དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང2035ལོའི་ཕུགས་ཀྱི་དམིགས་ཚད་དང་སང་ལོའི་དཔལ་འབྱོར་ལས་དོན་འཆར་འགོད་བྱས།

སྤེལ་དུས 2020-12-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས25ཉིན་ནས་ཚེས27ཉིན་བར། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དེ་ལྷ་སར་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུའི་ཐོག་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་། གནས་བབ་ལ་དབྱེ་ཞིབ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང2035ལོའི་ཕུགས་ཀྱི་དམིགས་ཚད། སང་ལོའི་དཔལ་འབྱོར་ལས་དོན་སྐོར་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པར”མགོ་ཡག་པོ་རྩོམ་པ་དང་རྐང་བརྟན་པོ་ཚུགས་པར་ཁག་ཐེག་བྱས། 

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་གྱི་ཡུལ་དངོས།
           ཚོགས་འདུས་ད་ལོ་དང “ལོ་ལྔ་ཚན་བཅུ་གསུམ”དུས་སྐབས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ཕྱོགས་བསྡོམས་དང་།  “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་ཤིང་། སང་ལོ་ནས་བཟུང་། ལོ་ངོ་བཅོ་ལྔའི་དུས་ཚོད་བེད་སྤྱད་དེ་རྩ་བའི་ཆ་ནས་དེང་རབས་ཅན་དུ་འཛུགས་སྐྲུན་ལེགས་གྲུབ་བྱེད་དགོས་པ་དང་། ངེས་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབ་སྟེ། བློ་བརྟན་འགྱུར་མེད་སྒོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་དེང་རབས་ཅན་དུ་བསྒྱུར་བར་བོད་ལྗོངས་ཀྱི་སྟོབས་ཤུགས་འབུལ་དགོས་པ་ནན་བཤད་བྱས།
           ཚོགས་འདུའི་ཐོག་བསྟན་དོན། སང་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་ལོ་ཞིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན་པས། སང་ལོའི་དཔལ་འབྱོར་གྱི་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། འཕེལ་རིམ་གསར་པའི་རྐང་འཛུགས་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར། འཕེལ་རྒྱས་གསར་པའི་རྣམ་པ་གསར་འཛུགས་བྱས་ཏེ། དོ་མི་མཉམ་པ་དང་འཐུས་ཚང་མིན་པའི་གནད་དོན་ལ་དམིགས་ནས་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཡང་དག་པའི་སྒོ་ནས “ཆ་བཅུ་གསུམ་གྱི་འབྲེལ་བ”ཐག་གཅོད་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་པོའི་འཕེལ་རྒྱས་བརྗོད་གཞི་ཡིན་པའི་བྱ་བར་སྐུལ་འདེད་དང་། མཁོ་སྤྲོད་གཞོགས་འདེགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དམ་པོར་བཟུང་ནས་རྒྱལ་ཁབ་བདེ་འཇགས་དང་། ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་སུ་གཏོང་བར་ཁག་ཐེག་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། 
           ཚོགས་འདུའི་ཐོག་བསྟན་དོན། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་གོམས་པར་བྱས་ནས།  བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་པའི་ཡུན་རིང་བདེ་འགོད་དང་སྤུས་ཚོད་མཐོ་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ།  “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་དང་རྐང་ཡག་པོ་ཚུགས་པར་ཁག་ཐེག་བྱེད་དགོས་པ་དང་། མང་ཚོགས་ཀྱི་འབབ་འཕར་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཡོང་བའི་ལས་དོན་ཞིབ་ཅིང་ཕྲ་བ་དང་དོན་དངོས་ཡོང་བ་བྱས་ནས།  “མཐོར་འདེགས་ཆེན་པོ་དྲུག”མངོན་འགྱུར་ཡོང་བ་བྱས་ནས་ཟམ་མི་ཆད་པར་མི་དམངས་ཀྱི་ཉིན་རེར་འཕར་སྣོན་བྱུང་བའི་སློབ་གསོའི་དགོས་མཁོ་སྐོང་བ་དང་།  “བཟོ་སྐྲུན་ཆེན་པོ་གསུམ”ལག་བསྟར་ཡག་པོ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཤུགས་ཆེན་པོས་མཐོར་འདེགས་སུ་གཏོང་དགོས། 
རྩོམ་སྒྲིག་པ། བདེ་སྒྲོལ།