འདི་ནི་མལ་གྲོ་གུང་དཀར་རྫོང་གི་ཞིང་ཐང་དུ་ཞིང་འཕྲུལ་བང་བསྒྲིགས་ནས་ཞིང་ནང་དུ་སྐྱོད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་ཚོགས་ཆུང་དྲུག་པའི་གྲོང་མིས་གཉའ་གཅོག་མཛད་སྒོ་ཚོགས་བཞིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་ང་ཕོད་གྲོང་ཚོའི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་གཉའ་གཅོག་མཛད་སྒོ་ཚོགས་བཞིན་པ།
འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷན་ཤང་ཁྲའུ་ཆེ་གྲོང་ཚོའི་མང་ཚོགས་ཀྱིས་རྨོན་མཛོ་དོར་སྦྲེལ་གྱིས་ས་ཞིང་རྨོ་བཞིན་པ།
ཚེས་16ཉིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་2025ལོའི་ལོ་འཁོར་གྱི་དཔྱིད་རྨོད་དཔྱིད་གྲབས་ཀྱི་མཛད་སྒོ་འཚོགས་ནས་ལོ་འཁོར་མོའི་ཞིང་ལས་ཐོན་སྐྱེད་བྱེད་འགོ་ཚུགས།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་མལ་གྲོ་གུང་དཀར་རྫོང་གི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་2.8ལས་བརྒལ་བ་དེ་དུས་མཚུངས་ལས་2.23%འཕར་ཡོད་པ་དང་། ཞིང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་ནས་ལོ་གསུམ་བསྟུད་མར་གྲོང་ཁྱེར་རིམ་པའི་འབྲུ་རིགས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་དགའ་ཐོབ་པ་མ་ཟད། ཞིང་པའི་ཡོང་འབབ་ཀྱང་ཆེས་ཆེར་འཕར་ཡོད།