དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་པ།

སྤེལ་དུས 2020-10-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
       ཉེ་ཆར་ཉིན་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་སྒོས་སློབ་སྦྱོང་བྱས་པ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ལྗོངས་མི་དམངས་ལ་ཐུགས་ཁུར་གནང་བ་དངོས་སུ་ཚོར་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་“ངེས་པར་དུ་བྱ་དགོས་པ་བཅུ”དང་། “དགོས་པ་དྲུག”“འགན་ལེན་བཞི”བཅས་ནན་གྱི་གསུངས་པ་དེས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་སྙིང་བཅུད་མངོན་པར་མཚོན་ཡོད་ལ། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་བསྟན་ཡོད། 
       སློབ་སྦྱོང་བྱེད་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་མཛད་པབའི་“བོད་ལྗོངས་ཀྱི་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་ཀྱི་འཕེལ་ཕྱོགས་དང་མ་འོངས་པ་མཐོང་ཐུབ་པར་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་གཅིག་མཐུན་འདུས་གྲུབ་ཞིག་ཅིག་ཡིན་པར་ངོས་ཟིན་ཟབ་མོ་ཡོད་དགོས་ལ། མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།”ཞེས་གསུངས་པར་དོ་སྣང་བྱུང་། འདི་ནི་ང་ཚོའི་བོད་རིག་པའི་ལས་དོན་པར་དམིགས་བསལ་གྱི་བླང་བྱ་བཏོན་པ་དང་སྐུལ་ལྕག་གནང་བ་ཞིག་ཡིན་ལ། ང་ཚོས་སླད་ཕྱིན་ཞིབ་འཇུག་ལས་དོན་ཁྲོད་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་དགོས། 
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་པའི་ཐུན་མོང་ཚོགས་པགཅིག་མཐུན་འདུས་གྲུབ་ནི་ང་ཚོའི་བོད་རིག་པ་ཞིབ་འཇུག་གི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་གཅིག་མཐུན་འདུས་གྲུབ་ཞིག་ཅིག་ཡིན་པའི་ངོས་འཛིན་གཏིང་ཟབ་མོ་བྱུང་ཚེ་གཞི་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་ཐུབ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་གཅིག་མཐུན་འདུས་གྲུབ་ཅིགཞིག་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་དུས་ཡུན་ཐུང་ཐུང་གི་བྱ་བ་ཞིག་མ་ཡིན་པར་ཞིབ་ཕྲའི་ལས་དོན་འབོར་ཆེན་དོན་འཁྱོལ་བྱེད་དགོས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“བོད་ལྗོངས་ཀྱི་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་ཀྱི་འཕེལ་ཕྱོགས་དང་མ་འོངས་པ་མཐོང་རྒྱུར་ཁྲིད་སྟོན་བྱེད་དགོས།”ཞེས་གསུངས་པ་བཞིན། འདི་ནི་ང་ཚོའི་ད་ལྟའི་ལས་དོན་གལ་ཆེན་ཞིག་རེད། 
       གནའ་སྔ་མོ་ནས་བཟུང་བོད་ལྗོངས་ཀྱི་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་བའི་ལོ་རྒྱུས་ཀྱི་དོན་དངོས་བརྗོད་ཀྱིས་མི་ལང་བ་ཞིག་ཡོད། ཚང་མས་ཤེས་གསལ་ལྟར་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པའི་གཏམ་རྒྱུད་སྙན་མོ་དང་། ས་སྐྱ་པཎྜི་ཏ་དང་གོ་དན་གཉིས་ཀྱིས་ལང་གྲུ་རུ་གྲོས་མོལ་བྱས་པའི་སྤྱི་ཡོངས་ཀྱི་རྣམ་པ།  ཇ་རྟའི་ཚོང་ལམ་སྟེང་གི་མི་རིགས་ཀྱི་འགྲོ་འོང་། ཉེ་རབས་ཀྱི་པཎ་ཆེན་སྐུ་ཕྲེང་དགུ་པ་དང་། རྭ་སྒྲེང་རིན་པོ་ཆེ། ངག་དབང་རྒྱ་མཚོ་བཅས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཐད་ལ་བཞག་པའི་མཛད་པ་དང་དེར་བཅངས་པའི་བརྩེ་བ་བཅས་ཚང་མ་ནི་ཧ་ཅང་ཀློག་རིན་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་རེད། འདི་དག་ཚང་མ་ལེགས་སྒྲིག་དང་དྲིལ་བསྒྲགས་བྱེད་དགོས། 
       ཉེ་རབས་ནས་བཟུང་། སྔར་བྱུང་མྱོང་མེད་པའི་རྒྱལ་ཁབ་འཇིག་ཉེན་ལ་ཐུག་པ་དང་། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་འདི་རུ། ཕྱི་རྒྱལ་གྱི་བརྙས་བཅོས་མཉམ་འགོག་དང་རྒྱལ་ཁབ་ཀྱི་དཀའ་ཉེན་མཉམ་སེལ་བྱས་ལ། དཔའ་ངར་ཆེར་སྐྱེད་ཀྱིས་ཐུན་མོང་ཐོག་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་དཀའ་སྡུག་ཚད་མེད་གདོང་ལེན་བྱས་པའི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་བསྐྲུན་པ་དང་། སྐྱིད་སྡུག་མཉམ་མྱོང་གི་ལས་དབང་ཐུན་མོང་ཚོགས་པ་ཞིགགཅིག་མཐུན་འདུས་གྲུབ་ཅིག་ཏུ་གྱུར་ཅིང་། དེ་ནི་དར་རྒྱས་དང་ངོ་ཚ། གཟི་བརྗིད་དང་སྡུག་བསྔལ་མཉམ་དུ་གནས་པའི་ལོ་རྒྱུས་ཤིག་རེད། 1888ལོ་དང་1904ལོར་བོད་ལྗོངས་ཀྱི་མི་རིགས་ཁག་གི་དམག་དམངས་ཀྱིས་མཉམ་དུ་དབྱིན་ཇིའི་བཙན་འཛུལ་པར་འགོག་རྒོལ་བྱས་པའི་གཏམ་རྒྱུད་ད་དུང་ཀུན་གྱིས་གླེང་ཞིང་།བསྟོད་གླུར་ལེན་པ་དང་།ལྷག་པར་དུ་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ཁྲོད་དང་། མི་རིགས་ཆགས་འཇིག་དང་རྒྱལ་ཁབ་དཀའ་ཉེན་ལ་འཕྲད་པའི་སྐབས་སུ་། བོད་ལྗོངས་མི་དམངས་ནི་རྗེས་སུ་ལུས་མི་འདོད་པར། ཁོ་ཚོའི་ལ་ལས་མཉམ་དུ་ཆོས་འདོན་པ་དང་། བཏོན་ནས་འཇརའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་སྨོན་ལམ་འདེབས་ལབཏབ་ཅིང་། འཇརའ་ཇག་ལ་དམོད་མོ་བྱེད་པ་རེདབྱས། ཡང་ལ་ལ་ས་རང་སྲོག་བློས་གཏོང་གིས་གཡུལ་སར་བསྐྱོད་དེ་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་དམར་འཛིང་བྱེད་ལ། ལ་ལས་གང་སར་ཞལ་འདེབས་སློང་བ་དང་བསྡུས་ནས། རྒྱུ་ནོར་ལ་བརྟེན་ནས་རྒྱལ་ཁབ་སྲུང་བ་རེད། ཁོ་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྐྱོ་ཤས་ཆེ་བའི་མཉམ་དུ་གཏམ་རྒྱུད་མང་པོ་ཞིག་བསྐྲུན་པས།་དང་། དེ་ནི་དཀའ་སྡུག་གི་སྐྱོ་གར་ཞིག་ཡིན་པ་མ་ཟད། བསྟོད་སྔགས་དང་མིག་ཆུས་ཁེངས་པའི་སྙིང་སྟོབས་ཤིག་ཀྱང་ཡིན་པས། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཞིགགཅིག་མཐུན་འདུས་གྲུབ་ཅིག་ཡིན་པའི་དོན་དངོས་སྔར་ལས་ལྷག་པའི་སྒོ་ནས་ར་སྤྲོད་བྱུང་བ་རེད།
       བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། ང་ཕོད་ངག་དབང་འཇིགས་མེད། ཤེས་རབ་རྒྱ་མཚོ། ཁུང་ཧྥན་སེན་སོགས་ཀྱི་མཛད་རྗེས་ནི་བོད་ལྗོངས་སུ་ཀུན་ལ་ཆ་རྒྱུས་ཡོད་པ་ཞིག་རེད། ལོ་རྒྱུས་ཀྱི་དོན་དངོས་ལས་བོད་ལྗོངས་ཀྱི་མི་རིགས་ཁག་དབར་གྱི་འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་ནི་ཇོ་མོ་གླང་མའི་རི་རྩེར་ལོ་འཁོར་མོར་ཞུ་མི་ཐུབ་པའི་གངས་འཁྱགས་ལྟར་དཀར་གཙང་ཞུམ་པ་མེད་ཅིང་། ཡར་ཀླུང་གཙང་པོའི་ཆུ་དང་འདྲ་བར་རྒྱུན་ཐག་རིང་། 
       ཉེ་བའི་ལོ་ཤས་རིང་། ངས་ཉེ་རབས་ལོ་རྒྱུས་སུ་བོད་རིགས་མི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་ཕུལ་བར་དོ་སྣང་བྱུང་། ཁོ་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་ཆེད་ལེགས་སྐྱེས་དམིགས་བསལ་ཅན་ཕུལ་འདུག་པར་དོ་སྣང་བྱུང་བས་རྩོམ་ཐུང་ཁ་ཤས་བྲིས་པ་ཡིན། མི་སྣ་འདི་དག་དང་བྱ་བ་འདི་དག་དེ་འདྲའི་བཀྲག་མདངས་ལྡན་པ་ཞིག་མིན་ཡང་སྲིད་མོད། འོན་ཀྱང་ངས་བལྟས་ན་དེ་དག་ཚང་མས་ཉེ་རབས་ལོ་རྒྱུས་སྟེང་ཀྲུང་གོའི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མངོན་པར་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཞིགགཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གཞིར་བཟུང་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་དགོས།
       ལོ་རྒྱུས་དེ་དག་གསོན་ཉམས་ལྡན་པའི་གཏམ་རྒྱུད་མང་པོ་སྔོག་འདོན་དང་ལེགས་སྒྲིག་བྱས་པ་བརྒྱུད་དེ་བྲོ་བ་ལྡན་པའི་སྒོ་ནས་བརྗོད་པ་དང་།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ན། མི་རྣམས་ཀྱི་ལོ་རྒྱུས་ལ་བསྐྱར་དུ་གཟིགས་སྐབས་ཚོར་བ་གཞན་ཞིག་སྟེར་ངེས་ལ། ང་ཚོར་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཞིགགཅིག་མཐུན་འདུས་གྲུབ་ཅིག་ཡིན་པར་ངོས་འཛིན་གཏིང་ཟབ་མོ་ཡོང་བར་ཕན་ཐོགས་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་རླབས་ཆེན་གྱི་མེས་རྒྱལ་ལ་དགའ་ཞེན་བྱེད་པ་རེད།