ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཕུག་ལམ་འདི་མི་འགྱངས་པར་ཤར་གཏོང་ཐུབ་རྒྱུ་ཡིན་པ།

སྤེལ་དུས 2025-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ཞི་ཡན་ལམ་ཐིག་རྣམ་གྲངས་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་། སྟོད་ལུང་གི་ཕུག་ལམ3པའི་གཡས་ཀྱི་ཕུག་ལམ་ནི་སྦྲེལ་མཐུད་བྱུང་ཡོད།

      སྔོན་དཔག་བྱས་ན2025ལོའི་ཟླ6པར་ལམ་ཐིག་གཉིས་སྦྲེལ་ཐུབ་རྒྱུ་ཡིན་པ་རེད།

རྣམ་གྲངས་བསྐྲུན་པའི་ཕན་འབྲས་རི་མོ།

རྣམ་གྲངས་བསྐྲུན་པའི་ཕན་འབྲས་རི་མོ། 

      ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ཞི་ཡན་ལམ་ཐིག་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི2024ལོའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཡིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར33.16བཏང་བ་དང་། འགོ་ཚུགས་ས་ནི་སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། པེ་ཅིང་ནུབ་ལམ་དང་མཐུད་ཅིང་། མཇུག་མཐའི་ས་ཚུགས་ནིG109ལམ་དང་། སྟོད་ལུང་ལམ་ཆེན་དང་ཞང་ཞུང་ལམ་ཆེན་གྱི་སྣོལ་མཚམས་ཁུལ་ཡིན། འགྲོ་ལམ་གྱི་རིང་ཚད་ལ་སྤྱི་ལེ17ཡོད་པ་དང་། ཕྱོགས་གཉིས་སུ་འཁོར་ལམ་བཞིའི་གྲོང་ཁྱེར་མྱུར་བགྲོད་བརྒྱུད་ལམ་གྱི་ཇུས་འགོད་ཚད་གཞི་སྤྱད་ཡོད་པ་དང་། ཇུས་འགོད་ལྟར་ན་མྱུར་ཚད་ནི60km/hཡིན། ལམ་ཐིག་ཧྲིལ་པོར་ཟམ་པ12དང་། ཕུག་ལམ3དང་། ས་འོག་ཕུག་ལམ1དང་བྲེལ་མཐུད་ས1བཅས་ཇུས་འགོད་བྱས་ཡོད།

ཨར་ལས་མི་སྣས་ཟམ་ལ་ལས་སྣོན་བྱེད་བཞིན་པ།

     གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  རྣམ་གྲངས་དེ་བསྐྲུན་རྗེས་ལྷ་སའི་གྲོང་ཁུལ་གཙོ་བོའི་ལམ་དྲའི་གྲུབ་ཆ་སྔར་བས་འཐུས་ཚང་དུ་ཕྱིན་ནས། ད་ཡོད་ཀྱི་བྱང་སྐོར་ལམ་སྣུར་སྲིང་བྱས་ཏེ་ལྟེ་བའི་གྲོང་ཁུལ་གྱི་འགྲིམ་འགྲུལ་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་རྒྱུ་དང་། ལྟེ་བའི་ས་ཁོངས་འགག་པའི་གནད་དོན་ཉུང་དུ་གཏོང་རྒྱུ་དང་། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་སྐོར་ལམ་དུ་གདུམ་ཟུམ་ཆགས་པ་དང་། རྒྱལ་ལམ109ཡི་གྲོང་ཁྱེར་བརྒྱུད་མཚམས་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཕྱིན་ནས་བདེ་འཇགས་དང་། ནུས་ཆེ། གྲོན་ཆུང་བཅས་ཀྱི་གྲོང་ཁྱེར་གྱི་ལམ་དྲའི་མ་ལག་མངོན་འགྱུར་བྱུང་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།