དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འདམ་གཞུང་གི་ནོར་གནག་18རྐུན་མས་རྐུས་པར་ཉེན་རྟོག་པས་ཞིང་ཆེན་གཞན་པ་ནས་ཕྱིར་རྙེད་པ།

སྤེལ་དུས 2020-09-24 ཡོང་ཁུངས། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཉེ་ཆར། འདམ་གཞུང་རྫོང་གི་མང་ཚོགས་སངས་ཆེ་གེ་མོས་“གཅེས་སུ་འོས་པའི་འདམ་གཞུང་སྤྱི་བདེ་ལ་ཐུགས་རྗེ་ཆེ་ཞུ། ངའི་ནོར་གནག་འཚོལ་རོགས་བྱས་ནས་རྙེད་བྱུང་།”ཞེས་བྲིས་པའི་བོད་ཡིག་གི་དར་ཆ་ཞིག་འདམ་གཞུང་རྫོང་སྤྱི་བདེ་ཅུས་ཀྱི་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པའི་ལག་ཏུ་ཕུལ་ནས།  འདམ་གཞུང་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཟླ་ཕྱེད་ཙམ་ལ་ཞིང་ཆེན་གཉིས་བརྒལ་ཏེ། ཁོའི་ནོར་གནག་ཚང་མ་ཕྱིར་རྙེད་པར་ཐུགས་རྗེ་ཆེ་ཞུས་པ་རེད།
དོན་དག་དེ་ནི་འདི་འདྲ་ཞིག་ཡིན་ཏེ།
          ཟླ་7པའི་ཚེས་14ཉིན་གྱི་ཆུ་ཚོད་22ཙམ་ལ། འདམ་གཞུང་རྫོང་གནམ་མཚོ་ཤང་གནམ་མཚོ་གྲོང་ཚོའི་གྲོང་མི་སངས་ཆེ་གེ་མོས་སྤྱི་བདེ་ལས་ཁུངས་ལ་ཁོ་རང་གི་ཁྱིམ་གྱི་ནོར་གནག་18བོར་སོང་བས། སྤྱི་བདེ་ལས་ཁུངས་ཀྱིས་དོན་དག་དེར་བརྟག་དཔྱད་བྱ་རྒྱུའི་རེ་བ་ཞུས། 
ཉེན་བརྡ་འབྱོར་མ་ཐག་འདམ་གཞུང་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་དཔང་ལེན་བྱས་པ་དང་། དོན་རྐྱེན་བྱུང་སར་རྩད་ཞིབ་བརྟག་དཔྱད་བྱས་ནས་བདེན་དཔང་འབོར་ཆེན་བཙལ་ནས་ཡུལ་ཕྱོགས་གཅིག་པའི་ཚེ་ཆེ་གེ་མོར་དོགས་པ་ཆེན་པོ་ཡོད་པར་གཏན་འཁེལ་བྱས་པར་མ་ཟད། ཟླ་7པའི་ཚེས་15ཉིན། འདམ་གཞུང་རྫོང་གནམ་མཚོ་ཤང་གནམ་མཚོ་གྲོང་ཚོར་དོགས་ཡོད་ཉེས་ཅན་ཚེ་ཆེ་གེ་མོ་འཛིན་བཟུང་བྱས། 
          བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་7པའི་ཚེས་14ཉིན། ཚེ་ཆེ་གེ་མོས་སངས་ཆེ་གེ་མོའི་ནོར་གནག་18དེ་སྒོར་ཁྲི་13བྱས་ནས་མི་གཞན་ཞིག་ལ་བཙོངས་པ་དང་། སྒོར་མོ་དེས་རང་གི་དངུལ་བུན་འཇལ་བ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་ནོར་ཉོ་མཁན་དང་འབྲེལ་གཏུག་བྱས་ནས་བརྐུས་རྫས་ཀྱི་གནས་ཚུལ་དྲིས་པ་ན། ཁོས་མི་དམངས་ཉེན་རྟོག་པར་འབྲི་གཡག་18དེ་སླར་ཡང་མི་གཞན་པ་ཞིག་ལ་བཙོངས་པ་ཡིན་ཞེས་བཤད།
          ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ནོར་ཉོ་མཁན་སྔ་མ་དེས་མཁོ་འདོན་བྱས་པའི་ཁུངས་སྣེ་དེར་གཞིགས་ནས་ཟླ་ཕྱེད་རིང་རྩད་གཅོད་བྱས་ཤིང་།  མཚོ་སྔོན་གྱི་ཉེན་རྟོག་པའི་རོགས་རམ་འོག་ནོར་གནག་18ཚང་མ་ཕྱིར་བླངས་ནས་བདག་པོར་སྤྲད། 
མིག་སྔར་དོགས་ཡོད་ཉེས་ཅན་ཚེ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་ལ། གྱོད་གཞི་མུ་མཐུད་ནས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།