ཉིན་གཅིག་གི་དུས་ཚོད་ཆེས་རྩ་ཆེ་ཤོས་ནི་ཞོགས་པ་ཡིན་ལ། ཞོགས་པའི་དུས་ཚོད་ནི་ལུས་གསོ་བའི་དུས་ཚོད་ཡག་ཤོས་ཡིན། འོན་ཀྱང་ཁྱེད་ཀྱིས་ཤེས་སམ། ཆུ་འཐུང་བ་དང་། བཙོག་པ་གཏོང་བ། ཞོགས་ཟས་ཟ་བ་བཅས་ནི་གཟུགས་གཞི་བདེ་ཐང་གི་སྨན་ཡག་ཤོས་ཡིན། བྱེད་སྟངས་འགྲིག་ན་ནད་འགོག་ཐུབ་ལ་གཟུགས་པོ་ཐང་དུ་འགྲོ་སྲིད་མོད། འོན་ཀྱང་བྱེད་སྟངས་ནོར་ན་ལུས་ལ་གནོད་ཀྱི་འདུག
1.ཞོགས་པར་མལ་ལས་ལངས་རྗེས་ཆུ་འཐུང་བ།
གོམས་གཤིས་བཟང་པོ།
ཞོགས་པར་མལ་ལས་ལངས་རྗེས་ཆུ་ཁོལ་དྲོད་འཇམ300mlདལ་མོར་འཐུང་ན། ཁྲག་སླ་རུ་འགྲོ་བ་དང་ཁྲག་རེངས་ཀྱི་ཉེན་ཁ་ཆུང་དུ་ཕྱིན་ནས་གྲིབ་ནད་སྔོན་འགོག་བྱེད་ཐུབ།
གོམས་གཤིས་ངན་པ།
སྦྲང་རྩིའི་ཆུ་འཐུང་བ།
དོན་དངོས་ཐོག་སྦྲང་རྩིའི་ནང་གི70%ཡན་གྱི་གྲུབ་ཆ་ཚང་མ་མངར་ཆ་ཡིན་ལ། གཙོ་བོ་བུ་རམ་སོགས་ཀྱི་གྲུབ་ཆ་ཡིན་པས། ཞོགས་པར་མལ་ལས་ལངས་རྗེས་ལམ་སེང་སྦྲང་རྩིའི་ཆུ་འཐུང་ན་མིའི་ལུས་པོའི་ཁྲག་མངར་གར་ཚད་མཐོ་རུ་ཕྱིན་ནས་གཅིན་པ་མངར་འགྱུར་གྱི་ནད་ཕོག་མཁན་ཁ་ཤས་ལ་གནོད་པ་ཆེན་པོ་ཡོད།
ཚྭ་ཉུང་བའི་ཆུ་འཐུང་བ།
ཞོགས་པར་མལ་ལས་ལངས་རྗེས་གལ་སྲིད་ལམ་སེང་ཚྭ་ཉུང་བའི་ཆུ་འཐུང་ཚེ་ཉིན་གཅིག་ནང་གི་ཚྭ་ལེན་ཚད་བསྡོམས་འབོར་ཚད་ལས་བརྒལ་ནས། རུས་སོབ་ནད་དང་ཁྲག་ཤེད་མཐོ་བའི་ནད་སོགས་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད།
ཉིན་གཅིག་གི་དུས་ཚོད་ཆེས་རྩ་ཆེ་ཤོས་ནི་ཞོགས་པ་ཡིན་ལ། ཞོགས་པའི་དུས་ཚོད་ནི་ལུས་གསོ་བའི་དུས་ཚོད་ཡག་ཤོས་ཡིན། འོན་ཀྱང་ཁྱེད་ཀྱིས་ཤེས་སམ། ཆུ་འཐུང་བ་དང་། བཙོག་པ་གཏོང་བ། ཞོགས་ཟས་ཟ་བ་བཅས་ནི་གཟུགས་གཞི་བདེ་ཐང་གི་སྨན་ཡག་ཤོས་ཡིན། བྱེད་སྟངས་འགྲིག་ན་ནད་འགོག་ཐུབ་ལ་གཟུགས་པོ་ཐང་དུ་འགྲོ་སྲིད་མོད། འོན་ཀྱང་བྱེད་སྟངས་ནོར་ན་ལུས་ལ་གནོད་ཀྱི་འདུག
1.ཞོགས་པར་མལ་ལས་ལངས་རྗེས་ཆུ་འཐུང་བ།
གོམས་གཤིས་བཟང་པོ།
ཞོགས་པར་མལ་ལས་ལངས་རྗེས་ཆུ་ཁོལ་དྲོད་འཇམ300mlདལ་མོར་འཐུང་ན། ཁྲག་སླ་རུ་འགྲོ་བ་དང་ཁྲག་རེངས་ཀྱི་ཉེན་ཁ་ཆུང་དུ་ཕྱིན་ནས་གྲིབ་ནད་སྔོན་འགོག་བྱེད་ཐུབ།
གོམས་གཤིས་ངན་པ།
སྦྲང་རྩིའི་ཆུ་འཐུང་བ།
མི་ཁ་ཤས་ཀྱིས་ཞོགས་པར་སྦྲང་རྩིའི་ཆུ་འཐུང་བ་ནི་བཙོག་པ་གཏོང་སླ་བའི་ཆེད་དུ་ཡིན་མོད། འོན་ཀྱང་དོན་དངོས་ཐོག་སྦྲང་རྩིའི་ཆུས་བཙོག་པ་གཏོང་སླ་རུ་འགྲོ་བ་དེ་བུ་རམ་སོགས་ཀྱི་མངར་ཆའི་གྲུབ་ཆ་བཟོད་མི་ཐུབ་པའི་མི་ཚོགས་ཁོ་ནར་མ་གཏོགས་ཕན་པ་མེད། མི་ཚོགས་འདི་རིགས་ཀྱིས་བུ་རམ་སོགས་ཀྱི་མངར་ཆའི་གྲུབ་ཆ་བསྡུ་ལེན་བྱས་རྗེས་སུ་རྒྱུ་མའི་སྲིན་རྒྱུའི་སྙོམས་ནུས་ཤོར་ནས། མགྱོགས་མྱུར་བཙོག་པ་གཏོང་འདོད་པའམ་བཙོག་པ་གཏོང་ཐེངས་མང་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། འོན་ཀྱང་འདི་ནི་གོམས་གཤིས་ཡག་པོ་མིན་པས། ཡུན་རིང་སོང་ཚེ་བདེ་ཐང་ལ་གནོད།
2.ཞོགས་པར་མལ་ལས་ལངས་རྗེས་བཙོག་པ་གཏོང་བ།
གོམས་གཤིས་བཟང་པོ།
བཙོག་པ་གཏོང་སྐབས་ལས་ཀ་གཞན་མི་བྱེད་པར་བློ་རྩེ་གཅིག་སྒྲིམ་གྱིས་གཏོང་དགོས། བཙོག་པ་གཏོང་ཐེངས་རེའི་དུས་ཚོད་སྐར་མ10ལས་བརྒལ་མི་རུང་།
ཞོགས་པར་མལ་ལས་ལངས་རྗེས་ཀྱི་ཡར་ལངས་ལྡོག་འཕྲོ་ནི་རྒྱུ་མའི་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས་བཙོག་པ་གཏོང་བར་ཕན་ཐོགས་ཡོད། དེར་བརྟེན་ཞོགས་པར་མལ་ལས་ལངས་རྗེས་རྒྱུ་མ་འགུལ་སྐྱོད་བྱེད་མང་བས། མི་མང་པོ་ཞིག་གིས་དེ་དུས་བཙོག་པ་གཏོང་གི་ཡོད། དེ་ནི་གོམས་གཤིས་བཟང་པོ་ཞིག་རེད། དུས་ཐོག་ཏུ་བཙོག་པ་བཏང་ན་དུག་རྒྱུ་བསྡུ་ལེན་བྱེད་ཚད་ཉུང་དུ་ཕྱིན་ནས། རྒྱུ་མའི་གཉན་ཚད་དང་རྒྱུ་མའི་སྐྲན་ནད་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ།
གོམས་གཤིས་ངན་པ།
མི་མང་པོས་བཙོག་པ་གཏོང་སྐབས་ལག་ཐོགས་ཁ་པར་རྩེད་པ་དང་དཔེ་དེབ། ཚགས་པར་སོགས་ལྟ་གི་ཡོད། དེ་དག་ནི་གོམས་གཤིས་ངན་པ་ཡིན་ཞིང་། བཙོག་པ་གཏོང་ཡུན་སྐར་མ10ལས་བརྒལ་བ་དང་ཡུན་རིང་ཙོག་པུར་བསྡད་ན་གཞང་འབྲུམ་གྱི་ནད་ཕོག་སླ། བཙོག་པ་གཏོང་དུས་ཤུགས་ཆེན་པོ་རྒྱག་མི་རུང་། ལྷག་པར་དུ་རྒན་རྒོན་གྱིས་ཤུགས་ཆེན་པོ་བརྒྱབ་ཚེ་གློ་བུར་དུ་ཤི་བ་དང་ཀླད་པའི་ཁྲག་རྩ་གས་པ་སོགས་ཀྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་སྲིད།
3.ཞོགས་ཟས་ཟ་བ།
གོམས་གཤིས་བཟང་པོ།
ཞོགས་པར་མལ་ལས་ལངས་རྗེས་ཞོགས་ཟས་ཟ་བ།
2023ལོར《རང་བྱུང་གསར་འགྱུར》ཐོག་སྤེལ་བའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ཆུ་ཚོད8:00པའི་གོང་ལ་ཞོགས་ཟས་བཟས་ཚར་བ་དང་། ཆུ་ཚོད20:00ཡི་གོང་ལ་དགོང་ཟས་བཟས་ཚར་ན་སྙིང་ཁམས་ཁྲག་རྩའི་ནད་རིགས་སྔོན་འགོག་བྱེད་ཐུབ། ཆུ་ཚོད9:00པའི་རྗེས་སུ་ཞོགས་ཟས་ཟ་བ་དང་། ཆུ་ཚོད21:00གི་རྗེས་སུ་དགོང་ཟས་ཟ་བའི་མི་ཚོགས་ལ་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་དེ་བས་ཆེ་བ་ཡོད།
གཞན་ཡང་། 2023ལོར《རྒྱལ་སྤྱིའི་ནད་ཡམས་རིག་པའི་དུས་དེབ》ཐོག་སྤེལ་བའི་ཞིབ་འཇུག་ལས་མངོན་པ་ལྟར་ན། ཆུ་ཚོད8:00པའི་གོང་ལ་ཞོགས་ཟས་ཟ་བའི་ཚོད་ལྟར་ཞུགས་མཁན་དང་བསྡུར་ན། ཆུ་ཚོད9:00པའི་རྗེས་སུ་གཞི་ནས་ཞོགས་ཟས་ཟ་བའི་ཚོད་ལྟར་ཞུགས་མཁན་ལ་རིམ་པ་གཉིས་པའི་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཚད59%ཡིས་མཐོ་བ་ཡོད།
གོམས་གཤིས་ངན་པ།
ཡུན་རིང་ཞོགས་ཟས་མི་ཟ་བ།
ལས་ཀ་དང་སློབ་གྲྭར་འགྲོ་མཁན་གྱི་ངོས་ནས་བརྗོད་ན་ཞོགས་པའི་དུས་ཚོད་ཐུང་ཐུང་ཡིན་པས། མི་ལ་ལས་མང་ཙམ་ཉལ་ཆེད་ཞོགས་ཟས་མི་ཟ་བའམ་ཡང་ན་ལས་ཁུངས་དང་སློབ་གྲྭར་འབྱོར་རྗེས་གཞི་ནས་ཞོགས་ཟས་ཟ་གི་ཡོད། གོམས་གཤིས་འདི་རིགས་ཀྱིས་ཕོ་བའི་ནད་ཕོག་པ་དང་མཁྲིས་རྡོ་ཆགས་པའི་ཉེན་ཁ་ཆེ་རུ་འགྲོ་བ་མ་ཟད། ད་དུང་ཤ་རྒྱགས་པ་ཆགས་པ་དང་ངེས་ཤེས་ནུས་པ་དམའ་རུ་འགྲོ་སྲིད།
4.ཞོགས་པ་ད་དུང་དོ་སྣང་བྱེད་དགོས་པར། ལམ་སེང་མལ་ལངས་མི་རུང་།
གཉིད་ཉལ་བའི་སྐབས་སུ་མིའི་ཀླད་པའི་སྐྱི་མོ་ངལ་གསོ་བ་དང་ཚོད་འཛིན་གྱི་རྣམ་པར་གནས་ཤིང་། ལུས་ཁམས་ཀྱི་བྱེད་ནུས་སྣ་ཚོགས་དལ་མོར་འཁོར་སྐྱོད་བྱེད་པ་དང་། བརྗེ་ཚབ་ཀྱི་ཆུ་ཚད་དམའ་རུ་འགྲོ་བ། སྙིང་འཕར་ཚད་དལ་དུ་འགྲོ་བ། ཁྲག་ཤེད་དམའ་རུ་འགྲོ་བ་བཅས་ཡོད། གཉིད་ལས་སད་མ་ཐག་གཉིད་དུ་ཡུར་བའི་གོམས་གཤིས་འདི་ད་དུང་ཅུང་ཙམ་རྒྱུན་འཁྱོངས་བྱེད་པས། གལ་ཏེ་སྐབས་འདིར་ལམ་སེང་མལ་ལས་ལངས་ན་ཀླད་པར་ཁྲག་མཁོ་འདོན་མི་འདང་བར། གྲིབ་ནད་ཕོག་པ་དང་གློ་བུར་དུ་ཤི་བ་སོགས་ཀྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་སྲིད།
ལྷག་པར་དུ་རྒན་རྒོན་གྱི་སྒལ་ཚིགས་ཅུང་སོབ་པས། གློ་བུར་དུ་ཡར་ལངས་ཚེ་སྐེད་པ་དང་རྒྱབ་ཚིགས་འཆུས་སླ་བ་མ་ཟད། ད་དུང་དབང་རྩའི་མ་ལག་ལ་ཤུགས་རྐྱེན་ཐེབས་སྲིད། ཁྲག་ཤེད་མཐོ་བ་དང་སྙིང་ནད་ཕོག་པའི་རྒན་རྒོན་གྱིས་གལ་ཏེ་གློ་བུར་དུ་གཟུགས་གནས་ལ་འགྱུར་ལྡོག་བཏང་ཚེ། བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་སྲིད།
གོམས་གཤིས་བཟང་པོ།
མལ་ལས་ལངས་སྐབས“333”གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཉིད་ལས་སད་མ་ཐག་མིག་ཕྱེས་ནས་ཉལ་ཁྲིའི་ཐོག་སྐར་ཆ30ཉལ་བ་དང་། ཙོག་པུར་ལངས་ནས་སྐར་ཆ30སྡོད་པ། དེ་རྗེས་ཉལ་ཁྲིའི་འགྲམ་དུ་བསྡད་དེ་སྐར་ཆ30སྒུག་རྗེས་གཞི་ནས་ཉལ་ཁྲི་ལས་འབབ་དགོས།