ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གནས་ནང་དགོན་གནའ་དཔེ་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་་་

སྤེལ་དུས 2025-03-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

    ཉེ་ཆར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་གནས་ནང་དགོན་གནའ་དཔེ་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་ཆིངས་འཇོག་པའི་མཛད་སྒོ་སྤེལ་ཞིང་། མཉམ་ལས་དེའི་དམིགས་ཡུལ་ནི་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པ་དང་། དུས་རབས་གསར་པའི་གནའ་དཔེ་ལེགས་སྒྲིག་པར་སྐྲུན་གྱི་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན།

    བོད་ཡིག་གི་གནའ་དཔེའི་ཡིག་ཚང་མང་ཆེ་བ་ནི་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཀྱི་ཡིག་ཚང་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རིམ་བྱུང་གི་བསམ་བློ་དང་བློ་གྲོས་ཀྱི་ཉིང་བཅུད་ཀྱང་ཡིན། བོད་ཡིག་གི་གནའ་དཔེ་ལ་མ་ལག་ཅན་གྱིས་ལེགས་སྒྲིག་དང་སྲུང་སྐྱོང་བྱས་ན་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཕན་ཐོགས་པར་མ་ཟད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལོ་རྒྱུས་འཕེལ་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ཚད་ལྡན་ཡིག་ཆ་ཡང་མཁོ་འདོན་བྱས། རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ལེགས་སྐྱེས་འབུལ་ཐུབ།   

    ད་ཐེངས་ཀྱི་མཉམ་ལས་དེས་ཕྱོགས་གཉིས་པོས་གནའ་དཔེ་དཔེ་སྐྲུན་དང་། རྟེན་གཞི་མཉམ་སྐྲུན། རྣམ་གྲངས་རེ་ཞུ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་ནས་མཉམ་ལས་གཏིང་ཟབ་དང་གཉིས་ཁེ་གཉིས་ཕན་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པར་མ་ཟད། དགོན་སྡེ་དང་དཔེ་སྐྲུན་ཁང་མཉམ་ལས་ཀྱིས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཁྱབ་ཁོངས་སུ་འཚོལ་ཞིབ་གསར་པ་བྱེད་པར་རམ་འདེགས་ཀྱང་བྱེད་རྒྱུ་རེད། ཕན་ཚུན་མཉམ་ལས་ཀྱི་གྲུབ་འབྲས་ཐོག་མ་སྟེ《ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གསུང་འབུམ》ནི2025ལོའི་ཟླ6པར་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།