དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕོ་བྲང་པོ་ཏ་ལར་རིན་མི་དགོས་པར་སྒོ་འབྱེད་ཉེར་ཡོད་འདུག

སྤེལ་དུས 2020-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
གུས་པར་འོས་པའི་ཡུལ་སྐོར་པ་དག་གི་སྙན་ལམ་དུ།
        《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས<ཏོག་གསར་གློ་ཚད་ལ་གདོང་གཏད་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་འགའ>པར་འགྲེམས་བྱས་པའི་བརྡ་ཐོ》(བོད་ཏང་གཞུང་ལས་ཁང)2020)ཡིག་ཆ་ཨང2པ། (གཞིར་བཟུང་ནས། “ཡུལ་སྐོར་ཁེ་ལས་ཀྱིས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་རྣམ་གྲངས་གསར་པ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ‘དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི’འབྲེལ་ཡོད་ཁ་གསབ་སྲིད་ཇུས་ཀྱི་དུས་ཡུན་འོས་འཚམ་གྱིས་ཇེ་རིང་དུ་གཏོང་བ་ལག་བསྟར་བྱེད་པའི”ཞིབ་ཕྲའི་བླང་བྱ་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་ལྡན་ཅན་དུ་གྱུར་པས། ཕོ་བྲང་པོ་ཏ་ལའི་ཡུལ་སྐོར་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཞིབ་འཇུག་བྱས་མཐར། 2020ལོའི་ཟླ10པའི་ཚེས15ཉིན་ནས2020ལོའི་ཟླ12པའི་ཚེས31ཉིན་བར། རེས་སྐོར་གསུམ་པའི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི” བྱེད་སྒོའི་སྲིད་ཇུས་མུ་མཐུད་དུ་སྤེལ་རྒྱུ་གཏན་འཁེལ་བྱས་པ་རེད། 
       དེའི་རིང་ཕོ་བྲང་པོ་ཏ་ལར་རིན་མི་དགོས་པར་སྔོན་མངགས་བྱེད་པ་དང་རིན་མེད་ལྟ་སྐོར་བྱེད་པ། མི་ཚོགས་ཉུང་དུས་ཡུལ་སྐོར་བྱེད་པ།  ལྟད་མོ་བའི་ཁ་གྲངས་ཚོད་འཛིན་བྱེད་པ།  དུས་ཆད་བྱེད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན།
       སྤ་སེ་མངགས་ཉོ་བྱེད་སྟངས་གཤམ་གསལ་ལྟར། སྐད་འཕྲིན་སྤྱི་རྟགས་བསྣན་དེ་“ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ལས་སྟེགས”སུ་འཛུལ་ནས“ཕོ་བྲང་པོ་ཏ་ལའི་སྐོར”ཀྱི་ལེ་ཚན་ནང་གི“སྤ་སེ་སྔོན་མངགས”ཞེས་པ་དེ་ནན་ན། ཉིན་སྔོན་མའི་ཞོགས་པའི་ཆུ་ཚོད7པར་དུས་ཐོག་ཏུ་ཕྱི་ཉིན་ལྟ་སྐོར་བྱེད་པའི་གློག་རྡུལ་སྔོན་མངགས་འཛིན་ཤོག་བླངས་ཆོག  ཉིན་རེར་ལྟ་སྐོར་ལ་ཡོང་བའི་མི་གྲངས4000རུ་(དེའི་ནང་དུ་གནས་མཇལ་མི་གྲངས་ཚུད་ཡོད)ཚོད་འཛིན་བྱ་རྒྱུ་ཡིན།
ཞེས་ཆེད་དུ་བརྡ་ཁྱབ་འདི་བཏང་བ་ཡིན། 
        ཤ་ཚའི་དྲན་སྐུལ། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་དྲ་ཚིགས་གང་རུང་དང་ཕྱོགས་གསུམ་པའི་ལས་སྟེགས་སོགས་ལ་ཕོ་བྲང་པོ་ཏ་ལའི་སྤ་སེ་སྔོན་མངགས་བྱ་རྒྱུའི་དབང་ཆ་སྤྲད་མེད། སྐད་འཕྲིན་ཐོག་སྔོན་མངགས་བྱེད་པ་ནི་ཕོ་བྲང་པོ་ཏ་ལར་ལྟ་སྐོར་དུ་འགྲོ་བའི་ཐབས་ལམ་ཉག་ཅིག་ཡིན་པས། མི་གཞན་གྱིས་འཇམ་ཁྲིད་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་བ་དང་མི་གཞན་པའི་གཡོ་འོག་ཏུ་ཚུད་རྒྱུར་དོགས་ཟོན་བྱེད་རོགས།

                                                                     

 ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས།
སྤྱི་ལོ་2020ལོའི་ཟླ་10པའི་ཚེས་13ཉིན།