ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2024ལོའི་ནོར་སྲིད་གསལ་ཐོ་ཀུན་གསལ།

སྤེལ་དུས 2025-03-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

        ཚེས24ཉིན་ནོར་སྲིད་པུས“2024ལོའི་ཀྲུང་གོའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ”ཞེས་པ་ཁྱབ་བསྒྲགས་བྱས། སྙན་ཞུའི་ནང་གསལ་བར།

        1.མཐོ་སློབ་ཐད་ཀྱི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་སྤྲོད་ཡུལ་གྱི་མི་གྲངས་ལྡབ་འཕར་དང་། སློབ་གསོའི་རོགས་དངུལ་གྱི་རོགས་སྐྱོར་ཚད་གཞི་མཐོར་གཏོང་དང་ཁྱབ་རྒྱ་ཆེར་གཏོང་། དེ་བཞིན་སློབ་རོགས་དངུལ་བུན་གྱི་གྲངས་ཚད་མཐོར་གཏོང་བཅས་བྱས་ནས་དངོས་ཚན་དང་ཆེད་ཚན་སློབ་མར་སྒོར20000བར་དང་ཞིབ་འཇུག་སློབ་མར་སྒོར25000བར་མཐོ་རུ་བཏང་བ་དང་དངུལ་བུན་སྒོར་དུང་ཕྱུར955ཙམ་གཏོང་སྤྲོད་བྱས་པས་སློབ་མ་ཁྲི3400ལྷག་ཙམ་ལ་ཕན་པ་སྐྲུན་ཡོད།

        2.ཀྲུང་དབྱང་ནོར་སྲིད་ཀྱིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭར་རྒྱབ་སྐྱོར་བྱེད་རྒྱུའི་ཐད་སྒོར་དུང་ཕྱུར707.8བཏང་སྟེ།  གན་རྒྱའི་དཔྱ་ཁྲལ་གྱི་གཟིགས་སྐྱོང་བྱས་པའི་ཁང་པའི་རྒྱ་ཁྱོན་ཚད་གཞི་སྨི་ངོས་གྲུ་བཞི་མ90ནས140བར་མཐོ་རུ་བཏང་ཡོད།

        3.ལས་ཞུགས་ཐད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར667.4བཏང་ནས།  གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་གསར་པ་མི་ཁྲི1200ལས་བརྒལ་རྒྱུར་སྐུལ་ཁྲིད་བྱས་པ་དང་། རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ཐེབས་རྩའི་ཁག་ཐེག་བསྐྱར་མའི་ལས་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི5.390ཟིན་པ་དང་ཞབས་ཞུའི་ལས་ཞུགས་མི་ཐེངས་ཁྲི4600ལས་བརྒལ་ཡོད།

        4.འབྱོར་འཁོས་ཞན་པའི་ཁྱིམ་ཚང་གི་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་སྟེ། སློབ་ཆུང་གི་སློབ་མར་ལོ་རེར་སྒོར1000ནས་སྒོར1250བར་མང་དུ་བཏང་བ་དང་། དམའ་འབྲིང་གི་སློབ་མར་ལོ་རེར་སྒོར1250ནས་སྒོར1500བར་མང་དུ་བཏང་བས།  སློབ་མ་ཁྲི2000ཙམ་ལ་ཕན་པ་ཐོབ་ཡོད།

        5.གཞི་རྩའི་རྒན་གསོ་འགན་བཅོལ་ཐད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.1ཙམ་བཏང་བ་དང་།  རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ལེགས་སྒྲིག་མ་དངུལ་སྒོར་དུང་ཕྱུར2533ཙམ་ཟིན་ཞིང་། རྒན་གསོའི་ཕན་བདེའི་ལས་དོན་ཐད་མ་དངུལ་སྒོར་དུང་ཕྱུར41.4ཙམ་དང་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་དང་ཁྱིམ་ཚང་ཞབས་ཞུའི་མ་དངུལ་སྒོར་དུང་ཕྱུར12བཅས་ཟིན་ཡོད།