ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སྦྲགས་བརྟག་ཞིབ་གནང་བ།

སྤེལ་དུས 2025-03-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་3ཚེས་23དང་24ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། ཞིང་ལས་ཐོན་སྐྱེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། དགོན་སྡེ་དོ་དམ་བཅས་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོར་དཔྱིད་རྨོད་དཔྱིད་འདེབས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་སྟེ། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་བཞིན་པ།
  ● རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་ཞིག་བྱེད་དགོས།
  ཟླ་3ཚེས་23ཉིན་དང་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་རྒྱལ་ཡོངས་ཚོཌ་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་སྦྲགས། ཞིང་ལས་ཐོན་སྐྱེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། དགོན་སྡེ་དོ་དམ་བཅས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གདེང་ཚོད་བརྟན་གཏོང་དང་ངར་ཤུགས་གཅིག་སྒྲིམ་གྱིས་ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་པ་དང“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་ཞིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
  ཤའོ་ཡིའུ་ཚའེ་དང་། ཀུང་ཧུའེ་ཚའེ། བསྟན་པ། ཀྲང་ཧུང་པོ། ཀྲའོ་ཕེང་བཅས་ཞུགས་ཡོད་པ་རེད།
  ཝང་ཅུན་ཀྲེང་གིས་གང་དུ་ཕེབས་ཀྱང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཚུལ་གྱི་སྙན་སེང་ནན་ཏན་གསན་པ་དང་། གྲོང་གསེབ་དང་ཁེ་ལས་ཀྱི་ཐོན་སྐྱེད་འཐབ་ཕྱོགས་དང་པོར་ཕེབས་ནས་གཞི་རིམ་ལས་བྱེད་མང་ཚོགས་དང་ངོ་ཐུག་མཉམ་འཛོམས་ཀྱིས་སྤེལ་རེས་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་རེད།
  དཔྱིད་འདེབས་ཀྱི་ཞིང་བྲེལ་དུས་དང་ཏག་ཏག་འཁེལ་བས། སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོར་ཞིང་སྤྱོད་འཕྲུལ་ཆས་བྲེལ་འཚུབ་ཆེན་པོས་ལས་ཀ་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་ཞིང་ནང་དང་མུ་ཁར་ཕེབས་ནས་དཔྱིད་རྨོད་དཔྱིད་འདེབས་བྱེད་ཚུལ་གཟིགས་ཞིབ་གནང་བ་དང་དུས་མཚུངས་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། “ས་ཞིང་མུའུ་གཅིག་གི་འདེབས་འཛུགས་མ་གནས་ག་ཚོད་ཙམ་རེད་དམ” “སོན་བཟང་གསོན་ཚད་ག་ཚོད་ཙམ་ཟིན་གྱི་འདུག་གམ”“ཞིང་ལས་འཕྲུལ་ཆས་ཅན་ཁྱབ་གདལ་གཏོང་ཚད་ཆུ་ཚད་གང་འདྲ་ཞིག་ལ་སླེབས་ཡོད་དམ”ཞེས་ཝང་ཅུན་ཀྲེང་གིས་གཟིགས་ཀྱིན་དུ་བཀའ་འདྲི་གནང་བ་མ་ཟད། ས་གནས་དེ་གས་ཞིང་ལས་དུས་ཚོད་དམ་འཛིན་བྱས་ནས་སྤུས་ཚད་མཐོ་པོས་དཔྱིད་རྨོད་དཔྱིད་འདེབས་བྱེད་པ་དང་། ས་ཞིང་བཟང་པོ་དང་། ས་བོན་བཟང་པོ། གོ་སྐབས་བཟང་པོ། ཐབས་ཤེས་བཟང་པོ། ལམ་ལུགས་བཟང་པོ་བཅས“བཟང་པོ་ལྔའི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་ཞིང་ལས་ལ་ལོ་ལེགས་ཡོང་བར་འགོ་ཡག་པོ་འཛུགས་དགོས་པའི་བཀའ་མངགས་གནང་བ་རེད། དར་རྒྱས་ཤང་དར་རྒྱས་ཕུན་ཚོགས་ཞིང་འཕྲུལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་དེང་རབས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་བརྒྱུད་ཞིང་དུད་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཝང་ཅུན་ཀྲེང་མཉམ་ལས་ཁང་དུ་ཕེབས་ནས་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་སྟེ། ཁོང་ཚོས་མཉམ་ལས་ཁང་གི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཞིང་ལས་ཚན་རྩལ་ཁྱབ་སྤེལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཞིང་འཕྲུལ་ཞིང་ཆས་ཁྱབ་གདལ་བཀོལ་སྤྱོད་བྱེད་པ། ཁྲོམ་རའི་ལས་སྒོ་རྒྱ་སྐྱེད་གཏོང་བ། ལས་ཀའི་ལས་ཕྱོད་ཆེ་རུ་གཏོང་བ། གྲོང་ཚོ་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེ་རུ་གཏོང་བ། ཞིང་འབྲེལ་ཞིང་ཕྱུག་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ལ་ཞིང་ལས་ཚན་རྩལ་བཀོལ་སྤྱོད་དང་ཐོན་ལས་འཕེལ་རྒྱས་བརྒྱུད་ཡོང་འབབ་དེ་བས་མང་བ་འཕར་བ་དང་ཕན་འབྲས་དེ་བས་ཆེ་བ་ཐོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
  མལ་གྲོ་གུང་དཀར་རྫོད་རྒྱ་མ་ཤང་བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིར། ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་ངོ་སྤྲོད་གསན་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་གཏོང་ཡང་གནང་ཞིང་། ཝང་ཅུན་ཀྲེང་གིས་ཚན་རིག་ཞིབ་འཇུག་ལ་མ་དངུལ་གཏོང་ཤུཌ་ཆེ་རུ་གཏོང་བ་དང་། ཚན་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུཌ་གསར་མ་འཕེལ་རྒྱས་གཏོང་བ། ཐོན་རྫས་ལག་རྩལ་དང་། བཟོ་རྩལ་སྒྲིག་ཆས། ནུས་ཕྱོད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཁྲོམ་རའི་དགོས་མཁོ་སྐོང་བའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཐོན་སྐྱེད་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། “ལྗང་མདོག་གཏེར་རི་དང་ལྗང་མདོག་གཏེར་ལས”ཧུར་ཐག་སྐྲུན་པ་བཅས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་དུས་མཉམ་དུ་ཆེ་རུ་གཏོང་དགོས། “དོན་ཆེན་བཞིར”དམིགས་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ། ལས་ཞུགས་བསྡུ་ལེན་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཅིག་ཤེས་ཀུན་གྲོལ་དང་སྒྲིག་སྲོལ་ལམ་ལུགས་བཟོས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་ཏན་ཏིག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་མལ་གྲོ་གུང་དཀར་རྫོང་ཀ་ཚལ་དགོན་པར་ཕེབས་ནས་དགོན་སྡེའི་རྒྱུན་གཏན་དོ་དམ་ལ་ཤུགས་སྣོན་རྒྱག་ཚུལ་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཁོང་གིས་འདུ་ཁང་དུ་ཕེབས་ནས་དགོན་སྡེའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རིག་དངོས་སྲུང་སྐྱོང་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཝང་ཅུན་ཀྲེང་གིས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་རང་ངོས་ཀྱི་བློ་སྦྱོང་རིམ་སྤོར་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚན་ལྡན་པ། ཀུན་སྤྱོད་ཐད་དམངས་བློ་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ”བཅས་ཀྱི་ཚད་གཞིའི་བླང་བྱ་ལག་ལེན་བསྟར་དགོས། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དངོས་འབྲེལ་ཡག་པོ་བཤད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་བསྐྱེད་བཏང་ནས་གྲྭ་བཙུན་གྱི་རང་ངོས་སློབ་གསོ་དང་རང་ངོས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། གྲྭ་བཙུན་གྱིས“འདུ་ཤེས་གསུམ”ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་ལྕག་སྐུལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
  བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། དམ་པ་དོན་གཉེར་དང་སྔོན་གཏོད་ལེགས་བརྩོན་བྱེད་པ། ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། ལྷ་སའི་འཕེལ་རྒྱས་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་དང་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་རྒྱུན་འཁྱོངས་བྱས་ཏེ་ལྷོད་གཡེང་བག་མེད་ཀྱི་བསམ་བློ་དང་དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས། ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་རྟག་ཏུ་སྒྲུབ་པ་དང་གཞི་རིམ་དུ་དོན་འཁྱོལ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ནུས་ལྡན་གྱི་མ་འཇོག་རྒྱུན་མཐུད་རྒྱ་ཆེར་གཏོང་བ། ཐོན་ཁུངས་ཀྱི་རྒྱུ་སྤུས་དང་ཁྱད་ལྡན་ལེགས་ཆར་ཞིབ་འཇུག་གཏིང་ཟབ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོ་འཛུགས་པ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོར་སྐྲུན་དགོས། སྐྱེ་ཁམས་ཕན་འབྲས་ཆེར་གཏོང་དང་ཞིང་འབྲོག་པའི་འབབ་འཕར་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རི་བོ“སྔོ་ལྗང”དུ་འགྱུར་བར་བྱེད་དགོས་ལ་མང་ཚོགས“ཕྱུག་པོ”ཡང་ཆགས་པར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་གཅིག་གྱུར་དམ་ཟབ་ཡོང་བ་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདོད་ལ་དམ་པོར་དམིགས་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ནན་ཏན་ངང་ལེགས་པར་སྒྲུབ་པ། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ངལ་ནུས་ཕྱིར་གཏོང་ལས་དོན་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དེ་བས་ལེགས་པའི་སྒོ་ནས་སྐོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་ངང་སྤེལ་བ་དང་། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་ལས་བྱེད་པས་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་ཐོབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས།