ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན་གྱི་སྔ་དྲོར། “ངའི་བོད་སྐྱོར་གཏམ་རྒྱུད”ཅེས་པའི་བོད་འབྲེལ་ཁུལ་རྫོང་དུ་བསྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་དུ་སྤེལ་ཞིང་། བོད་སྐྱོར་ལས་བྱེད་པ་བདུན་སླར་ཡང་གནས་འདི་རུ་ཡོང་ནས་ཁོང་ཚོའི་བོད་སྐྱོར་གྱི་གཏམ་རྒྱུད་རེ་རེ་གསོན་ཉམས་དོད་པའི་སྒོ་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་བརྗོད་པ་རེད།
སྒྲོག་འགྲེལ་གྱི་ཡུལ་དངོས།
དར་མདོ་གྲོང་ཁྱེར་གྱི་མང་ཚོགས་ཡེ་ཤེས་དབྱངས་འབྲུག་གིས“བོད་སྐྱོར་ལས་བྱེད་པ་དག་གིས་འབད་བརྩོན་གྱིས་རོགས་རམ་བྱས་པར་བརྒྱུད། དར་མདོའི་སྨན་བཅོས་དང་། སློབ་གསོ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཕྱིན་པ་མཐོང་བས་སེམས་འགུལ་ཐེབས་སོང”ཞེས་བཤད།
ཧུའེ་དམངས་སློབ་ཆུང་གི་སློབ་མ་ཧོང་ཅིན་ཞི་ཡིས་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་བཞིན་པ།
ཧུའེ་དམངས་སློབ་ཆུང་གི་སློབ་མ་ཧོང་ཅིན་ཞི་ཡིས“ངས་བོད་སྐྱོར་བྱེད་པའི་ཨ་ཁུ་ཨ་ནེ་ཚོར་སློབ་སྦྱོང་བྱ་རྒྱུ་ཡིན་ཏེ། སློབ་སྦྱོང་ལ་སྔར་ལས་འབད་བརྩོན་བྱས་ཏེ་ནར་སོན་རྗེས་རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་བཤད།
སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཡོན་ལིས་ཡིས་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་བཞིན་པ།
དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཆིའུ་ཀྲེན་ཅང་གིས“ད་ཐེངས་ཀྱི་བྱེད་སྒོ་དེས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་འགྲོ་བར་སྐུལ་སློང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མ་འོངས་པར་དཀར་མཛེས་ཁུལ་མུ་མཐུད་དུ་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་སྙིང་ཐག་པ་ནས་སྨོན་འདུན་ཞུ”ཞེས་བཤད།
དར་མདོ་གྲོང་ཁྱེར་གྲོང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲི་ཀྲང་གཞོན་པ། ཏུའུ་ཅང་ཡན་གྲོང་ཁྱེར་གྱི་ཆ་སྒྲིག་རོགས་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་སྣེ་ཁྲིད་དབྱང་པོ་ཡིས་གསར་འགོད་པའི་བཅར་འདྲིར་དང་ལེན་བྱེད་བཞིན་པ།
དར་མདོ་གྲོང་ཁྱེར་གྲོང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲི་ཀྲང་གཞོན་པ། ཏུའུ་ཅང་ཡན་གྲོང་ཁྱེར་གྱི་ཆ་སྒྲིག་རོགས་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་སྣེ་ཁྲིད་དབྱང་པོ་ཡིས། “བོད་སྐྱོར་ལས་བྱེད་པ་ཚོ་ཕ་ཡུལ་དང་ཁ་བྲལ་ནས་གཞི་རིམ་དུ་གཞི་བཙུགས་ཏེ། བརྟན་སྲུང་དང་འབད་བརྩོན་ལས་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བརྩམས་ནས་མི་སྣ་ཡོངས་ལ་གཟི་བརྗིད་ལྡན་པའི་མིག་དཔེ་ལྟ་ས་དང་ཚད་གཞི་བཟོས་ཤིང་། 2025ལོར་ང་ཚོས་རོགས་སྐྱོར་རྣམ་གྲངས་འཆར་འགོད་དང་ལག་བསྟར་གཏིང་ཟབ་བྱས་ནས། ཐོན་ལས་རོགས་སྐྱོར་ཇེ་ལེགས་དང་། སློབ་གསོ་དང་སྨན་བཅོས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེ། རྨང་གཞིའི་སྒྲིག་བཀོད་འཐུས་ཇེ་ཚང་དུ་གཏོང་བ་བཅས་བྱས་ཏེ། དར་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུ་ཕུལ་ནས་ཏུའུ་ཅང་ཡོན་དང་དར་མདོ་གཉིས་བར་གྱི་གཏམ་རྒྱུད་མུ་མཐུད་ནས་རྩོམ་འབྲི་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན” ཞེས་བཤད།