《སྲིད་གཞུང་གི་ལས་དོན་སྙན་ཞུ》ཡི་མི་རིགས་ཡི་གེའི་དེབ་རྐྱང་མ་དཔར་སྐྲུན་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས2025ལོའི་ཟླ3ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི《སྲིད་གཞུང་གི་ལས་དོན་སྙན་ཞུ》ཡི་སོག་པོ། བོད། ཡུ་གུར། ཧ་སག ཁྲའོ་ཞན། དབྱིས། ཀྲོང་སོགས་མི་རིགས7གྱི་ཡི་གེའི་པར་གཞིའི་དེབ་རྐྱང་མ་དེ་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཡིག་སྒྱུར་བྱས་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་བརྒྱུད། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།