ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་སའི་ཤེས་ལྡན་མི་སྣའི་གཟའ་འཁོར་བྱེད་སྒོ་སྐབས་གཉིས་པ་འགོ་ཚུགས།

སྤེལ་དུས 2025-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ6པའི་ཚེས8ཉིན།  “མཁས་པའི་འདུ་གནས།  དགའ་བདེའི་ལྷ་ས”ཞེས་པའི་བརྗོད་དོན་གཙོ་བོའི་ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣའི་གཟའ་འཁོར་བྱེད་སྒོ་སྐབས་གཉིས་པ་དངོས་སུ་འགོ་ཚུགས་པ་དང་།  བྱེད་སྒོའི་ནང་དུ་ཆེད་མཁས་པ་དང་།  ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ།  མཐོ་སློབ་སློབ་མ་སོགས་མི400ལྷག་ཙམ་ལྷ་སར་འཛོམས་ནས།  གྲོང་ཁྱེར་དེ་དང་མཉམ་དུ་འཕེལ་རྒྱས་དང་།  འབྱུང་འགྱུར་ལ་མཉམ་དུ་འབྲས་བཟང་ཐོབ་པར་བྱས་ནས།  ལྷ་སས་རྒྱ་ཆེའི་ཤེས་ལྡན་མི་སྣ་དང་མཉམ་དུ་འབད་བརྩོན་བྱས་ཤིང་ཕན་ཚུན་ལ་འབྲས་བཟང་ཐོབ་པར་ནུས་ཤུགས་ཆེན་པོ་བཏོན་ཡོད།

བྱེད་སྒོ་སྤེལ་ཡུལ།
            འགོ་ཚུགས་མཛད་སྒོའི་ཐོག ཚོགས་འདུར་ཞུགས་མཁན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ལྷ་སའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་དང་།  ལྷ་ས་གྲོང་ཁྱེར་ཤེས་ལྡན་མི་སྣའི་ལས་དོན་ས་ཚིགས།  ལྷ་ས་གྲོང་ཁྱེར་ཤེས་ལྡན་མི་སྣའི་ཞབས་ཞུའི་ས་ཚིགས་བཅས་ཀྱི་སྒོ་བྱང་འགེལ་བ་དང་།  རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གདན་ཞུའི་འཐུས་མི་དང་། གཉིས་འགུགས་གཉིས་འདྲེན་ཁེ་ལས་ཀྱི་འཐུས་མིས་མིང་རྟགས་འགོད་པའི་མཛད་སྒོ་འཚོགས།  

འགོ་ཚུགས་མཛད་སྒོ།
            ཤེས་ལྡན་མི་སྣའི་གཟའ་འཁོར་གྱི་རིང་ལ།  ལྷ་ས་གྲོང་ཁྱེར་གྱིས“ཤེས་ལྡན་མི་སྣ་གསོ་སྐྱོང་དང་།  ཤེས་ལྡན་མི་སྣ་གདན་ཞུ།  ཤེས་ལྡན་མི་སྣ་སྤྱོད་པ།  ཤེས་ལྡན་མི་སྣ་ཉར་བ”ཞེས་པའི་འབྲེལ་ཐག་ཡོངས་ལ་དམ་པོར་བཟུང་ནས་རིམ་ཁག་རྫོང(ཁུལ)དང་ནུས་ལྡན་གླིང་ཁུལ་ཁག་སྒྲིག་འཛུགས་བྱས་ནས་མཁས་པ་རྣམས་ཀྱིས་གཙོ་དོན་གཏམ་བཤད་དུས་མཉམ་དུ་སྤེལ་བ་དང་།  སྒོ་བྱང་འགེལ་བའི་གཙོ་དོན་བྱེད་སྒོ་དང་།  “ཐོན་ལས་ཆེན་པོ་དགུའི”མཉམ་འབྲེལ་གདན་ཞུ།  གསར་གཏོད་ལས་གཏོད་རྣམ་གྲངས་ཀྱི་ལམ་བསྒྲགས།  ཤེས་ལྡན་མི་སྣའི་ལས་ཤག་གི་ལྡེ་མིག་སྤྲོད་པ་སོགས་ཤེས་ལྡན་མི་སྣའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་ཁག9སྤེལ་ཏེ།  བྱེད་སྒོ་མང་པོར་མི་ཆོས་ཀྱི་བརྩེ་བ་དང་ཚན་རྩལ་གྱི་སྤུས་ཀ་གཉིས་ཀ་ལྡན་པས།  ལྷ་སས་ཤེས་ལྡན་མི་སྣར་བརྩི་འཇོག་དང་།  ཤེས་ལྡན་མི་སྣར་དོ་ཁུར།  ཤེས་ལྡན་མི་སྣར་རྒྱབ་སྐྱོར་བཅས་བྱེད་པའི་ཁོར་ཡུག་ཡག་པོ་བཏོད་པས་ཁྱབ་ཁོངས་མི་འདྲ་བའི་ཤེས་ལྡན་མི་སྣར་ཕན་ཚུན་སྤེལ་རེས་དང་མཉམ་ལས་སྟེགས་བུ་དེ་བས་མང་བ་མཁོ་འདོན་བྱས་ཡོད།  

འགོ་ཚུགས་མཛད་སྒོ།
            ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་བྱེད་སྒོ་དེས་ཤེས་ལྡན་མི་སྣའི་སྲིད་ཇུས་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ།  ཆེད་མངགས《ལྷ་ས་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ཕྱོགས་བསྒྲིགས》ཀྱི་དྲིལ་བསྒྲགས་ལག་དེབ་བཟོས་པ་དང་།  མི་སྒེར་གྱི་ཁ་གསབ་དང་།  ཚན་རིག་ཞིབ་འཇུག་ཁ་གསབ།  སྡོད་གནས་ཁ་གསབ།  གོ་གནས་འཕར་བར་སྐུལ་སློང་།  དངུལ་རྩའི་རྒྱབ་སྐྱོར།  སྡོད་ཁང་འགན་ལེན།  སློབ་གསོའི་འགན་ལེན།  ནང་མི་བཀོད་སྒྲིག་སོགས་ཀྱི་དོན་དག་སྔར་བས་ཞིབ་ཚགས་སུ་བཏང་ནས།  སྲིད་ཇུས་དྲིལ་བསྒྲགས་དང་ཡུལ་དངོས་སུ་དོགས་འདྲི་བསལ་བ་སོགས་ཀྱི་བྱེད་སྒོ་དུས་མཉམ་དུ་སྒྲིག་འཛུགས་བྱས་ནས་སྲིད་ཇུས་མཁོ་སྤྲོད་ལ་སྐུལ་འདེད་བཏང་སྟེ།  ཤེས་ལྡན་མི་སྣའི་ཁེ་སྤོགས་གནད་ལ་འཁེལ་བའི་སྒོ་ནས་ཐོབ་པར་ཁག་ཐེག་བྱས་ཏེ།  ལྷ་སས“ཡོན་ཏན་ཅན་ལ་བཅངས་པའི་རེ་འདུན”གྱི་ལྷག་བསམ་གང་ལེགས་མངོན་ཡོད།  

རྩོམ་སྒྲིག་པ། རིག་གྲོལ།