དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཉེན་རྟོག་པའི་དུས་ཆེན་འདི་ཧ་ཅང་དྲོ་སྐྱིད་ལྡན་པ་ཞིག་རེད།

སྤེལ་དུས 2021-01-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ང་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཉེན་རྟོག་པ་ཞིག་བྱ་རྒྱུའི་དམ་བཅས་པ་ཡིན་་་་་” ཟླ་དང་པོའི་ཚེས10ཉིན། བོད་ལྗོངས་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལུའུ་ཞ་མཐའ་མཚམས་མངག་གཏོང་ཁང་གིས་དེ་ལྟར་ཉེན་རྟོག་པའི་དམ་བཅའ་བསྐྱར་དྲན་བྱེད་པའི་བྱ་འགུལ་སྤེལ་བ་དང་། གཟི་བརྗིད་ལྡན་པའི་དམ་བཅའི་ཁྲོད་ནས་མི་དམངས་ཉེན་རྟོག་པ་ཚོས་ཉེན་རྟོག་པའི་ནང་ཐོག་མར་ཞུགས་སྐབས་ཀྱི་སེམས་འགུལ་དང་སྤྲོ་སེམས་དེ་དག་སླར་ཡང་ཕྱིར་དྲན་བྱུང་བ་རེད།
          “མི་དམངས་ཉེན་རྟོག་པས་མི་དམངས་གཙོ་བོར་འཛིན་པ།” ཉིན་དེར་ལུའུ་ཞ་མཐའ་མཚམས་མངག་གཏོང་ཁང་གི“ཞབས་ཞུའི་གདོང་ལེན་རུ་ཁག”གིས་མང་ཚོགས་དུད་ཚང10ལྷག་ཙམ་གྱི་དཀའ་ངལ་ཐག་གཅོད་བྱ་ཆེད་རང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན”ལ་རྟེན་འབྲེལ་ཞུས་པ་རེད། 
 
མི་དམངས་ཉེན་རྟོག་པ་འཇིགས་མེད་འོད་ཟེར་གྱིས་གྲོང་མི་ནོར་བུ་ཚང་གི་ཁྱིམ་དུ་རོགས་རམ་བྱེད་བཞིན་པ། 
           བདག་མེད་རྒན་མོ་ཨ་མ་ཚེ་སྒྲོལ་གྱི་ཁྱིམ་དུ་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འབྲས་དང་། གྲོ་ཞིབ། དགུན་ཁའི་སྲིང་བལ་ཉལ་ཆས་བཅས་ཁྱེར་ནས་སླེབས། “ཁྱེད་ཚོ་ནི་དགུན་དུས་ཀྱི་ཉི་འོད་དང་འདྲ་བར། ཡོངས་ཐེངས་རེ་རེར་ང་ཚོས་དྲོ་སྐྱིད་ཚོར་གྱིན་འདུག”ཅེས་འཚམས་འདྲིར་ཕེབས་པའི་མི་དམངས་ཉེན་རྟོག་པར་བལྟ་བཞིན་ཨ་མ་ཚེ་སྒྲོལ་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད། 
           “ཞབས་ཞུའི་གདོང་ལེན་རུ་ཁག”ཕྱིར་ལོག་བྱེད་པའི་ལམ་བར་དུ། ཁོངས་གཏོགས་ཁུལ་གྱི་གྲོང་མིས་གླུ་ལེན་གར་རྩེད་བྱས་ཏེ། རང་འགུལ་ངང་རྩ་འཛུགས་བྱས་ཏེ་མི་དམངས་ཉེན་རྟོག་པ་ཚོའི་དུས་ཆེན་བཏང་བ་རེད། མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་དར་ཆ་བསྒྲེངས་ནས་གྲོང་མི་དང་མཉམ་དུ་པར་བརྒྱབ་པ་དང་། ཁོ་ཚོའི་གདོང་གི་འཛུམ་མདངས་ནི་ཉི་འོད་ཀྱི་འོག་ཏུ་དེ་བས་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཡོད།