ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་ཀྱི་གོང་ལ་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་ཞིབ་ཚོ་ཆུང་ཁག་དང་པོ་ཞིང་ལྗོངས་དྲུག་ཏུ་བཅའ་སྡོད་བྱས་ཟིན་ཡོད།
རེས་སྐོར་འདིའི་སྐོར་ཞིབ་བྱ་ཡུལ་གྱི་ཞིང་ལྗོངས་གང་དག་ཡིན་ནམ།
ཏང་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་ཞིབ་ཚོགས་པས་ཧོ་པེ་ཞིང་ཆེན་དང་། ཧྲན་ཞི། ནང་སོག་རང་སྐྱོང་ལྗོངས། ཅི་ལིན་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཅང་ཞི་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཧའེ་ནན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ལ་རྒྱུན་སྲོལ་གྱི་སྐོར་ཞིབ་བྱ་རྒྱུ་དང་། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ལ་རིམ་འཕར་སྐོར་ཞིབ་བྱ་རྒྱུ་མ་ཟད། འབྲེལ་ཡོད་ཞིང་ཆེན་ཨུ་ལྷན་གྱི་སྐོར་ཞིབ་ལས་ཁུངས་དང་མཉམ་དུ་ཁྲང་ཁྲུན་གྲོང་ཁྱེར་དང་། ཧང་ཀྲོའུ་གྲོང་ཁྱེར། ཉིང་པོ་གྲོང་ཁྱེར། ཝུའུ་ཧན་གྲོང་ཁྱེར། ཁྲེང་ཏུའུ་གྲོང་ཁྱེར་བཅས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ལྔ་ལ་མཉམ་འགུལ་སྐོར་ཞིབ་བྱ་རྒྱུ་རེད།
གནད་དོན་གང་དག་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་ལ་སྙན་སེང་ཞུ་ཆོག་གམ།
སྐོར་ཞིབ་ལས་དོན་སྤེལ་ཕྱོགས་ཀྱི་སྲོལ་ཡིག་གི་གཏན་འབེབས་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གིས་གཙོ་བོ་སྐོར་ཞིབ་བྱ་ཡུལ་ས་ཁུལ་གྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་གཙོ་གནད་ལས་གནས་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་མཚོན་པའི་ཡི་གེ་དང་། ཁ་པར། ངོ་གཏུགས་བཅས་ཀྱི་ཞུ་བཅར་དང་ལེན་བྱེད་ཀྱི་ཡོད། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་སྲོལ་སོགས་དང་འགལ་བའི་ཐད་ཀྱི་ཐེར་འདོན་དང་བསམ་འཆར་ཡིན། སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་གཞན་དག་གཏན་འབེབས་ལྟར་འབྲེལ་ཡོད་ཚན་པས་ནན་ཏན་ངང་ཐག་གཅོད་བྱ་རྒྱུ་ཡིན།
ཐབས་ལམ་གང་དག་བརྒྱུད་དེ་སྐོར་ཞིབ་ཚོ་ཆུང་ལ་གནད་དོན་སྙན་སེང་ཞུ་ཐུབ་བམ།
སྐོར་ཞིབ་བྱེད་རིང་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་ཁག་ཚང་མས་ཆེད་དོན་ལས་རེས་ཁ་པར་དང་། ཆེད་དོན་སྦྲག་སྲིད་ཡིག་སྒམ་བཙུགས་ནས་མང་ཚོགས་ཀྱི་ཡི་གེ་དང་། ཁ་པར། ངོ་གཏུགས་བཅས་ཀྱི་ཞུ་བཅར་དང་ལེན་བྱེད་ཀྱི་ཡོད།
བཅའ་སྡོད་བྱས་ཟིན་པའི་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་ཁག་ལ་འབྲེལ་གཏུག་བྱེད་སྟངས་གཤམ་གསལ་གྱི་རེའུ་མིག་ལྟར་ཡིན།