དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་སྤྱི་པའི་དངོས་ཟོག་ཁག་དབྱེ་སྒྲིག་སྐྱེལ་ལྟེ་གནས་ཀྱི་སྒོ་དངོས་སུ་ཕྱེས་པ།

སྤེལ་དུས 2021-01-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “བོད་ཀྱི་འཁྱགས་རོམ་གཏེར་ཆུ”དང་། རྩམ་པ། ནས་སོགས་བོད་ལྗོངས་ཀྱི་ཞིང་པའི་ཁྱད་ལྡན་ཐོན་རྫས་དྲུད་པའི་རླངས་འཁོར་རེ་རེ་བཞིན་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གཏོང་འཇུག་དངོས་ཟོག་གླིང་ཁུལ་དུ་འགྲོ་བཞིན་ཡོད་ཅིང་། ཉེ་ཆར་དངོས་སུ་སྒོ་ཕྱེས་ནས་གཉེར་སྐྱོང་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དངོས་ཟོག་ཁག་དབྱེ་སྒྲིག་སྐྱེལ་ལྟེ་གནས་ནི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། འདིས་ས་གནས་དེ་གའི་དངོས་ཟོག་མཁོ་འདོན་སྦྲེལ་ཐག་གི་ནུས་ཚད་ཇེ་མཐོར་གཏོང་བ་དང་། འཁོར་སྐྱོད་ཀྱི་མ་རྩ་ཇེ་དམའ་རུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད།

བོད་རང་སྐྱོང་ལྗོངས་སྤྱི་པའི་དངོས་ཟོག་ཁག་དབྱེ་སྒྲིག་སྐྱེལ་ལྟེ་གནས།
           རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་སྤྱི་པའི་དངོས་ཟོག་ཁག་དབྱེ་སྒྲིག་སྐྱེལ་ལྟེ་གནས་ནི་བོད་རང་སྐྱོང་ལྗོངས་གློག་རྡུལ་ཚོང་དོན་གྲོང་གསེབ་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་བསྐྱོད་ནས། རྣམ་གྲངས་ཀྱི་དངོས་ཟོག་མ་ལག་ལ་སྐུལ་འདེད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྲོག་ཤིང་ཞིག་ཡིན་ཞིང་། འཆར་འགོད་བྱས་པ་ལྟར་ན། ཅིང་ཏུང་དངོས་ཟོག་གིས“གནས་གཅིག་དང་། རྒྱུད་གཅིག  དྲ་གཅིག”གི་འཆར་འགོད་ཀྱི་བསམ་བཀོད་བེད་སྤྱད་དེ། བོད་རང་སྐྱོང་ལྗོངས་དང་། ས་གནས་ཀྱི་གྲོང་ཁྱེར།  རྫོང(ཆུས)གཙོ་བོར་བཟུང་ནས་ཁག་དབྱེ་ལྟེ་གནས་དང་། བརྒྱུད་སྤྲོད་ལྟེ་གནས། སྒྲིག་སྐྱེལ་ལྟེ་གནས་བཙུགས་ཏེ། ཁག་དབྱེ་དང་། སྐྱེལ་འདྲེན། ཐུན་མོང་གིས་སྒྲིག་སྐྱེལ་བྱེད་པ་བཅས་ཀྱི་ཞབས་ཞུའི་མ་ལག་གསུམ་པོ་བཙུགས་ནས་དེང་རབས་ཅན་དང་། ལངས་གཟུགས་རྣམ་པའི་དངོས་ཟོག་གི་དྲ་རྒྱ་ཆེན་པོ་ཞིག་གྲུབ་སྟེ།  བོད་རང་སྐྱོང་ལྗོངས་ཁོངས་ཡོངས་སུ་ཞབས་འདེགས་ཞུས་ནས་གློག་རྡུལ་ཚོང་དོན་ལྗོངས་དང་རྫོང་ཡོངས་སུ་ཁྱབ་ཐུབ་པ་མངོན་འགྱུར་བྱས་པ་རེད།
            གོང་སྨྲས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་འདེགས་སྐྱོར་བྱས་པའི་མ་ལམ་སྐྱེལ་འདྲེན་གྱི་ནུས་པ་བརྒྱུད་དེ་བཟོ་ལས་ཐོན་རྫས་དྲ་རྒྱའི་སྟེང་དར་སྤེལ་བྱུང་བ་ཆགས་པའི་དུས་མཚུངས་སུ། ད་རུང་ཕྱིར་སྐྱོད་ཀྱི་སྐྱེལ་འདྲེན་ཐོན་ཁུངས་བེད་སྤྱད་ནས་ཞིང་པའི་ཁྱད་ལྡན་ཐོན་རྫས་ལྡོག་ཕྱོགས་སུ་བསྐྱོད་པའི་སྐྱེལ་འདྲེན་གྱི་དྲ་རྒྱ་བཙུགས་ཏེ། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕྱིར་བསྐྱོད་པར་རོགས་རམ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་དངོས་གནས་ཇེ་མཐོར་བཏང་ཡོད་པ་རེད།
           གློག་རྡུལ་ཚོང་དོན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་ཀྱི་ཞིང་པའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་བྱེད་ཐབས་སྣ་མང་གི་སྒོ་ནས་དྲ་ཐོག་ཏུ་ཕྱིར་འཚོང་བྱས་ཤིང་། བོད་རང་སྐྱོང་ལྗོངས་སྤྱི་པའི་དངོས་ཟོག་ཁག་དབྱེ་སྒྲིག་སྐྱེལ་ལྟེ་གནས་ཀྱིས་ཉར་ཚགས་དང་ཕྱིར་འཚོང་བྱས་པའི་ཐོན་རྫས་སུ་བོད་ཀྱི་འཁྱགས་རོམ་གཏེར་ཆུ་དང་། ཉིང་ཁྲིའི་ཀུ་ཤུ། སྦི་རག  རྩམ་པ། ནས། སུར་པན། སྟར་གའི་སྣུམ། བོད་ཀྱི་སྦྲང་རྩི་སོགས་ཡོད་པ་རེད། ཁྱད་ལྡན་ཐོན་རྫས་འདི་དག་ཚང་མ་ཅིང་ཏུང་སིལ་འཚོང་ལམ་ཐིག་གི་ཀྲུང་གོའི་ཁྱད་ལྡན་ཐོན་རྫས་ཏེ། བོད་ལྗོངས་དབུལ་སྐྱོར་ཁང་སོགས་ཀྱི་རྣམ་པ་བརྒྱུད་ནས་ཉོ་སྒྲུབ་བྱེད་ཆོག་ཅིང་། འཛད་སྤྱོད་པས་མངག་ཉོ་བྱས་རྗེས་ཅིང་ཏུང་དངོས་ཟོག་གིས་ལྷ་ས་དང་། ཁྲིན་ཏུའུ་སོགས་ཀྱི་ས་གནས་སུ་ཁག་དབྱེ་སྒྲིག་སྐྱེལ་གཅིག་བསྡུས་ཅན་གྱི་དངོས་ཟོག་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།