དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྕགས་ལམ་འདི་ཟླ6པའི་ཚེས30ཉིན་འཁོར་གཏོང་ཐུབ་རྒྱུ་རེད་འདུག

སྤེལ་དུས 2021-01-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔ་དྲོར། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི(གཤམ་དུ་ལྷ་ཉིང་ལྕགས་ལམ་ཞེས་འབོད་རྒྱུ་ཡིན)ཉིང་ཁྲིའི་ས་ཚིགས་ཀྱི་འཁོར་ལམ་འདིང་བའི་ཡུལ་དངོས་སུ། ལས་སྒྲུབ་མི་སྣས་ཉིང་ཁྲི་ས་ཚིགས་ཀྱི་རིང་ཚད་ལ་སྨི25ཡོད་པའི་ཆེས་མཇུག་མཐའི་ལྕགས་ལམ་བཏིང་ཞིང་། དེས་ལྷ་ཉིང་ལྕགས་ལམ་གྱི་སྤྱི་ལེ399.61ཡོད་པའི་ལྕགས་ལམ་གྱི་མ་གཞི་བཏིང་ཚར་བ་མཚོན་པ་དང་། རིམ་པ་རྗེས་མའི་འཁོར་སྐྱོད་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཞག་པ་རེད།

ལྷ་ཉིང་ལྕགས་ལམ་གྱི་ལྕགས་ལམ་ཆེས་མཐའ་མ་འདིང་བའི་ཡུལ་དངོས།
          ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཁྱོན་ཡོངས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ435.5ཡོད་པ་དང་། གསར་སྐྲུན་གྱི་ལམ་ཐིག་མ་གཞིའི་རིང་ཚད་ལ་སྤྱི་ལེ403.1ཡོད་ཅིང་། དེ་ནི་ལམ་ཐིག་རྐྱང་མའི་གློག་ཤུགས་ཅན་གྱི་རིམ་པIཅན་གྱི་ལྕགས་ལམ་ཡིན་པ་དང་།  དུས་ཚོད་རེའི་མགྱོགས་ཚད་ནི་སྤྱི་ལེ160ཇུས་འགོད་བྱས་ཡོད་པ་རེད། ལམ་ཐིག་ཧྲིལ་པོར་མེ་འཁོར་ས་ཚིགས34གསར་འཛུགས་བྱས་ཤིང་།  དུས་ཐོག་དང་པོར་མེ་འཁོར་ས་ཚིགས17ཀྱི་སྒོ་ཕྱེས་རྒྱུ་རེད། འཆར་གཞི་ལྟར་ན་ལམ་ཐིག་ཧྲིལ་པོ་ནི2021ལོའི་ཟླ6པའི་ཚེས30ཉིན་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་འཁོར་གཏོང་ཐུབ་རྒྱུ་རེད།

ཀྲུང་ལྕགས་ཅུས་བཅུ་གཅིག་པའི་ཚོགས་ཁག་ཀུང་སིའི་ལས་བཟོ་མི་སྣས་ལྕགས་ལམ་མཐུད་པའི་རྣམ་པ།
          ལྷ་ཉིང་ལྕགས་ལམ་ནི་མཚོ་བོད་ས་མཐོའི་གངས་ཏི་སེའི་ས་དུམ་དང་ཧི་མ་ལ་ཡའི་ས་དུམ་གཉིས་པོའི་བར་གྱི་ཡར་ཀླུང་གཙང་པོའི་འཚེམ་སྦྱར་གྱི་ཁྲོད་ནས་བརྒྱུད་པ་ཡིན་ཞིང་། ལམ་དུམ90%ཡན་ནི་སྨི3000ཡན་གྱི་མཚོ་བོད་ས་མཐོའི་ཁུལ་དུ་ཡོད་པས། ལྷ་ཉིང་ལྕགས་ལམ་གྱིས་མཚོ་བོད་ས་མཐོའི་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པ་དང་། སྐྱེ་ཁམས་ཧ་ཅང་ཞན་པའི་གདུག་རྩུབ་ཀྱི་རང་བྱུང་ཁོར་ཡུག་དང་བྱུང་གྲངས་མང་ཞིང་འགྱུར་ལྡོག་ཆེ་བའི་བྱེ་རླུང་བསགས་པ་དང་།    འཁྱགས་རིམ། བྲག་གཏོར་དྲག་པོ། ས་དྲོད་མཐོན་པོ་དང་། བྲག་སྙིའི་དབྱིབས་འགྱུར་ཆེན་མོ་སོགས་ཀྱི་ས་རྒྱུའི་ཁོར་ཡུག་རྙོག་འཛིང་ཆེ་བར་འཕྲད་ཀྱི་ཡོད་པས། ཨར་ལས་བཟོ་སྐྲུན་གྱི་དཀའ་ཁག་ཧ་ཅང་ཆེན་པོ་ཡོད།

  ཀྲུང་ལྕགས་ཅུས་བཅུ་གཅིག་པའི་ལམ་ལྕགས་འདིང་བྱེད་འཕྲུལ་འཁོར་ལྷ་ཉིང་མེ་འཁོར་ས་ཚིགས་བདེ་ལེགས་ངང་བརྒྱུད་པའི་རྣམ་པ།
          ཀྲུང་ལྕགས་ཅུས་བཅུ་གཅིག་པའི་ཚོགས་ཁག་གི་ཀུང་སིའི་ལྷ་ཉིང་ལྕགས་ལམ་གྱི་ལམ་ལྕགས་འདིང་བའི་རྣམ་གྲངས་ཀྱི་སྤྱི་གཉེར་པ་ཧྲེང་ཡུས་པིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལྷ་ཉིང་ལྕགས་ལམ་ནི2017ལོའི་ཟླ10པའི་ཚེས19ཉིན་ལམ་ལྕགས་བཏིང་འགོ་ཚུགས་པ་ནས་བཟུང་། ལམ་ཐིག་ཧྲིལ་བོར་མི1200ལྷག་འཛུགས་སྐྲུན་གྱི་ནང་དུ་ཞུགས་ཤིང་། ཀྲུང་ལྕགས་ཅུས་བཅུ་གཅིག་པས་གསར་གཏོད་དང་གསར་འབྱེད་བྱས་པའི “བརྙན་རིས་བརྒྱུད་ནས་མཁའ་ལམ་གྱི་སྣེ་ཁྲིད་པ”དང་། དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་པ། མེ་འཁོར་གྱིས་ཉེན་བརྡ་སྐྱེལ་བ། ཕུག་ལམ་ནང་དུ་མེ་འཁོར་མགོའི་གནས་ཐིག་གཏན་ཁེལ་བྱེད་པ་སོགས་ཀྱི་བྱེད་ནུས་ཀྱིས་སྐྱེལ་འདྲེན་གྱི་བདེ་འཇགས་ལ་འགན་ལེན་ཆེན་པོ་བྱས་ཡོད་ཅིང་། དེས་རིགས་མཐུན་པའི་ལྕགས་ལམ་ལ་ཕུག་ལམ་རིང་མོའི་ནང་དུ་ལམ་འདིང་ཨར་ལས་ཀྱི་ཉམས་མྱོང་རྩ་ཆེན་པོ་གསོག་འཇོག་བྱས་ཡོད་པ་རེད་ཅེས་བཤད།

 ཀྲུང་ལྕགས་ཅུས་བཅུ་གཅིག་པའི་ཚོགས་ཁག་ཀུང་སིའི་འཛུགས་སྐྲུན་པ་རྣམས་ཀྱིས་ཡུལ་དངོས་སུ་མཉམ་པར་བརྒྱབ་པའི་རྣམ་པ །
          ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་མེ་འཁོར་ཤར་གཏོང་བྱས་རྗེས།  བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་ལམ་གྱི་བཀོད་པ་སྔར་བས་ཇེ་ལེགས་དང་འཐུས་ཚང་དུ་བཏང་སྟེ། བོད་ཤར་ལྷོའི་ཕྱོགས་སུ་མེ་འཁོར་མེད་པའི་ལོ་རྒྱུས་ཀྱི་མཇུག་རྫོགས་ཤིང་། དེས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། ཁྲོན་བོད་ལྕགས་ལམ་གྱི་ཉིང་ཁྲི་ནས་གཡག་རྔའི་བར་གྱི་ལམ་དུམ་འཛུགས་སྐྲུན་བྱ་བར་སྔར་ལས་སྟབས་བདེ་ཞིང་མྱུར་བའི་སྐྱེལ་འདྲེན་གྱི་བགྲོད་ལམ་ཞིག་ཀྱང་མཁོ་འདོན་བྱས་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།