དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཛེས་སྡུག་ལྡན་པའི་བུད་མེད། གུས་པར་འོས་པའི་མིག་དཔེ།

སྤེལ་དུས 2020-10-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཉིན་ཤས་གོང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུའུ་ཐིང་(朱婷)སོགས་ཕུལ་བྱུང་བུད་མེད་བཅུ་ལ་སྤྱི་ལོ་2019ལོའི་གསུམ་བརྒྱད་དར་དམར་བའི་དཔེ་དམག་གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་གཏན་འབེབས་བྱས་ཡོད་པ་རེད།
          གཟི་བརྗིད་མཚན་སྙན་ཐོབ་མཁན་ནི་གཤམ་གསལ་གྱི་ཁོང་རྣམ་པ་རེད།

          ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་སྟེ་༼འཛམ་གླིང་གི་གཙོ་རྒོལ་ཨང་དང་པོ་༽ཞེས་གྲགས་པའི་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་ལུས་རྩལ་པ་དང་རུ་དཔོན་ཀྲུའུ་ཐིང་དང་།
          བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་ལ་བརྩོན་ཞིང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་དང་། རྒྱལ་སྲུང་འཕྲིན་གཏོང་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་པའི་དབུ་བཞུགས་རིགས་གཅིག་མཁས་པ། དམག་དོན་ཚན་རིག་ཁང་ཞིབ་འཇུག་ཁང་ག་གེ་མོའི་ཞིབ་འཇུག་པ་ཧོ་ཡོན་ཀྲེད།
          བློ་བརྟན་འགྱུར་མེད་དང་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་སྲུང་སྐྱོང་བྱེད་མཁན་གངས་ལྗོངས་ཀྱི་༼མེ་ཏོག་གཅེན་གཅུང་༽སྟེ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཞིང་པ་སྒྲོལ་དཀར་དང་གཡང་འཛོམས།
          དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་ལོ་ངོ་30ལྷག་ཙམ་གྱི་རིང་བཟའ་ཟླ་དང་མཉམ་དུ་གླིང་ཕྲན་སྲུང་སྐྱོང་བྱེད་མཁན་ཅང་སུའུ་ཞིང་ཆེན་ལན་ཡུན་སྒང་གྲོང་ཁྱེར་ཀོན་ཡུན་རྫོང་ཁའེ་ཧྲན་གླིང་ཕྲན་གྱི་ཡུལ་དམག་སོ་ལྟ་ཁང་གི་མཚན་འཛིན་འགོ་འཛིན་ཝང་ཧྲི་ཧྭ།
          རྒྱལ་ཁབ་རིམ་པའི་དབུལ་ཕོངས་གྲོང་ཚོར་སྣེ་ཁྲིད་ནས་དབུལ་གྲོལ་བྱེད་མཁན་དང་། ས་གནས་ཀྱི་མཛེས་ལྗོངས་དེ་ཐོན་ལས་ཆེན་པོར་བསྒྱུར་མཁན། ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་དམངས་སྲིད་ཅུད་ཀྱི་འགོ་འཛིན་སྐུ་གཞོན། རའོ་ཧོ་རྫོང་ཞའོ་ནན་ཧོ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་དཔོན་ལེང་ཅུད་ཀྲེན།
          མཚོ་དོན་ཉེན་ཟོན་ལྟ་སྐུལ་དོ་དམ་གྱི་འཐབ་ས་དང་པོར་ལོ་བཅོ་བརྒྱད་བརྟན་སྲུང་བྱས་ནས། མཚོ་དོན་ཁྱབ་ཁོངས་ཀྱི་༼བུད་མེད་ཧྥུ་འར་མོ་སི་༽ཞེས་གྲགས་པའི་མཚོ་ཐོག་གི་བདེ་འཇགས་སྲུང་སྐྱོང་བྱེད་མཁན་ཕུའུ་ཏུང་མཚོ་དོན་ཅུད་ཉེན་ཟོན་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཝེ།
          ལོ་ངོ་40ལྷག་ཙམ་གྱི་རིང་མང་ཚོགས་དང་བློ་སེམས་མཉམ་གནས་དང་བློ་དཀར་སེམས་དཀར་གྱིས་ཞབས་འདེགས་ཞུ་མཁན། ཧྲན་ཤིའི་ཞིང་ཆེན་ཤིན་ཀྲོའུ་གྲོང་ཁྱེར་ཏའེ་རྫོང་གཡུས་ཁོའུ་ཤང་ཏོན་ཅ་དབན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཀུད་ཀྲེན།
          ལོ་ངོ་40རིང་རི་གྲོང་གི་ཁྲིད་སྟེགས་བརྟན་སྲུང་བྱས་ཤིང་། ཕྲུ་གུ་ཚོས༼ཨ་ཅག་ཀྲེ་ལགས་༽ཞེས་པ་ནས་༼རྨོ་བོ་ཀྲེ་ལགས་༽ཞེས་འབོད་པའི་ཅང་ཤིའི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཧྥེང་ཤིན་རྫོང་ཙའོ་ཤག་གྲོང་རྡལ་སྦལ་དབྱང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ཀྲེ་གཡོད་དབྱིང་།
          མྱུར་བགྲོད་ལྕགས་ལམ་སྒྲིག་ཆས་ལས་རིགས་ཀྱི་ལག་རྩལ་སྣེ་ཁྲིད་པ། རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་བྱ་བཞག་༼རྗེས་སྙེག་༽ནས་༼སྣེ་ཁྲིད་༽དུ་མངོན་འགྱུར་བྱེད་པར་ནུས་ཤུགས་འདོན་མཁན། ཀྲུང་གོའི་ཆིང་ཏའོ་ཕྱོགས་བཞི་འཕྲུལ་འཁོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་སྐུ་གཞོན། སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་ལེའང་ཅན་དབྱིང་།
          རྡོ་རྒྱུ་རིག་དངོས་ཀྱི་ནད་གཞི་བརྟག་དཔྱད་སྟེ་༼ལྟ་ཉན་འདྲི་གཅོད་༽ཀྱི་བརྟག་ཐབས་བཞི་ཐོག་མར་གཏོད་མཁན། འཛམ་གླིང་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བར་བྱས་རྗེས་ཆེན་པོ་འཇོག་མཁན། ཁྲུང་ཆིང་ཏ་ཙུའུ་རྡོ་བརྐོས་ཞིབ་འཇུག་ཁང་རིག་དངོས་སྲུང་སྐྱོབ་ལས་གྲྭ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཧུད་ལི་བཅས་སོ།།
          ཉིན་དེར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སུན་ཀྲེས་མའེ་སོགས་བུད་མེད་སུམ་བརྒྱར་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། པེ་ཅིང་ཏིས་ཐན་སྨན་ཁང་གི་ནད་ལྕི་གསོ་རིག་ཚན་ཁག་སོགས་ལས་ཁུངས་ཁག་200ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་མཉམ་སྡེབ་གཟི་བརྗིད་མཚན་སྙན་སྤྲད་ཡོད་པ་རེད།
          རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་མཉམ་སྡེབ་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། གཟི་བརྗིད་ལ་གཅེས་འཛིན། མུ་མཐུད་འབད་བརྩོན། ༼སྒྲུབ་ཕོད་༽ཀྱི་སྙིང་སྟོབས་དང་། ༼གསར་གཏོད་༽ཀྱི་སྙིང་སྟོབས། ༼ལས་སྒྲུབ་༽སྤྱོད་ཚུལ་བཅས་ནམ་ཡང་མི་ཉམས་པར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉམ་ལེན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
          རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་བུད་མེད་རྣམས་ལ། གཟེངས་བསྟོད་ཐོབ་པའི་མི་སྒེར་དང་མཉམ་སྡེབ་མིག་དཔེར་བཟུང་ནས། ནད་ཡམས་འགོག་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་པོར་གཏོང་བ། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་ཕོད་པ། ལས་གནས་ཐོག་འབད་འཐབ་བྱས་ནས་བྱས་རྗེས་འཇོག་པ། ཡ་རབས་ཀྱི་སྲོལ་གསར་པ་ལག་ལེན་དུ་བསྟར་བ། སྔོན་ཐོན་ལ་སློབ་སྦྱོང་བྱེད་པ། སྔོན་ཐོན་བརྩོན་ལེན་དང་། དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་འབེན་མངོན་འགྱུར་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་གཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལེགས་གྲུབ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་བའི་འབོད་སྐུལ་བྱས་ཡོད།