད་བྱས་པ་རེད། 

སློབ་གྲོགས་ལུའོ་ཡིས། 
    རང་ཉིད་ནི་“ལས་ཅན་མ”ཞིག་ཡིན་པས། 
    སློབ་ཆེན་འགྲིམས་པ་ནས་བཟུང་བྱ་དགའ་ཐེངས་དུ་མར་རེག་མྱོང་ཞེས་བཤད། 
   མོའི་རེ་བར་ཐེངས་འདིའི་སྤྱི་ཕན་བྱེད་སྒོ་བརྒྱུད། 
    རང་ཉིད་ཀྱི་"ལས་བསོད”ཀྱིས། 
 མི་སྔར་ལས་མང་པོ་ཞིག་ལ་སྤྲོ་སྣང་སྦྱིན་པར་འདོད་པ་དང་། 
  མོའི་བྱ་སྤྱོད་འདི་ལའང་རྒྱ་ཆེའི་དྲ་གྲོགས་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ། 
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།