ཟླ3པའི་ཚེས24ཉིན། ཀྲུང་དབྱང་རུལ་སུངས་ལ་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་མི་རྒྱུ་གཉིས་འདེད་དང་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། 2025ལོའི་རུལ་སུངས་ལ་ངོ་རྒོལ་གྱི་རྒྱལ་སྤྱིའི་མི་རྒྱུ་གཉིས་འདེད་དང་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ“2025ལོའི་གནམ་དྲའི”བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་ཡོད།
“2025ལོའི་གནམ་དྲའི”བྱ་སྤྱོད་ཐོག་ཞིབ་ཕྲའི་བཀོད་སྒྲིག་འདི་དག་ཡོད་པ་སྟེ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ལས་ཐོག་ཉེས་གསོག་གི་རྒྱལ་ཁོངས་ཕྱིའི་ཁྲིམས་འགལ་མ་དངུལ་ཚུར་ལེན་དང་གྱོང་གུན་གསབ་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དང་། སྤྱི་བདེ་པུས་“ཝ་རྔོན”ཆེད་དོན་བྱ་སྤྱོད་སྤེལ་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་བདེ་པུའུ་དང་མཉམ་དུ་རྒྱལ་ཁོངས་ཕྱིར་ཐོ་འགོད་བྱས་པའི་ཀུང་སི་དང་གསང་བའི་ཁྲིམས་འགལ་དངུལ་ཁང་ལ་བརྟེན་ནས་རྒྱལ་ཁོངས་ཕྱིར་ཁྲིམས་འགལ་མ་དངུལ་སྤོ་སྒྱུར་བྱེད་པ་སྔོན་འགོག་དང་དེར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྤྱི་བདེ་པུའུ་དང་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུད་དང་མཉམ་དུ་དཔོན་ཧྲེང་གི་འགན་འཛིན་ལས་གནས་དོ་དམ་དང་། གཞུང་དོན་ལས་སྒྲུབ་མི་སྣ་སྒེར་དོན་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི་རོལ)ལ་འགྲོ་བའི་སྒྲིག་འགལ་གནད་དོན་བཅོས་སྐྱོང་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་རེད།