ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀུའུ་ཐེ་ལེ་སིས་བརྗོད་དོན། འདི་ནས་མཚམས་འཇོག་བྱེད་དགོས།

སྤེལ་དུས 2025-02-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ།

       མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ2པའི་ཚེས23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་ཀུའུ་ཐེ་ལེ་སིས་གསལ་བསྒྲགས་ཤིག་སྤེལ་ནས། ཟླ2པའི་ཚེས24ཉིན་ནི་ཡུག་རེན་གྱི་ཉམས་ཉེན་ཤུགས་ཆེར་ཕྱིན་པའི་ལོ་འཁོར་གསུམ་ཡིན་ཞིང་། “སྐྱོ་གར་རང་བཞིན་གྱི་དུས་སྐབས་འདིར་ངས་དྲང་གཞག་དང་། རྒྱུན་མཐུད་ཐུབ་པ། ཕྱོགས་ཡོངས་ནས་ཞི་བདེ་ཡོང་བའི་དགོས་གལ་རང་བཞིན་མངོན་འགྱུར་ཡོང་བར་བསྐྱར་བསྒྲགས་བྱ་རྒྱུ་ཡིན”ཞེས་བརྗོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི

       ཀུའུ་ཐེ་ལེ་སིས་གསལ་བསྒྲགས་ནང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་འགྲིལ་ནས་ལོ80སོང་རྗེས། ཡུག་རེན་གྱི་ཉམས་ཉེན་གྱིས་ཡོ་རོབ་ཀྱི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྨང་གཞི་དང་གཞི་རྩའི་རྩ་དོན་ལའང་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད་ཅེས་བརྗོད།

       ཀུའུ་ཐེ་ལེ་སིས“འདི་ནས་མཚམས་འཇོག་བྱེད་དགོས། ཤི་བ་དང་གཏོར་བརླག་ལོ་གསུམ་རིང་དུ་རྒྱུན་མཐུད་རྗེས། ངས་སླར་ཡང་ཛ་དྲག་གི་དུས་བབ་འདི་ཞི་ལྷོད་དུ་འགྲོ་བ་དང་འབྲེལ་དགྲར་འཛིན་བྱ་སྤྱོད་འཕྲལ་མར་མཇུག་འགྲིལ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན”ཞེས་བརྗོད།

       ཀུའུ་ཐེ་ལེ་སིས་བརྗོད་དོན། ཁོང་གིས་དྲང་གཞག་དང་བསྟུན་མཁས་ཞི་བདེ་བཅས་མངོན་འགྱུར་བྱུང་བ་ལ་གཞོལ་མཁན་ཚང་མར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱ་ཐབས་དེ་དག་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲ་སྒྲིག་དུས་དང་རྣམ་པ་ཀུན་ཏུ་བྱེད་ཀྱི་ཡོད་ཅེས་ཁ་གསབ་བྱས།