དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་མོ་ངང་ལག་རིང་པོའི་འགྲམ་གྱི་འབྱོར་འབྲིང་གྲོང་ཚོ།

སྤེལ་དུས 2020-10-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

མཚོ་མོ་ངང་ལག་རིང་པོའི་འགྲམ་གྱི་རུ་ཐོག་གྲོང་ཚོ། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རུ་ཐོག་གྲོང་ཚོའི་གྲོང་མི་ཉི་མ་རྡོ་རྗེ་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པའི་ནང་ལངས་ཏེ། རང་ཁྱིམ་གྱི་བོད་ལུགས་ཉིས་ཐོག་ཅན་དེའི་སྒོ་རར་བལྟས་ཡོད། ཁོ་རང་འདིར་གནས་སྤར་ནས་ལོ་གཅིག་ཙམ་འགོར་ཡོད་མོད། འོན་ཀྱང་ཁོའི་ངོ་གདོང་གི་འཛུམ་མདངས་ད་དུང་ཡལ་མེད།
          2018ལོར་རུ་ཐོག་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་འགོ་ཚུགས་པ་ནས་བཟུང་། ས་གནས་དེ་གས་སྔ་རྗེས་སུ་སྒོར་དུང་ཕྱུར1.03བཏང་ནས་སྡོད་ཁང་དང་། སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་སྤྱད་པ་རེད། མིག་སྔར་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་པ་དང་། སང་ལོའི་དཔྱིད་ཀར་ལྗང་བསྒྱུར་ལས་དོན་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།

མཚོ་མོ་ངང་ལག་རིང་པོའི་འགྲམ་གྱི་སྨར་ཁ་རྩྭ་ར།
          བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་ཟིན་ཞིང་། དེར“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་པ་དང་། སྟོན་ཁ་སླེབས་པ་ནས་བཟུང་། ས་གནས་དེ་གའི་དྲོད་ཚད་དམའ་ཤོས་ཀླད་ཀོར་མན་གྱི་ཏུའུ10ལ་སླེབས་པ་དང་། དེའི་ཁར་རུ་ཐོག་གྲོང་ཚོ་ནི་མཚོ་མོ་ངང་ལག་རིང་པོའི་འགྲམ་དུ་ཆགས་ཡོད་པས། དགུན་དུས་གྲང་ངར་ཆེ་བ་ནི་ས་གནས་འདིའི་མང་ཚོགས་ཀྱི་སྡོད་གནས་ཐད་ཀྱི་དཀའ་ངལ་ཞིག་ཏུ་གྱུར་ཡོད།
          “མང་ཚོགས་ཀྱི་སྡོད་གནས‘གྲང་ངར་ཆེ་བའི’གནད་དོན་ཐག་གཅོད་བྱ་ཆེད། རྣམ་གྲངས་ཀྱི་འཆར་བཀོད་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་རིང་ལ། གྱང་ཉིས་བརྩེགས་ཅན་གྱི་ལག་རྩལ་སྤྱད་པ་དང་། གཞི་ཁྱོན་ཆེན་པོས་འགྱིག་བཙིར་པང་ལེབ་སོགས་ཨར་ལས་རྒྱུ་ཆ་གསར་པ་སྤྱད་པ་རེད།”ཅེས་རུ་ཐོག་རྫོང་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཕུར་བུ་ཚེ་བརྟན་གྱིས་དེ་ལྟར་བཤད་པ་དང་། དེ་དག་ཚང་མ་ནི་མང་ཚོགས་བསྡད་ན་བློ་བདེ་བ་དང་། བསྡད་ན་སེམས་སྐྱིད་པ། བསྡད་ན་དྲོ་སྐྱིད་ལྡན་པ་བཅས་ཀྱི་ཆེད་དུ་ཡིན།
 
ཉི་མ་རྡོ་རྗེའི་སྡོད་ཤག་གསར་པ།
          མང་ཚོགས་ཀྱི་འཐུང་ཆུ་སྟབས་བདེ་མེད་པའི་གནད་དོན་ཐག་གཅོད་བྱ་ཆེད། རྣམ་གྲངས་འཛུགས་སྐྲུན་ཁྲོད་རང་འབབ་ཆུ་ཁྱིམ་ཚང་རེ་རེར་དྲངས་པ་དང་། ཉི་ནུས་ཆུ་སྲོ་ཆས་དང་ཆབ་གཞོང་སོགས་དེང་རབས་ཅན་གྱི་སྒྲིག་བཀོད་དང་སྒྲིག་ཆས་ཚང་མ་འཛོམས་ཡོད། 
རྣམ་གྲངས་ཀྱི་དུས་མཚམས་དང་པོའི་ལས་གྲྭ་ལེགས་གྲུབ་བྱུང་རྗེས། ཉི་མ་རྡོ་རྗེ་དང་མང་ཚོགས་ཁག་ཅིག་སྔོན་ལ་གནས་སྤར་བ་དང་། བོད་ལུགས་ལོ་སར་གྱི་སྐབས་སུ། ས་ཆ་གཞན་དུ་སློབ་སྦྱོང་བྱེད་བཞིན་པའི་བྱིས་པ་ཁྱིམ་དུ་ལོག་རྗེས་གཙང་ཞིང་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པའི་ནང་བསྡད་ནས། ནང་མི་ཚང་མ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད་པར་གྱུར། 

ཉི་མ་རྡོ་རྗེ། 
          “རང་གིས་དཀའ་ཚེགས་རྒྱག་པ་ནི་ནང་མིའི་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་ཆེད་ཡིན།”ཞེས་ཉི་མ་རྡོ་རྗེས་དེ་ལྟར་བཤད་ཅིང་། རུ་ཐོག་གྲོང་ཚོ་དེ་རྫོང་གྲོང་དང་བར་ཐག་ཉེ་བའི་ལེགས་ཆར་གཞིགས་ནས། ཉི་མ་རྡོ་རྗེས་ཉེ་བའི་ལོ་ཤས་རིང་རྫོང་གྲོང་གི་ལས་སར་ལས་ཞུགས་བྱས་པ་དང་། ཕྱིས་སུ་ཁོ་རང་གིས་སྟབས་བདེའི་ལས་གྲྭའི་རྣམ་གྲངས་ཁག་གཅིག་དང་ལེན་བྱེད་འགོ་ཚུགས་ཤིང་ཕན་འབྲས་ལེགས་པོ་ཐོན་བཞིན་ཡོད་ལ། ད་ལོ་ད་དུང་སྒོར་ཁྲི8བཏང་ནས་སྒེར་གྱི་རླངས་འཁོར་ཞིག་ཉོས་ཡོད། ཕྲུ་གུ་ཚོའི་མཐོང་རྒྱ་ཆེ་རུ་འགྲོ་ཆེད་ཉི་མ་རྡོ་རྗེས་ཕྲུ་གུ་ཅང་སུའུ་ཡན་ཁྲེང་དུ་སློབ་ཆེན་འགྲིམ་པར་བསྐྱལ་བ་དང་། ཉི་མ་རྡོ་རྗེས“རང་ཉིད་ཀྱི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་སོང་།”ཞེས་བཤད།

ཕུན་ཚོགས་ཚེ་རིང་(གཡོན)གིས་བལ་གྱི་ཁུ་ལུ་ལས་སྣོན་བྱེད་པ།
          རུ་ཐོག་གྲོང་ཚོའི་ཕུན་ཚོགས་ཚེ་རིང་གི་ལག་པ་གཡོན་པ་ནི་ལྷན་སྐྱེས་རང་བཞིན་གྱི་སྐྱོན་ཅན་ཡིན་པ་དང་། རང་ཉིད་ཀྱི་ཨ་མ་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད། ཨ་མ་ལོ་ན་བགྲེས་པས་ཁྱིམ་དུ་ཕྱུགས་རིགས་འཚོ་མཁན་མེད་སྟབས། ཕུན་ཚོགས་ཚེ་རིང་སེམས་འཚབ་ཆེན་པོ་བྱུང་། ཁོ་རང་དཀའ་ངལ་ཧ་ཅང་ཆེ་བའི་སྐབས་སུ་གྲོང་མིས་ཁོ་ལ་རོགས་རམ་བྱས་ཏེ། རེས་བསྐོར་ནས་ཁོའི་ཁྱིམ་གྱི་ཕྱུགས་ཟོག་ལ་ལྟ་རོགས་བྱས་པ་དང་། གྲོང་མི་ཚོས་ཕན་ཚུན་དབར་རོགས་རམ་བྱེད་པའི་འོས་འགན་བསྒྲུབས་པས། ཕུན་ཚོགས་ཚེ་རིང་གི་སེམས་སུ་དྲོ་སྐྱིད་སྦྱིན་པ་རེད། 
          ཡར་ཐོན་ལ་སྙེག་པའི་ཕུན་ཚོགས་ཚེ་རིང་གིས་གྲོང་ཚོ་རིམ་པའི་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་རེ་ཞུ་བྱས་ཤིང་། གཙོ་བོ་ལུག་བལ་གྱི་ཁུ་ལུ་ལས་སྣོན་བྱེད་པའི་འགན་འཁུར་བ་རེད། ཕུན་ཚོགས་ཚེ་རིང་གིས་བརྗོད་དོན། “ངས་འདི་གར་ལོ་གཉིས་ལ་ལས་ཀ་བྱས་པ་ཡིན། ལག་པ་ཡ་གཅིག་པོ་བཀོལ་ནས་ཉིན་རེའི་ལས་ཀ་ལེགས་འགྲུབ་ཐུབ་ལ། གཞན་ལ་འགོར་འགྱངས་ཡང་བཟོ་མི་དགོས།”ཅེས་བཤད་པ་དང་། ཕུན་ཚོགས་ཚེ་རིང་གིས་འཚོ་བར་དགའ་ཞེན་དང་ལས་ཀ་ནན་ཏན་བྱས་པས་གྲོང་ཚོ་ཡོངས་ཀྱི་བརྩི་བཀུར་ཐོབ་པ་རེད།