ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་བྱ་ཐབས་འདིས་དུད་ཚང་ཁྲི1.8ལ་ཕན་ཐོགས་འདུག

སྤེལ་དུས 2025-07-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

མང་ཚོགས་ཀྱིས་ས་ཁང་བདག་ཁོངས་ལག་ཁྱེར་གྱི་ཆ་འཕྲིན་ལ་ཞིབ་བསྡུར་བྱེད་བཞིན་པ།
             ཚོང་འཕྲིན་ཚགས་པར་གྱིས་གནས་ཚུལ་སྤེལ་བར་ལྟར་ན། ཟླ7པའི་ཚེས15ཉིན། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་བརྟན་ནོར“ཐོ་འགོད་དཀའ་བ”བཅོས་སྒྲིག་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་ཚོགས་ལས་རིགས་ཁག་ལ་བོད་ལྗོངས་ཡོངས་ཀྱིས་བརྟན་ནོར་ཐོ་འགོད་ཀྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ལས་ཀའི་འཕེལ་རིམ་དང་། གྲུབ་འབྲས། དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་བཅས་བརྡ་ཁྱབ་བཏང་ཞིང་། མིག་སྔའི་བར། ལོ་རྒྱུས་ཐོག་ལུས་པའི་གནད་དོན158ཐག་གཅོད་བྱས་ནས་ཐག་གཅོད་བྱེད་ཚད94%ཟིན་པ་དང་། མང་ཚོགས་ལ“ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོང་ཚོར་བརྟན་ནོར་གྱི་ཁེ་དབང་ལག་ཁྱེར་བདེ་བླག་ངང་ལེན་ཐུབ་པར་བྱས་ཡོད། 
             བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་རང་བྱུང་ཐོན་ཁུངས་བདག་དབང་གཏན་འཁེལ་ཐོ་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཤིའུ་རུའུ་ཡིས། གཏན་འབེབས་ལྟར་འཆར་འགོད་ཞིབ་བཤེར་རྩིས་ལེན་སོགས་ཀྱི་འགྲོ་ལུགས་གསབ་གཉེར་ཐུབ་མཁན་ཚོར་ཆ་མཚོན་ན་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་པ་དང་འབྲེལ། འཆར་འགོད་ཞིབ་དཔྱད་ཀྱི་འབྲེལ་ཡོད་འགྲོ་ལུགས་གསབ་གཉེར་བྱས་རྗེས་བརྟན་ནོར་ཐོ་འགོད་བྱེད་དགོས་པ་དང་། བསྐྲུན་དུས་ཅུང་སྔ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་གསབ་གཉེར་ཆ་རྐྱེན་འཛོམས་མེད་ན། རྒྱལ་ཁབ་ཀྱི་ས་ཆ་དང་བར་སྟོང་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་མོས་མཐུན་བྱས་རྗེས། ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས་དང་གྲོང་ཁྱེར)རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་ད་ལྟའི་གནས་ཚུལ་ལ་གཞིགས་ནས་ངོས་འཛིན་བྱེད་པའམ་ཡང་ན་འཆར་འགོད་ཞིབ་དཔྱད་ཀྱི་བསམ་འཆར་འདོན་དགོས། འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་འཆར་འགོད་དང་མཐུན་ཚེ་དེ་གནས་སའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་སྔོན་ལ་ཞིབ་དཔྱད་བྱེད་དགོས་པ་མ་ཟད། འཆར་འགོད་ཞིབ་དཔྱད་བསམ་འཆར་བཏོན་ནས་བརྟན་ནོར་ཐོ་འགོད་བྱེད་དགོས། འཆར་འགོད་དང་མི་མཐུན་པའི་ཆ་ཤས་ལ་ཐག་གཅོད་བསམ་འཆར་བཏོན་ཏེ། ཐག་གཅོད་ལེགས་འགྲུབ་བྱུང་རྗེས་གཞི་ནས་བརྟན་ནོར་ཐོ་འགོད་བྱེད་དགོས་ཞེས་ངོ་སྤྲོད་བྱས། 
             བོད་རང་སྐྱོང་ལྗོངས་བརྟན་ནོར་ཐོ་འགོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་བརྟན་གྱིས། ཐོ་འགོད་ཁ་ཐོར་བྱེད་སྐབས་སོ་སོར་ཐོ་འགོད་བྱས་ཟིན་པའི་ཁང་པ་དང་ས་ཞིང་སྤྱོད་སྒོ་གཅིག་མཐུན་མིན་པའི་བརྟན་ནོར་ལ་སྔར་བཀོད་པའི་ཁང་པ་དང་ས་ཞིང་གི་སྤྱོད་སྒོ་ལྟར་མུ་མཐུད་སོ་སོར་ཐོ་འགོད་བྱེད་དགོས། ཁང་པའི་བདག་དབང་ཐེངས་མང་སྤོ་སྒྱུར་བྱས་པ་དང་ས་ཞིང་སྤྱོད་དབང་དུས་མཉམ་དུ་སྤོ་སྒྱུར་མ་བྱས་པའི་དབང་གིས་ཁང་པ་དང་ས་ཞིང་ཁེ་དབང་གི་བྱེད་པོ་གཅིག་མཐུན་མིན་པ་དང་། བདེན་དཔང་བྱས་པ་བརྒྱུད་དབང་ཁོངས་འབྲེལ་བའི་འགྱུར་ལྡོག་ཁ་གསལ་ལ་རྩོད་གླེང་མེད་ཚེ། གཏན་འབེབས་ཀྱི་གོ་རིམ་ལྟར་ཁང་སའི་ཁེ་དབང་གི་བྱེད་པོ་གཅིག་མཐུན་ཡིན་པའི་བརྟན་ནོར་ཐོ་འགོད་བྱ་རྒྱུའི་རེ་ཞུ་བྱེད་ཆོག་ཅེས་བརྗོད། 
             འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་གནད་སྨིན་བྱེད་དགོས་ཤིང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རང་བྱུང་ཐོན་ཁུངས་ཐིང་དུ་མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གིས་བྱེད་པོའི་འགན་འཁྲི་རྒྱུན་མཐུད་ནན་དུ་གཏོང་བ་དང་ལྟ་སྐུལ་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས། འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་བཅོས་སྒྲིག་ལས་དོན་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱས་ཡོད། སྡོད་ཁང་འཛུགས་སྐྲུན་དང་། ཁྲལ་དོན། ཁྲིམས་ཁང་སོགས་སྡེ་ཚན་མང་པོ་དང་མཉམ་དུ“སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཚན་གྱིས་མཉམ་འགུལ”བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཡོད། བརྟན་ནོར་ཐོ་འགོད་ཀྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱས་ཡོད། མིག་སྔའི་བར་བོད་ལྗོངས་ཡོངས་སུ་ཁྱོན་བརྟན་ནོར“ཐོ་འགོད་དཀའ་བའི”ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཁག167དང་མང་ཚོགས་དུད་ཚང34221དང་འབྲེལ་བ་ཡོད་པའི་གནད་དོན་གྲལ་བཤེར་བྱས་ཡོད།
             རིགས་དབྱེ་ཇུས་བསྟར་བྱས་ནས་ནད་བསྟུན་སྨན་བཅོས་བྱས་ཤིང་། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟན་ནོར་ཐོ་འགོད་ཀྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱེད་མགྱོགས་སུ་གཏོང་རྒྱུའི་མཛུབ་ཁྲིད་བསམ་འཆར་བཟོས་ཡོད། “ཐོ་འགོད་དཀའ་བའི”གནད་དོན་རིགས7ལ་དམིགས་ནས་ཐག་གཅོད་བསམ་འཆར་ཁག20བཏོན་ནས་ས་ཁུལ(གྲོང་ཁྱེར)ཁག་གིས་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་རྒྱུར་སྲིད་ཇུས་ཀྱི་གཞི་འཛིན་ས་ཁ་གསལ་བཏོན་ཡོད། 
             ཞབས་ཞུ་ལེགས་སུ་བཏང་ནས་ཕན་ནུས་ཆེ་རུ་བཏང་ཞིང་། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ཐོ་འགོད་བརྒྱུད་རིམ་ལེགས་སུ་བཏང་ནས་བརྟན་ནོར་ཐོ་འགོད་དང་ཁྲལ་དོན་དྲ་གཤམ་ཏུ“སྒེའུ་ཁུང་གཅིག་ལས་གཉེར་ཐུབ་པ”བྱུང་སྟེ། བརྟན་ནོར་ཐོ་འགོད་ཀྱི་བརྒྱུད་རིམ་དེ་སྔའི7ནས3བར་མཉམ་འདྲེས་ཉུང་དུ་གཏོང་བ་དང་སྤྱིར་བཏང་ཐོ་འགོད་དང་གཏའ་འཇོག་ཐོ་འགོད་ལས་སྒོ་གཉེར་བའི་དུས་ཚོད་ལས་ཀའི་ཉིན5བར་ཉུང་དུ་བཏང་ཡོད། དེ་དང་ཆབས་ཅིག“ཞིང་སྒྲོལ་ཀུན་སྒྲུབ”དང“བརྟན་ནོར་ཐོ་འགོད་ཀྱི་གློག་རྡུལ་དཔང་ཡིག”བེད་སྤྱོད་ཁྱབ་གདལ་བཏང་ནས“དྲ་སྦྲེལ+བརྟན་ནོར་ཐོ་འགོད”ཀྱི་ཞབས་ཞུའི་རྣམ་པ་རྒྱ་སྐྱེད་གཏོང་བ་དང་། ལྗོངས་ཡོངས་ཀྱིས“བརྟན་ནོར་ཐོ་འགོད་ཀྱི་དོན་དག་གཅིག”ནུས་ཆེའི་ངང་སྒྲུབ་རྒྱུ་དོན་འཁྱོལ་བྱས་ཏེ་སྲིད་དོན་ཞབས་ཞུ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་ཆབས་ཅིག ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་བྱ་ཆེད། ས་ཁུལ་ཁག་གིས“ས་ཆ་སྤྲད་མ་ཐག་ལག་ཁྱེར་སྤྲོད་པ”དང“ཁང་པ་སྤྲད་མ་ཐག་ལག་ཁྱེར་སྤྲོད་པའི”སྒྱུར་བཅོས་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་ཡོད། མིག་སྔའི་བར་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ། ཆབ་མདོ་གྲོང་ཁྱེར་བཅས་ཚང་མས་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་སྤྱོད་དབང“ས་ཆ་སྤྲད་མ་ཐག་ལག་ཁྱེར་སྤྲོད”ཐུབ་པ་བྱུང་བ་དང་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས“ཁང་པ་སྤྲད་མ་ཐག་ལག་ཁྱེར་སྤྲོད་པའི”ཞབས་ཞུ་གཉེར་ཡོད།
             ཉེ་བའི་ལོ་ཤས་ཀྱི་རིང་ལ། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་བརྟན་ནོར“ཐོ་འགོད་དཀའ་བའི”གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱོགས་ཡོངས་ནས་གནད་དོན་གྲལ་བཤེར་བྱས་པ་དང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བཅོས་སྒྲིག་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ“མི་དམངས་ཆེད་འབད་འཐབ་ཀྱིས་མང་ཚོགས་ཚོས་དངོས་སུ་ཚོར་ཐུབ་པ”བྱ་རྒྱུ་གཞི་འཛིན་ས་དང་དོན་ལ་བབས་སར་བྱེད་པ་དང་། ཡིད་ཆེས་དེ་བས་བརྟན་པོ་དང་། བྱེད་ཐབས་དེ་བས་ཏན་ཏིག སྤྱོད་ཚུལ་དེ་བས་དངོས་སྒྲུབ་བཅས་ལ་བརྟེན་པ། དུས་ཚོད་དང་། སེམས་ཤུགས། སྟོབས་ཤུགས་བཅས་གཅིག་སྡུད་ཀྱིས་རྒྱུན་སྲོལ་ལས་བརྒལ་བའི་ཐོག་ནས་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་སྟེ་ད་ལོའི་ལོ་མཇུག་གོང་འགག་སྒྲོལ་དམག་འཐབ་དེར་རྒྱལ་ཁ་ཕྱོགས་ཡོངས་ནས་ཐོབ་པར་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་དངོས་སུ་སེལ་ཐུབ་པ་བྱ་རྒྱུ་རེད།