ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སོག་བོད་སློབ་གྲྭའི་གནས་རྙིང་ཁུལ་དུ་འགྲེམས་སྟོན་འདི་འདྲ་ཞིག་འདུག

སྤེལ་དུས 2025-04-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ།

       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས18ཉིན། སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གིས2025ལོའི་དུས་ཐེངས་གཉིས་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ཐེངས་འདིའི་ཉམས་ལེན་རྣམ་གྲངས་དེས“ཕུའུ་ཅང་གཙང་པོའི་རླབས་རྒྱུན་གངས་ལྗོངས་དང་འབྲེལ། ཀྲུང་ཧྭ་སེམས་མཐུན་མཉམ་འདྲེས་གཏིང་ཟབ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཧྲང་ཧའེ་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱིས་ཐུན་མོང་ཐོག་སྒྲུབ་འགན་འཁུར། 

འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་གླུ་གར་འཁྲབ་སྟོན་བྱེད་བཞིན་པ། 

       འགོ་ཚུགས་མཛད་སྒོ་ནི་དཔྱིད་ཆར་ཟམ་ཟིམ་གྱི་ཁྲོད་ནས་འགོ་ཚུགས་ཤིང་། ལྷ་མོ་དང་། ཅིང་ཅུས་ཟློས་གར། ཧྲང་ཧའེ་ཟློས་གར་བཅས་དུས་གཅིག་ཏུ་འཁྲབ་སྟོན་བྱས་ཤིང་། མི་རིགས་བྲོ་གར་ཡང་རེས་མོལ་ངང་གར་སྟེགས་སུ་མངོན།《གློག་སྒྲོན་ཁྲོད་ཀྱི་ཀྲུང་གོ》ཞེས་པའི་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་བསྟུན་ནས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་ཡིད་འགུལ་ཐེབས་ཏེ་ལག་ཐོགས་ཁ་པར་གྱིས་བརྙན་ལེན་བཞིན་འདུག 

       རྣམ་གྲངས་ཉམས་ལེན་གྱི་ཡུལ་དངོས་སུ“འཁོར་ཁང”ཞིག་ཡོད་པ་དེ་མི་རྣམས་ཀྱིས་དོ་ཁུར་བྱ་ཡུལ་དུ་འགྱུར་ཞིང་། “འཁོར་ཁང”གཡས་གཡོན་གྱི་སྒེའུ་ཁུང་ཁ་ཤས་ནང་དུ་གངས་ལྗོངས་ས་མཐོའི་བོད་ལྗོངས་ཀྱི་ཁྱད་ལྡན་བསམ་བཀོད་ཐོན་རྫས་དང་། ཧྲང་ཧའེ་ཡི་རི་བོང་དཀར་པོ་རྟགས་ཅན་གྱི་འོ་མ་བྱི་རིལ། གསང་སྒམ་སོགས་ཐོན་རྫས་སོ་སོར་འགྲེམས་སྟོན་བྱས་ཡོད། དྲོད་ཁོལ་འཐུལ་བའི་འོ་ཇ་དང་བོད་ཐུག ཧྲི་ཁུའུ་མོན་བཟོ་སྐྲུན་རྣམ་པའི་འགྲེམས་སྟོན་བྱས་པ་བཅས་ལས་ལྟད་མོ་བ་ཚོས་བོད་ལྗོངས་དང་ཧྲང་ཧའེ་ལ་རྒྱུས་ལོན་གསལ་པོ་བྱུང་ཡོད། 

འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་གླུ་གར་འཁྲབ་སྟོན་བྱེད་བཞིན་པ། 

       ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ནི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྒྱབ་སྐྱོར་འོག རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་པེ་ཅིང་གྲོང་ཁྱེར་དང་མཉམ་འབྲེལ་ངང་བསྐྲུན་པ་ཞིག་ཡིན་ཞིང་། འགྲེམས་ཁང་དེ2023ལོའི་ཟླ3པར་ཕྱོགས་ཡོངས་ནས་ཉམས་གསོ་བྱས་རྗེས་སུ་དངོས་སུ་སྤྱི་ཚོགས་ལ་ཕྱོགས་ནས་སྒོ་ཕྱེས་པ་དང་། ད་བར་རིམ་རྩིས་བརྒྱབ་ན་ལྟད་མོ་བ་ཁྲི100ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་རྣམ་གྲངས་ཀྱི་དུས་ཡུན་ནི་ཟླ3ཡིན་ལ། ཟླ7པའི་བར་དུ་སྒོ་འབྱེད་རྒྱུ་རེད།  

ཉམས་ལེན་ཁང་ནང་གི་མེ་འཁོར་འཁོར་ཁང་རྣམ་པའི་བསམ་བཀོད་ཐོན་རྫས་འགྲེམས་སྟོན་བྱ་ཡུལ།

ཉམས་ལེན་ཁང་ནང་དུ་འགྲེམས་སྟོན་བྱས་པའི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས།

ཉམས་ལེན་ཁང་ནང་དུ་འགྲེམས་སྟོན་བྱས་པའི་བོད་ལྗོངས་ཀྱི་བསམ་བཀོད་ཐོན་རྫས།

ཉམས་ལེན་ཁང་ནང་གི་རྩམ་པ་བརྫི་སའི་ཉམས་ལེན་ཁུལ།

ཉམས་ལེན་ཁང་ནང་གི་འཛུམ་མདངས་པར་རིས་ཀྱི་གྱང་།