ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ཀྲུང་གོའི་སེམས་པ་མཉམ་གཏོད”སྨན་བཅོས་བྱེད་སྒོ་ཧུའུ་པེ་ནས་སྤེལ་བ།

སྤེལ་དུས 2025-04-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྨན་བཅོས་སྤྱི་ཕན་གྱི་བྱེད་སྒོ་ཆེན་མོར་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་ལའེ་ཧྥུང་རྫོང་དུ་སྤེལ་ཞིང་། པེ་ཅིང་ནས་ཡོང་བའི་སྨན་བཅོས་ཆེད་མཁས་པ་མང་པོ་པའེ་ཕུའུ་སི་གྲོང་རྡལ་ཧྲེ་སྨི་ཧུའུ་གྲོང་ཚོར་བསྐྱོད་ནས། ས་གནས་དེ་གའི་མང་ཚོགས་ལ་བདེ་ཐང་འོས་འགན་གྱི་སྨན་བཅོས་ཞབས་འདེགས་ཞུས།  བྱེད་སྒོའི་ཡུལ་དངོས་སུ་སྨན་བཅོས་ཆེད་མཁས་པ་ཚོས་གཅིག་གཏད་གཅིག་གི་སྒོ་ནས་བློ་འདྲི་དང་། ནད་རིགས་གྲལ་བཤེར། བདེ་ཐང་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གྲོང་མི་རྣམས་ལ་ཕྱོགས་ཡོངས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ་དང་། གཙོ་ཆེར་རི་ཁུལ་དུ་རྒྱུན་དུ་མཐོང་མང་བའི་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་སོགས་གཅོང་ནད་རིགས་ལ་ཆེད་ལས་དཔྱད་དཔོག་བྱས་ནས། རང་སོ་སོའི་ཁྱད་ཆོས་ལྡན་པའི་འགོག་བཅོས་ཇུས་གཞི་ཡང་བཏོན།  

འོས་འགན་སྨན་བཅོས་བྱེད་མཁན་གྱི་སྨན་པ་ཚོས་མཉམ་པར་རྒྱག་བཞིན་པ།

སྨན་པ་ཀྲའོ་ཡུང་གིས་མང་ཚོགས་ལ་ནད་གཞི་ལྟ་བཞིན་པ།

སྨན་ལེན་སའི་ཁུལ།

མང་ཚོགས་ཀྱིས་སྨན་ལེན་བཞིན་པ།