ཚེས24ཉིན། སློབ་གསོ་པུས2025ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་རྒྱལ་ཁབ་ཀྱི་སྐར་གྲངས་ཚད་གཞི་ཁྱབ་བསྒྲགས་བྱས།
སློབ་བསྡུའི་ཚན་པ་ཁག་གིས《2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ལས་དོན་གྱི་དོ་དམ་གཏན་འབེབས》གཞིར་བཟུང་། རྒྱལ་ཁབ་ཀྱི་སྐར་གྲངས་ཚད་གཞིའི་རྨང་གཞིའི་ཐོགཚན་པ་དེ་རང་ལ་རྒྱུགས་སྤྲོད་མཁན་སློབ་མ་བསྐྱར་རྒྱུགས་ནང་ཚུད་པའི་ཐོག་མའི་སྦྱང་འབྲས་ཀྱི་བླང་བྱ་དང་རིག་གཞུང་གཞན་དག་གི་བླང་བྱ་རང་བདག་ངང་གཏན་འཁེལ་དང་ཁྱབ་བསྒྲགས་བྱ་དགོས།
2025ལོའི་རྒྱལ་ཡོངས་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི“ལེགས་སྒྲིག་རེ་འདོད་འཚོལ་བསྡུའི་མ་ལག”དེ་ཟླ3པའི་ཚེས28ཉིན་ཤར་གཏོང་བྱ་རྒྱུ་དང་། རེ་འདུན་བསྡུ་ལེན་ཁག་དང་པོའི་ལེགས་གྲུབ་བྱས་པའི་སློབ་བསྡུའི་ཚན་པས་ལེགས་སྒྲིག་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཆོག་པ་དང་། ལེགས་སྒྲིག་རེ་འདོད་ཡོད་པའི་རྒྱུགས་སྤྲོད་སློབ་མས་རེ་འདོད་ཆ་འཕྲིན་འདྲི་རྩད་དང་དེར་ཐོ་འགོད་བྱས་ཆོག
“ལེགས་སྒྲིག་རེ་འདོད་ཞབས་ཞུའི་མ་ལག”དེ་ཟླ4པའི་ཚེས་8ཉིན་ཤར་གཏོང་བྱ་རྒྱུ་རེད། ལེགས་སྒྲིག་རེ་འདོད་ཡོད་པའི་རྒྱུགས་སྤྲོད་སློབ་མས་ཀྲུང་གོའི་ཞིབ་འཇུག་སློབ་མའི་སློབ་བསྡུ་ཆ་འཕྲིན་དྲ་བར་དོ་ཁུར་དམ་ཟབ་བྱས་ཏེ། སྐབས་དེར་ལེགས་སྒྲིག་མ་ལག་དང་སློབ་བསྡུའི་ཚན་པའི་དྲ་ཚིགས་སུ་ནང་འཇུག་བྱས་ནས་སློབ་བསྡུའི་ཚན་པའི་ལེགས་སྒྲིག་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་བྱེད་པ་དང་བླང་བྱ་ལྟར་ལེགས་སྒྲིག་རེ་འདུན་འབྲི་ཆོག