ཟླ་3ཚེས་17ཉིན་གྱི་སྔ་དྲོར། ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2025ལོའི་ལོ་འཁོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་3ཚེས་17ཉིན་གྱི་སྔ་དྲོར། ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2025ལོའི་ལོ་འཁོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
● ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཟླ་3ཚེས་17ཉིན་གྱི་སྔ་དྲོར། ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2025ལོའི་ལོ་འཁོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་དང་། ལིའུ་ཅང་། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། འཇམ་དཔལ། ཀྲང་ཧུང་པོ། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། རང་ལྗོངས་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་། བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པའི་འཐབ་ཇུས་ཀྱི་ལས་འགན་ཞིག མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་དམངས་སེམས་ཀྱི་འདུ་འགོད་ཅིག་བཅས་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ཚུན། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ལྷ་སའི་རི་བོ་དེ་བས་སྔོ་ལྗང་ལྡན་པ་དང་མཁའ་རླུང་དེ་བས་ལེགས་སུ་ཕྱིན་པ་མ་ཟད། ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དུས་ཡུན་རིང་པོའི་ནང་ས་མཐོའི་རི་རྒོད་དུ་གཞི་ཁྱོན་ཆེན་པོས་ལྕང་འཛུགས་ཐུབ་མིན་གྱི་གནད་དོན་ཐག་གཅོད་ཐུབ་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་། སྤྱོད་གོ་ཆོད་པའི་བྱ་ཐབས་བཟང་པོ་ལམ་ལུགས་དང་ལམ་སྲོལ་ལ་བསྒྱུར་བ་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་སྤེལ་རྒྱུར་མཛུབ་ཁྲིད་ཏན་ཏིག་བྱེད་དགོས། ཚད་མཐོའི་མཐོང་ཆེན་གྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྒྱུད་རིམ་ལྡན་པའི་ཇུས་འགོད་བྱེད་པ་དང་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ཏེ་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཚན་གྱིས་འགན་འཁུར་བ། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་དགོས། སྤྱི་ཡོངས་འཆར་འགོད་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཕན་འབྲས་ཆེར་གཏོང་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་ཁྲིད་སྟོན་དང་། ཁྲོམ་རའི་ལམ་སྲོལ། དམངས་ཡོངས་ཞུགས་པ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ལ་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འདོན་པ། སྐུལ་ལྕག་ལམ་སྲོལ་དང་ལེ་ལག་ཚང་བའི་བྱ་ཐབས་འཚོལ་ཞིབ་བྱས་ནས་བཟོ་བ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ནགས་བཟོ་སྔོ་འགྱུར་ལས་དོན་ལ་ཧུར་ཐག་ཞུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་སྐྱེ་ཁམས་དམངས་ཕྱུག་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་བ”དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་དམངས་ཀྱི་ཆེད་དུ་སྔོ་འགྱུར་དང་། མི་དམངས་ལ་བརྟེན་ནས་སྔོ་འགྱུར། སྔོ་འགྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་ཟུང་འབྲེལ་བྱེད་པ། ལྷོ་རི་བྱང་རི་སྔོ་འགྱུར་ཐུབ་ལ་མང་ཚོགས་ཀྱང་ཕྱུག་པོ་ཆགས་པ་བཅས་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དུས་མཉམ་དུ་ཆེ་རུ་གཏོང་དགོས། རང་བྱུང་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ནགས་ལས་འཕྲོད་སར་ནགས་ལས་དང་། ཆུ་འདྲེན་འཕྲོད་སར་ཆུ་འདྲེན། རྩྭ་འདེབས་འཕྲོད་སར་རྩྭ་འདེབས་བཅས་མཐའ་འཁྱོངས་བྱེད་པ་དང་། ནགས་བཟོ་བྱེད་སྟངས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། ཚན་རིག་དང་མཐུན་པའི་ངང་སྔོ་འགྱུར་དེ་སོན་འདེབས་དང་། བདག་སྐྱོང་། གཡོག་བྱེད་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ལྷོ་རི་བྱང་རི་སྔོ་འགྱུར་བྱེད་རིང་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་དང་འདེགས་སྐྱོར་བྱེད་ཚད་སྔར་བས་མཐོ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷོ་རི་བྱང་རི་སྔོ་འགྱུར་བྱེད་པ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ལ་དམ་པོར་དམིགས་ནས། ཏན་ཏན་ཏིག་ཏིག་ངང་དུས་མཚམས་ཁག་གི་ལས་དོན་བསྒྲུབས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་། ལམ་སྲོལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་ལས་དོན་གལ་ཆེན་ལ་བརྩི་བ། འགོ་ཁྲིད་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཡག་པོ་འཁུར་བ། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ཞིབ་ཕྲར་དམ་འཛིན་དང་དམ་འཛིན་ཞིབ་ཕྲ་བྱེད་པ། བཀོད་འདོམས་པུའི་གཞུང་ལས་ཁང་གིས་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁོངས་མིའི་ཚན་པ་ཁག་གིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བཅས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ལྟ་བཤེར་སྒྲུབ་སྐུལ་དང་ཕན་འབྲས་རྗེས་འདེད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་ཚོད་ཀྱི་མཚམས་ཚིགས་གཞིར་བཟུང་རྣམ་གྲངས་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བའི་དོན་སྙིང་གལ་ཆེན་དང་། ཉམས་མྱོང་། བྱ་ཐབས་བཅས་དྲིལ་བསྒྲགས་བྱེད་པ། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། སྤྱི་ཚོགས་ཡོངས་ཀྱི་མིག་དཔེ་སྟོབས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་བ། སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་གྱི་རྗེས་སྙེག་པ། སྔོན་ཐོན་བརྩོན་ལེན་བཅས་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ནགས་བཟོ་སྔོ་འགྱུར་ལ་ཧུར་ཐག་ཞུགས་པར་སྐུལ་ལྕག་བཅས་བྱས་ནས་སྔོ་ལྗང་ལ་དགའ་ཞེན་དང་། ལྗོན་ཤིང་འདེབས་པ། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་བྱེད་པ་གངས་ལྗོངས་ས་མཐོའི་དར་སྲོལ་དུ་འགྱུར་བར་བྱེད་དགོས།
ཚོགས་འདུའི་ཐོག་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།