ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སུའུ་ཏན་ནུབ་རྒྱུད་ལ་མཁའ་རྒོལ་ཕོག་ནས་མི་བརྒྱ་ཕྲག་རྐྱེན་ལམ་དུ་ཤོར།

སྤེལ་དུས 2025-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས25ཉིན། སུའུ་ཏན་གྱི་དམངས་ཁྲོད་རྩ་འཛུགས“ཛ་དྲག་ཁྲིམས་རྩོད་པའི་མཐུན་ཚོགས”ཀྱིས་སུའུ་ཏན་ནུབ་རྒྱུད་ཀྱི་པེ་ཏར་ཧྥུར་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཧྥ་ཞིར་གྲོང་ཁྱེར་གྱི་ཁྲོམ་ར་ཞིག་ལ་མཁའ་རྒོལ་ཕོག་ཅིང་། དེ་ལས་མི་བརྒྱ་ཕྲག་རྐྱེན་ལམ་དུ་ཤོར་བ་རེད་ཅེས་བརྗོད།

     “ཛ་དྲག་ཁྲིམས་རྩོད་པའི་མཐུན་ཚོགས”ཀྱིས་སུའུ་ཏན་དྲག་ཆས་དཔུང་སྡེ་ཡིས་ཐེངས་འདིའི་མཁའ་རྒོལ་སྤེལ་བ་རེད་ཅེས་སྐྱོན་འཛུགས་བྱས། སུའུ་ཏན་དྲག་ཆས་དཔུང་སྡེ་ཡིས་གནས་སྐབས་སུ་དེའི་ཕྱོགས་ལ་ལན་བཏབ་མེད།

     2023ལོའི་ཟླ4པའི་ཚེས15ཉིན། སུའུ་ཏན་དྲག་ཆས་དཔུང་སྡེ་དང་སུའུ་ཏན་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་གཉིས་བར་རྒྱལ་ས་ཁར་ཐུའུ་མུའུ་རུ་དྲག་ཆས་གདོང་ཐུག་བྱུང་ཞིང་། དེ་རྗེས་དམག་འཁྲུག་གི་མེ་ལྕེ་རིམ་གྱིས་ས་ཁུལ་གཞན་དག་ཏུ་ཁྱབ། ལོ་གཉིས་ལ་ཉེ་བའི་རིང་ལ་རྒྱུན་མཐུད་བྱས་པའི་དྲག་པོའི་གདོང་ཐུག་ཁྲོད་དུ་མི་ཁྲི2.97ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི1290ཙམ་ཡུལ་གྱར་དུ་ཕྱིན་དགོས་པ་བྱུང་། ཏར་ཧྥུར་ས་ཁུལ་ནི་གདོང་ཐུག་བྱུང་སའི་གཡུལ་ས་གཙོ་བོ་ཞིག་ཡིན། ས་ཁུལ་དེའི་ཁོངས་གཏོགས་ཀྱི་ཁུལ་ལྔའི་ནང་དུ་ཏའར་ཧྥུར་ཁུལ་བྱང་མ་ཕུད། གཞན་དག་ཁུལ་བཞི་བོ་ནི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་ཚོད་འཛིན་བྱས་ཡོད། ན་ནིང་ཟླ4པ་ནས་བཟུང་། གདོང་ཐུག་ཕྱོགས་གཉིས་པོས་ཏར་ཧྥུར་ཁུལ་བྱང་མ་ཡི་ཚོད་འཛིན་དབང་ཆར་དམིགས་ནས་རྒྱུན་མཐུད་ནས་འཕྲོག་རྩོད་བྱས་པ་རེད།