དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་ཁྲེང་ཀོན་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཅའོ་ཙིའི་གསོལ་སྟོན་སྐབས་དང་པོ་སྤེལ་བ།

སྤེལ་དུས 2020-09-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
       ཟླ་9ཚེས་22ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་བསྐྲུན། །”ཞེས་པའི་མི་རིགས་མཐུན་སྒྲིལ་གྱི་ཅའོ་ཙིའི་གསོལ་སྟོན་བྱེད་སྒོ་སྐབས་དང་པོ་ཀྲི་ཀྲའོ་ཐོན་ལས་གླིང་དུ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཁྲེང་ཀོན་ཆུས་ཀྱི་མི་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུན་རོགས་རེས། ཁྱིམ་ཚང་གཅིག་ལྟར་གཅེས་པའི་མཛའ་བརྩེ་བཅས་སྔར་ལས་ཇེ་ཟབ་ཇེ་ལེགས་སུ་གཏོང་བའི་ཆེད་ཡིན་ལ། ཐུན་མོང་ཐོག་བོད་རང་སྐྱོང་ལྗོངས་ཀྱི་“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཟླ་བ”ཐེངས་སུམ་ཅུ་པ་ལ་རྟེན་འབྲེལ་ཞུས་པ་རེད། 



       བྱེད་སྒོའི་ཡུལ་དངོས་སུ་ཁྲེང་ཀོན་ཆུས་སྲང་ལམ་གྱི་སྡེ་ཁུལ་ཁག་གིས་བྲོ་བ་སྣ་ཚོགས་ལྡན་པའི་ཅའོ་ཙེ་མང་པོ་བཟོས་ནས་“མི་རིགས་མཐུན་སྒྲིལ་གྱི་ཅའོ་ཙིའི་གསོལ་སྟོན”གྱི་འགྲན་བསྡུར་ལ་ཞུགས་ཤིང་།   དཔྱད་འདེམས་པས་ཅོ་ཙི་སྣ་རེ་རེའི་དབྱིབས་དང་རྣམ་པ་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་ཡུལ་དངོས་སུ་སྐར་མ་བརྒྱབ་པ་རེད། དེའི་ཁྲོད་བར་སྐོར་གྱི་རབ་གསལ་སྡེ་ཁུལ་གྱི་འགྲན་ཞུགས་བརྩམས་ཆོས་ནི་ཅའོ་ཙེ་56གིས་གནམ་བདེ་སྒོ་མོ་ཆེའི་མཐའ་བསྐོར་བའི་རྣམ་པ་ཡིན་ལ།  དེའི་མིང་ལ་“དྲོད་ཁོལ་ལྡན་པའི་མི་རིགས་མཐུན་སྒྲིལ”ཞེས་ཟེར་ཞིང་། མཐའ་མར་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

       གསར་འགོད་པས་ཤེས་རྟོགས་བྱུང་བར། འགྲན་ཞུགས་རུ་ཁག་སོ་སོས་ཞིབ་ཚགས་ངང་གྲ་སྒྲིག་བྱས་པའི་ཅའོ་ཙིའི་གསོལ་སྟོན་བརྩམས་ཆོས་ལ་གསར་གཏོད་ཆེན་པོ་ལྡན་ལ།  ནང་དོན་ཟབ་ཅིང་ཕྱི་ཚུལ་གསོན་ཉམས་ལྡན་པས།   མི་རིགས་མཐུན་སྒྲིལ་དང་དབུལ་སྒྲོལ་འགག་སྒྲོལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་སོགས་དུས་རབས་དང་མཐུན་པའི་བརྗོད་བྱ་གཙོ་བོ་དག་གང་ལེགས་སྒོས་མཚོན་ཡོད་སྟབས། མི་རིགས་ཁག་གི་མང་ཚོགས་ཀྱི་དང་ལེན་དང་བསྔགས་བརྗོད་ཐོབ་པ་རེད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་པའི་བར་ཐག་སྔར་ལས་ཇེ་ཉེ་རུ་ཕྱིན་པ་དང་། མི་རིགས་མཐུན་སྒྲིལ་སློབ་གསོའི་གཞི་རྟེན་གསར་པ་ཞིག་བཏོད་ཅིང་། མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་འགྲོ་འོང་དང་། བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད། “ད་ཐེངས་ཀྱི་བྱེད་སྒོར་ང་ཚོའི་སྡེ་ཁུལ་གྱི་འགྲན་ཞུགས་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ་པས། སེམས་པ་ཧ་ཅང་དགའ་པོ་བྱུང་། ང་ཚོའི་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གལ་ཆེན་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་བྱེ་བྲག་གི་ལས་དོན་གྱི་འགོ་འཛུགས་ས་དང་མཐར་ཐུག་གི་དོན་ལ་བབས་སར་བརྩིས་ནས། ང་ཚོའི་སྡེ་ཁུལ་གྱི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱས་པ་ཡིན།”ཞེས་བར་སྐོར་གྱི་རབ་གསལ་སྡེ་ཁུལ་གྱི་ལས་དོན་མི་སྣ་ཁཱང་ཅུན་ཡོན་གྱིས་དེ་ལྟར་བཤད།

       དཔྱད་འདེམས་མཇུག་འགྲིལ་རྗེས། མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་རྣམས་མཉམ་དུ་འདུས་ནས་ཅའོ་ཙེ་བཟོ་བ་དང་། ལབ་གླེང་སྣ་ཚོགས་བྱེད་པ། ཅའོ་ཙིའི་བྲོ་བ་མྱོང་བ་སོགས་བྱས་པས། རྣམ་པ་འཁྲུག་ཆ་དོད་པོ་ཡོད། མི་ཚང་མས《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་པ་དང་བསྟུན་ནས་བྱེད་སྒོ་དེའང་མཐོ་རླབས་སུ་ཕྱིན། 
       “ད་ཐེངས་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་གསོལ་སྟོན་བསྡུས་ནས། མི་རིགས་ཁག་གིས་མཉམ་ལས་དང་མཉམ་སྡོད། ཕན་ཚུན་བློ་སེམས་མཐུན་ཞིང་། ཟ་ན་མཉམ་བཟའ་དང་སྐྱིད་ན་མཉམ་སྐྱིད་བྱས་པ་ཡིན།  རྣམ་པ་འདི་དག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས། ཧུར་བརྩོན་སྒོས་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་གཏོད་རྒྱུའི་རེ་བ་ཡོད།”ཅེས་ཁྲེང་ཀོན་ཆུས་དྲིལ་སྒྲོག་པུའུ་ཡི་ལས་བྱེད་མི་སྣ་ཝང་ཅིའུ་ལེང་གིས་དེ་ལྟར་བརྗོད་པ་རེད།