ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྱིས་པའི་བོད་ཆས་ངོམ་སྟོན།

སྤེལ་དུས 2025-02-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ།

       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། “དུས་ཆེན་མཉམ་དུ་བཏང་ནས། མཐུན་སྒྲིལ་གྱི་བརྩེ་སེམས་འཛུགས་པ”ཞེས་པའི་བོད་ཀྱི་ལོ་གསར་བྱིས་པའི་བོད་ཆས་ངོམ་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་ནོར་ནོར་བྱིས་པའི་དཔེ་ཁང་དུ་འགོ་ཚུགས། བྱེད་སྒོའི་ཡུལ་དངོས་སུ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་ལྡན་ཞིང་། གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག་མང་པོ་མཉམ་དུ་འཛོམས་ནས་སྤྲོ་སྐྱིད་ལ་རོལ་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་དུང་ཟབ་མོ་མངོན་པར་བྱས་ཡོད།

བྱེད་སྒོའི་ཡུལ་དངོས། 

      ཐེངས་འདིའི་བྱེད་སྒོ་ནི་བཀྲ་ཤིས་པའི་ལྷ་མོའི་འཁྲབ་སྟོན་གྱི་ཁྲོད་ནས་འགོ་ཚུགས་པ་དང་། བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱིས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོག་ཅིང་། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། 

      བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཡོད་པ་དང་། ནོར་ནོར་བྱིས་པའི་དཔེ་ཁང་གི་དགེ་རྒན་གྱིས་བྱེད་སྒོ་ཞུགས་མཁན་རྣམས་ལ་བོད་གོས་དང་བོད་ཀྱི་ལོ་གསར་གྱི་གོམས་སྲོལ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཚང་མ་ཉན་འདོད་ཤིན་ཏུ་སྤྲོ་བས་ཕན་ཚུན་བར་དུ་སྤེལ་རེས་བྱས། དེ་རྗེས་ཚང་མས་མཉམ་དུ་གྲོ་འབྲས་ལས་ཤིང་བྲོ་བ་ལ་མྱོང་རོལ་བྱས་ཏེ། བོད་ལྗོངས་ཀྱི་སྲོལ་རྒྱུན་ཞིམ་ཟས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་འཚོལ་སྙེགས་བྱ།

      ཡུལ་དངོས་ཀྱི་གྲོགས་པོ་ཆུང་ཆུང་ཚོས་ད་དུང་པང་གདན(དེའི་དོན་ནི་སྨད་གཡོགས་སམ་པང་རས་ཏེ། བོད་རིགས་བུད་མེད་ཀྱིས་སྐེད་པར་དཀྲིས་པའི་གྱོན་ཆས་དང་རྒྱན་ཆ་ཞིག་ཡིན)བཟོ་བའི་བརྒྱུད་རིམ་ནང་ཞུགས་ནས་བོད་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་མཛེས་སྡུག་ལ་མྱོང་རོལ་བྱས།

དགེ་རྒན་ཚོས་ཡུལ་དངོས་ཀྱི་མི་སྣར་བོད་ཀྱི་ལོ་གསར་ལ་དགོས་ངེས་ཀྱི་དངོས་རྫས་གྲོ་ཕྱེ་མར་གྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།

གྲོགས་པོ་ཆུང་ཆུང་ཚོས་བཟོས་པའི་ལོ་གསར་གྱི་ལག་ཤེས་ཐོན་རྫས། 

      བྱེད་སྒོའི་མཇུག་ཏུ། གྲོགས་པོ་ཆུང་ཆུང་ཚོས་མཛེས་སྡུག་ལྡན་པའི་བོད་ཆས་གྱོན་ནས་ཡིད་ཆེས་ཀྱི་གོམ་སྟབས་སྤོས་ནས་ཡུལ་དངོས་ཀྱི་ལྟད་མོ་ཚོར“ཆེས་མཛེས་སྡུག་ལྡན་པའི་མི་རིགས་ཀྱི་ཉམས་འགྱུར”དུས་རབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པའི་ཉམས་འགྱུར་ངོམ། ཕྲུ་གུ་ཚོའི་གདོང་ལ་སྤྲོ་སྣང་གི་འཛུམ་མདངས་འཕྱུར་བར་བལྟས་རྗེས། སྡིངས་ཆའི་གཤམ་གྱི་ཁྱིམ་བདག་གིས་གཅིག་རྗེས་གཉིས་མཐུད་དུ་ལག་ཐོགས་ཁ་པར་བླངས་ནས་པར་བླངས།་བཞིན་ཡོད།

དགེ་རྒན་ཚོས་གྲོགས་པོ་ཆུང་ཆུང་ཚོ་དང་ལག་གདང་སྦྲེལ་ནས་ཞབས་བྲོ་འཁྲབ་བཞིན་པ། 

      ད་ཐེངས་ཀྱི་བྱེད་སྒོ་དེས་གྲོགས་ཆུང་ཚོར་སྤེལ་རེས་དང་འགྲེམས་སྟོན་གྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད།  དམངས་སྲོལ་རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་དུ་གྱུར་ཡོད། ཚང་མས་སྤྲོ་སྣང་དོད་པའི་བྱེད་སྒོའི་ཁོར་ཡུག་ཁྲོད་ཐུན་མོང་ཐོག་བོད་ཀྱི་ལོ་གསར་བསུས་ནས་མི་རིགས་མཐུན་སྒྲིལ་མཉམ་དུ་བཏོད་ཡོད།