དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སློབ་གསོ་སྟོབས་ཆེན་ལྗོངས་གཏོད་པར་གཡུར་ཟའི་གྲུབ་འབྲས་ཐོབ།

སྤེལ་དུས 2020-10-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       ལེ་ཚན་གཏོད་པའི་གཏམ།
       འོད་སྟོང་འཕྲོ་བའི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ས་མཐོའི་ཕྱོགས་གང་སར་རྣམ་པ་གསར་པ་མངོན། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་ནུས་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོས་པ་དང་། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“འོད་སྟོང་འཕྲོ་བའི་ལོ་ལྔ་ཚན་བཅུ་གསུམ་པ”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ནས་ལོ་ལྔའི་རིང་གི་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་བརྟན་སོགས་བྱ་གཞག་ཁག་གི་གྲུབ་འབྲས་གསར་པ་དྲིལ་བསྒྲགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་འབད་འཐབ་གཏམ་རྒྱུད་སྐོར་གླེང་རྒྱུ་ཡིན་པས་ཚང་མས་དོ་ཁུར་ཡོད་པ་ཞུ།
       སྔ་དྲོའི་ཆུ་ཚོད་དགུ་པ་ལྷག་ཙམ་ལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆི་ལཱ་ལམ་དུ་གནས་པའི་ཇི་ལུའུ་སློབ་ཆུང་གི་ལོ་རིམ་དང་པོའི་སློབ་ཆུང་སློབ་མ་60ལྷག་ཙམ“རིག་ལྡན”སློབ་ཁང་ནང་གྲལ་འགྲིག་པོས་བསྡད་འདུག དེ་རིང་རྒན་ལགས་ཀྱིས“རིག་ལྡན”ནག་པང་སྤྱད་དེ《ཡཱ་ཙེ་ཆུང་ཆུང་དང་དེ་ཕོ་ཆུང་ཆུང》ཞེས་པའི་སློབ་ཚན་ཁྲིད་རྒྱུ་ཡིན་པས། ནག་པང་ལ་ལྟ་སྐབས་ཕྲུ་གུ་ཚོའི་ངོ་གདོང་ལས་སྦྱོང་འདོད་དང་སྤྲོ་སྣང་ཆེན་པོ་མངོན་གྱི་འདུག
       ཇི་ལུའུ་སློབ་ཆུང་གི་སློབ་སྤྱི་ལྷག་ཆུང་གིས་2019ལོར། ཧྲན་ཏུང་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་3700ལྷག་ཙམ་བཏང་ནས་སྐྲུན་རོགས་བྱས་པའི་གཞིས་རྩེ་ཇི་ལུའུ་སློབ་ཆུང་སྤྱོད་འགོ་ཚུགས་པ་དང་། སློབ་གྲྭར་སློབ་མ་900ཙམ་ཞུགས་ཐུབ་པ་དང་། སློབ་གྲྭའི་ལེ་ལག་ཚང་བའི་སྒྲིག་བཀོད་དང་། སློབ་གྲྭའི་ཁོར་ཡུག དགེ་རྒན་གྱི་སྟོབས་ཤུགས་བཅས་ཚང་མ་ཧ་ཅང་ཡག་པོ་ཡོད་ཅེས་བཤད།
       “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་ལྗོངས་ཀྱིས་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་། སློབ་གསོ་སྟོབས་ཆེའི་ཁུལ་ཧུར་ཐག་སྐྲུན་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་པས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བསྟུད་མར་ཐོབ་པ་སྟེ། ལོ་བཞི་བསྟུད་མར་འོས་འགན་སློབ་གསོའི་དུས་མཚམས་ཀྱི“འགན་ལེན་གསུམ”གྱི་ཚད་གཞི་མཐོ་རུ་བཏང་ནས་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3720ཟིན་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་བ་དང་། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ཁྱབ་ཡོད་པ། སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་དང་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། “རྩེ་གྲ་གཉིས”དང་ཆུ་ཚད་མཐོ་བའི་སློབ་ཆེན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཐུབ་པ་ལ་སོགས་རེད།
       མིག་སྔར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་2995ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་84.15ཡོད། 2019ལོར་ལྗོངས་ཡོངས་ཀྱི་སློབ་མ་སློབ་ཆུང་དུ་ཞུགས་ཚད་99.71%ཟིན་པ་དང་། དམའ་འབྲིང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་102.88%ཟིན་པ། མཐོ་འབྲིང་དུ་ན་འདྲེས་སློབ་ཞུགས་བྱེད་ཚད་86.62%ཟིན་པ། མཐོ་རིམ་སློབ་གསོར་ན་འདྲེས་སློབ་མ་སློབ་ཞུགས་བྱེད་ཚད་47.65%ཟིན་པ། སློབ་ཞུགས་གོང་གི་ལོ་གསུམ་གྱི་སློབ་གསོར་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་84.42%ཟིན་ཡོད།
       ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་མས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རོགས་བྱས་པ།
       “ང་ཚོའི་སློབ་གྲྭ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་མེས་རྒྱལ་ནང་སར་ཆེད་མངགས་བོད་ལ་བཙུགས་པའི་མཐོ་རིམ་སློབ་གྲྭ་དང་པོ་དེ་ཡིན། སློབ་གྲྭ་བཙུགས་མ་ཐག དགེ་རྒན་དང་སློབ་མ་ཚོས་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱེད་ཀྱི་ཡོད”ཅེས་ཟླ་9ཚེས་19ཉིན་བོད་ལྗོངས་མི་རིགས་སློབ་ཆེན་ཝེ་ཁྲེང་སློབ་ཁུལ་དུ་སྒོ་ཕྱེ་མ་ཐག་པའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་འགྲེམས་སྟོན་ཁང་ནང་། ན་གཞོན་སློབ་མ་མང་པོ་ཞིག་གིས་ལོ་ན་བགྲེས་པའི་དགེ་རྒན་ཆེ་མོ་བ་ཀུའུ་ཙུའུ་ཁྲེང་དང་དགེ་རྒན་ཆེ་མོ་བ་ཝུའུ་ཧྥུང་ཀྲེན་གྱི་གམ་དུ་སྔར་སོང་གི་གཏམ་རྒྱུད་ཉན་བཞིན་ཡོད།
       “བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱེད་པ་ནི་སློབ་གྲྭ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དེ་ཡིན། འདི་ནས་ངས་བོད་ཀྱི་འབྲེལ་ཡོད་ཤེས་བྱར་རྒྱུས་མངའ་ཏོག་ཙམ་ཐུབ་པས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་ངོས་འཛིན་སྔར་བས་གཏིང་ཟབ་བྱུང”ཞེས་འགྲེམས་སྟོན་ཁང་ནས་དོན་ཡོང་བའི་བོད་ལྗོངས་མི་རིགས་སློབ་ཆེན་སློབ་གསོ་སློབ་གླིང་གི་2018ལོའི་སློབ་ཆུང་གི་སློབ་གསོའི་ཆེད་ལས་སློབ་མ་ལི་ནན་གྱིས་བཤད།
       སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་གསོའི་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱས་པ་ཞིག་རེད། དེ་ནི“བསམ་བློ་ཆབ་སྲིད་སློབ་གསོ་ཆེན་པོའི”ལས་དོན་མ་ལག་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང“ཕྱོགས་བཞིར”ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས། “མི་སྣ་གང་ཞིག་གསོ་སྐྱོང་དང་། ཇི་ལྟར་གསོ་སྐྱོང་། སུའི་ཆེད་དུ་གསོ་སྐྱོང”བཅས་ཀྱི་རྩ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་མུ་མཐུད་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ངང་ཏང་དང་རྒྱལ་ཁབ་ལ་གཅེས་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་པའི་བསྡུས་རིས་ཙམ་རེད།
       “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་ལྗོངས་ཀྱིས“བླ་སྲོག་གཏོད་པའི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་སློབ་གསོ་རྒྱུན་སྲིང་ལྷོད་མེད་ངང་སྤེལ་བ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་། བོད་གསར་རྙིང་བསྡུར་བའི་སློབ་གསོ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། སློབ་མས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རོགས་བྱས་པ་རེད།
       མི་དམངས་ཀྱིས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་ནས་ས་མཐོའི་བུ་ཕྲུག་དེ་བས་མང་བ་རི་གྲོང་ནས་ཐོན་པ།
       2020ལོར་བོད་ལྗོངས་མི་རིགས་སློབ་ཆེན་དཔེ་མཛོད་ཁང་དུ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་སྐལ་བཟང་སྨོན་འཛོམས་ཀྱིས“སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་ནས་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་སྟེ་དགེ་རྒན་བྱེད་རྒྱུ་ནི་ནང་མིའི་རེ་བ་ཡིན་ལ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་ཡང་ཡིན། “ང་རང་བོད་དུ་ལོག་ནས་ཐག་རིང་ལུང་ཁུག་ཏུ་སློབ་ཁྲིད་བྱེད་པར་འགྲོ་གི་ཡིན”ཞེས་ངོ་ཚ་སྨིན་པོས་བཤད།
       “ང་སློབ་ཆུང་འགྲིམ་དུས་ཕ་ཡུལ་དུ་སློབ་གྲྭར་འགྲོ་མ་ཐུབ་པའི་བྱིས་པ་མང་པོ་ཡོད། དུས་ཡུན་ཧ་ཅང་རིང་པོ་ཞིག་རིང་དགེ་རྒན་གྱི་ལས་ཀ་གཙོ་བོ་ནི་ཕྲུ་གུ་སློབ་གྲྭར་སྐོང་རྒྱུ་དེ་ཡིན། ད་ཆ་རང་ལྗོངས་ཀྱི་སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་ཆབས་ཅིག སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཡང་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་མང་ཚོགས་ཀྱི་འདུ་ཤེས་ལའང་འགྱུར་ལྡོག་བྱུང་ནས་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དེ་བས་ཟབ་ཏུ་ཕྱིན་ཡོད། “ན་ནིང་། ང་ཚོའི་གྲོང་ཚོའི་སློབ་ཆུང་དུ་སློབ་ཁྲིད་ཐོག་ཁང་གསར་པ་བསྐྲུན་པ་དང་གྲོང་ཚོའི་ནང་གི་གཅུང་པོ་དང་གཅུང་མོ་ཚོ་སློབ་གྲྭར་བསྐྱོད་སྐབས་སློབ་ཁང་དང་། ཉི་འོད་ཁང་པ། འཁྲུད་ཁང་བཅས་གསར་སྐྲུན་བྱས་ཡོད། དགེ་རྒན་རྣམས་ཀྱིས་སློབ་ཚན་ཁྲིད་སྐབས་ཀྱང་PPTསྤྱོད་ཀྱི་འདུག འདི་ལོའི་ཟླ་གསུམ་པར། ངས་ད་དུང་གཅུང་མོ་དང་མཉམ་དུ་ཁྱིམ་དུ་དྲ་ཐོག་སློབ་ཚན་ཉན་ནས་བསྡད་པ་ཡིན”ཞེས་བཤད།
       སྐལ་བཟང་སྨོན་འཛོམས་ཀྱིས་ཏང་གི་སློབ་གསོའི་སྲིད་ཇུས་སྔར་བས་ལེགས་སུ་ཕྱིན་ནས་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ཚོས་རྒྱལ་ཡོངས་ཀྱི་སྔོན་ལ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ད་ཆ་ཁོང་གི་གཅུང་མོ་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་གཅུང་པོ་ལྷ་ས་སློབ་འབྲིང་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་བཤད།
       སྔོན་ཆད“སློབ་གྲྭ་འགྲོ་ས་ཡོད་པའི”སློབ་གསོའི་དམིགས་ཚད་ནས། ད་ཆ“སློབ་གྲྭ་ཡག་པོ་འགྲིམ་རྒྱུའི”སློབ་གསོའི་དགོས་མཁོ་བར། སྐལ་བཟང་སྨོན་འཛོམས་མི་རབས་གསུམ་གྱིས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག བོད་རིགས་ཕྲུ་གུ་དེ་བས་མང་བ་ཞིག་རི་གྲོང་ནས་ཐོན་ཏེ་ཤེས་བྱར་བརྟེན་ནས་མི་སྒེར་དང་ཐ་ན་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་བཏང་དང་གཏོང་མུས་ཡིན་པ་མིག་མཐོང་ལག་ཟིན་བྱུང་ཡོད།
       ད་ཆ་ལྗོངས་ཡོངས་སུ་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་སློབ་གསོ། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཀྱི་མི་རིགས་སློབ་གསོའི་མ་ལག་ཅིག་ཆགས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།
སློབ་གསོ་དར་བའི་འབྱུང་ཁུངས་དང་ཀྲུང་ཧྭ་མི་རིགས་ཀྱི“ཕུགས་འདུན་མངོན་འགྱུར་བ”གསོ་སྐྱོང་བྱེད་མཁན།
       “ད་ཆའི་སློབ་མ་ནི་འབྱུང་འགྱུར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གཙོ་ཤུགས་དམག་ཅིག་ཡིན་པ་དང་། རྒྱ་ཆེའི་དགེ་རྒན་ནི་ཀྲུང་ཧྭ་མི་རིགས་ཀྱི‘ཕུགས་འདུན་མངོན་འགྱུར་པ’གསོ་སྐྱོང་བྱེད་མཁན་ཡིན”དགེ་རྒན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀུར་སྟི་ཆེན་པོ་གནང་བ་མ་ཟད། ཐུགས་རེ་ཟབ་མོ་འཆང་གི་ཡོད།
       “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་འདུ་འགོད་གལ་ཆེ་ཤོས་ཤིག་ཏུ་བརྩིས་ཡོད། སྒྱུར་བཅོས་གཙོ་རྐང་དུ་འཛིན་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དགེ་རྒན་ཆེད་དུ་ཐབས་ཤེས་འདོན་པ་དང་། བྱ་བ་དངོས་སྒྲུབ་པ། བྱ་བཟང་སྒྲུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། གྲངས་འབོར་སྤྱིར་ན་དགོས་མཁོ་སྐོང་བ། གྲུབ་ཆའི་ཆུ་ཚད་སྤྱིར་ན་རང་ལྗོངས་ཀྱི་སློབ་གསོ་གོང་འཕེལ་གཏོང་རྒྱུ་དང་འཚམ་པའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་ཉིན་རེ་བཞིན་ཆགས་པ་བྱས་ཡོད།
       བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ལས་གནས་ཐོག་ཡོད་པའི་དགེ་རྒན་དང་ལས་བཟོ་56513ཡོད་པ་དེ་1965ལོ་དང་བསྡུར་ན་མི་ཁྲི་5ལྷག་ཙམ་མང་དུ་ཕྱིན་པ་དང་། ཆེད་བསྐོས་དགེ་རྒན་51903ཡོད་པ་དང་། གཞོན་དར་དགེ་རྒན་གཙོ་རྐང་དུ་གྱུར་པ་དང་སློབ་རྒྱུས་མཐོ་བའི་དགེ་རྒན་གྱི་བསྡུར་ཚད་མང་དུ་ཕྱིན་ཡོད། སློབ་ཞུགས་གོང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་རིམ་སློབ་གྲྭ་བཅས་ཀྱི་དགེ་རྒན་གྱི་སློབ་རྒྱུས་ཚད་གཞི་ལོན་ཚད་99.62%དང་། 99.94% 99.91% 98.68% 96.41% 99.69%ཡན་བཅས་སོ་སོར་ཟིན་ཡོད།
       “ད་ཆ་གསོ་སྦྱོང་གི་གོ་སྐབས་དེ་བས་མང་དུ་འགྲོ་བ་དང་སྲིད་ཇུས་ཀྱང་དེ་བས་ཡག་ཏུ་འགྲོ་གི་ཡོད་ལ་ང་ཚོའི་ངར་ཤུགས་ཀྱང་དེ་བས་ཆེ་རུ་འགྲོ་གི་འདུག”ཅེས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་དགེ་རྒན་ལིའུ་ནཱ་ཡིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པས་དགེ་རྒན་ཚོས་ལས་རིགས་འདིར་ཡིད་ཆེས་དང་བདེ་སྣང་ཆེ་རུ་ཕྱིན་ནས། རང་ངོས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་དང་། ཁོང་གིས“འབྱུང་འགྱུར་ང་ཚོའི་སློབ་གསོ་དེ་བས་ཡག་ཏུ་འགྲོ་སྲིད”ཅེས་བཤད།
       “སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོར་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ང་ཡི་ཀྲུང་ཧྭ་ལ་གཅེས་པའི་ས་བོན་དེ་གཞོན་ནུ་ལོ་ཆུང་མི་རེ་ངོ་རེའི་སེམས་གཏིང་དུ་འདེབས་དགོས”ཞེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་རེད།
       རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཏང་གི་འགོ་ཁྲིད་རྒྱུ་སློབ་གསོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བསླབ་གཞི་དང་། སློབ་ཁྲིད། སེམས་ཁམས། དྲ་རྒྱ་བཅས་སུ་ཁྱབ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་དམ་འཛིན་ཧུར་ཐག་བྱས་ཏེ། བཟང་པོ་ལྔ་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།