ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་སུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།

སྤེལ་དུས 2025-06-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་6ཚེས་26དང་27ཉིན། ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་སུ་རྟོག་ཞིབ་གནང་བ་དང་། ཚེས་26ཉིན་གྱི་ཕྱི་དྲོར་བོད་ལྗོངས་དང་ལེའི་ཉིང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
  ཟླ་6ཚེས་26ཉིན་དང་ཚེས་27ཉིན། ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། འདི་ནི་བོད་ལྗོངས་སུ་བཞུགས་རིང་། ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་ལྷ་ས་གྲོང་ཁྱེར་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་བརྟག་ཞིབ་གནང་བ།
  ཟླ་6ཚེས་26ཉིན་དང་ཚེས་27ཉིན། ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་དང་། ཚེས་26ཉིན་གྱི་ཕྱི་དྲོར། བོད་ལྗོངས་དང་ལེའོ་ཉིང་ཞིང་ཆེན་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧའོ་ཕུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཚོགས་འདུར་ཞུགས།
  བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ལེའོ་ཉིང་གིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རང་རྒྱལ་གྱི་བཟོ་ལས་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ལེའོ་ཉིང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། ལེའོ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བྱང་ཤར་དར་རྒྱས་གཏོང་རིང་མདུན་དུ་བསྐྱོད་ནས་མིག་དཔེ་བསྟན་ཏེ“འགྱུར་ལྡོག་ཆེན་པོ་བཞི”དང“མཐོར་གཏོང་གསར་པ་དྲུག”མངོན་འགྱུར་བྱུང་ནས་མི་རྣམས་སྤོབས་པ་སྐྱེས་དགོས་པ་དང་ཡིད་སྨོན་བྱེད་དགོས་པའི་གྲུབ་འབྲས་ཐོབ་ཡོད། ང་ཚོས་ལེའོ་ཉིང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་། སྔོན་ལ་སྣེ་ཁྲིད་དང་སྔོན་ལ་ཚད་བརྒལ་བྱེད་ཕོད་པའི་མིག་དཔེའི་བྱེད་ཐབས་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྔོན་ཐོན་ཉམས་མྱོང་། ལས་བྱེད་པས་དངོས་སྒྲུབ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ནས་བོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ཧུར་ཐག་སྤྱོད་ཀྱི་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱིས་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་འཐབ་ཇུས་ལས་འགན་བཀོད་སྒྲིག་བཅས་གནང་ཡོད། ད་ཆ་བོད་དུ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་མངོན་བཞིན་ཡོད།
  བོད་ལྗོངས་ཀྱི་འཕེལ་རྒྱས་ཡར་ཐོན་ལས། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མངོན་ཡོད་ལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པ་གང་ལེགས་མངོན་པ་མ་ཟད། ལེའོ་ཉིང་གི་མི་དམངས་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་དང་ཡང་ཁ་འབྲལ་ཐབས་མེད།  ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་ཁྲག་རྒྱུད་འབྲེལ་ལ་ལས་དབང་གཅིག་སྦྲེལ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཉམ་དུ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལག་ལེན་གྱི་གཞི་རྟེན་གསར་གཏོད་བྱེད་པ། རིག་གནས་དང་། སློབ་གསོ། ཚན་རྩལ་བཅས་ནས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ལས་ཞུགས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ལ་མཉམ་དུ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་བསྐྲུན་དགོས། ལེའོ་ཉིང་གིས་རང་རྒྱལ་གྱི་བཟོ་ལས་རྟེན་གཞི་གལ་ཆེན་གྱི་ནུས་པ་དང་ཚན་རྩལ་ཐོན་ལས་ཀྱི་ལེགས་ཆ་བཏོན་ཏེ། ནུས་རྒྱུ་གཙང་མ་དང་ས་མཐོའི་ཡང་བའི་བཟོ་ལས་སོགས་ཐོན་ལས་འཕེལ་རྒྱས་དང་ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པའི་སྒོ་ནས་བསྒྱུར་རྒྱུའི་རེ་བ་ཡོད།
  ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རེད། ཧའོ་ཕུང་གིས་ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ལོ་ངོ་60ཡི་རིང་ཏང་གི་འགོ་ཁྲིད་འོག་བོད་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་ལྷག་པར་དུ་དུས་རབས་གསར་པ་ཚུན་དུ་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ལེའོ་ཉིང་གི་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་བོད་སྐྱོར་ཤེས་ལྡན་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཁ་ཕྱོགས་ཁྲིད་སྟོན་གནང་ཡོད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་པ། “འཛུགས་གཏོད་བཞིར”སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པར་བརྟེན། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་ཞིག་སྤོས་ནས། གངས་ལྗོངས་ས་མཐོའི་ཕྱོགས་གང་སར་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།
  ཧའོ་ཕུང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་སྐྱོར་ལས་དོན་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་ནས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་ཡོད། ལེའོ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཁ་གཏད་བོད་སྐྱོར་ལས་དོན་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་བ་དང་། ཁ་གཏད་རོགས་སྐྱོར་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་པས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་རྒྱ་མཚོ་ལྟར་ཟབ་པའི་བརྩེ་སེམས་ཆགས་པ་དང་དངོས་དངོས་རྗེན་རྗེན་གྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ང་ཚོས་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བོད་ཀྱི་དགོས་མཁོ་དང་། ལེའོ་ཉིང་གི་ལྕོགས་ནུས། མང་ཚོགས་ཀྱི་རེ་སྒུག་བཅས་ལ་གཞི་ཚུགས་པ། ཇུས་འགོད་ཏན་ཏིག་བྱེད་པ། སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ལས་བོད་སྐྱོར་ལས་དོན་མུ་མཐུད་ཞིབ་ཚགས་སྒྲུབ་པ། རྣམ་གྲངས་སྤུས་ལེགས་དེ་བས་མང་བ་དོན་འཁྱོལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་ལྡན་བོད་སྐྱོར་ལས་དོན་རྒྱུན་མཐུད་གཏིང་ཟབ་སྒྲུབ་པ། བྱ་བ་སྒྲུབ་མཁས་པ་དང་གནས་ཐུབ་པའི་ཤེས་ལྡན་ལས་བྱེད་པའི་དཔུང་ཁག་དེ་བས་མང་བ་གསོ་སྐྱོང་བྱེད་པ། དམངས་འཚོའི་བོད་སྐྱོར་ལས་དོན་རྒྱུན་མཐུད་ཏན་ཏིག་སྒྲུབ་པ། མང་ཚོགས་ལ་ཕན་པ་དེ་བས་མང་པོ་ཐོབ་པ། དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལེའོ་ཉིང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ལེའུ་གསར་པ་རྩོམ་གྱི་ཡིན།
  ཚོགས་འདུར་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྤེལ་རེས་གནང་བ་རེད།
  བོད་ལྗོངས་སུ་བཞུགས་རིང་། ལེའོ་ཉིང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་ད་དུང་ལྷ་ས་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། ལེའོ་ཉིང་ཞིང་ཆེན་གྱི་སློབ་གསོ་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན། བྱང་ཐང་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་རྣམ་གྲངས་འཆར་འགོད་དང་འཕེལ་རིམ་སོགས་ཀྱི་གནས་ཚུལ་རྟོག་ཞིབ་དང་ཤེས་རྟོགས་གནང་བ་མ་ཟད། བོད་སྐྱོར་ཤེས་ལྡན་ལས་བྱེད་པར་འཚམས་འདྲི་ཡང་ཞུས་པ་རེད།