ལྷ་སར་ལྗོངས་ཡོངས་ཀྱི་ཁག་བཅུ་པ་དང་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་བསུ་སྐྱེལ་ཚོགས་ཆེན་འཚོགས་པ།
སྤེལ་དུས 2025-08-01
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཚོགས་འདུའི་ཡུལ་དངོས།
ཟླ7པའི་ཚེས28ཉིན། ལྷ་སར་ལྗོངས་ཡོངས་ཀྱི་ཁག་བཅུ་པ་དང་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་བསུ་སྐྱེལ་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་ནས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།
ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་ལ་བྱ་དགའ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ནན་བཤད་གནང་དོན། དམངས་འཚོའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་བོད་སྐྱོར་རྣམ་གྲངས་གནད་སྨིན་ལག་བསྟར་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་གཏོང་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད། སྨན་བཅོས་དང་སློབ་གསོ་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་གྲུབ་འབྲས་ཆེ་རུ་གཏོང་བ། “ཚོགས་སྒྲིག་ཆུང་ངུ”དང་བབ་བསྟུན་བོད་སྐྱོར་བྱེད་སྟངས་རྒྱུན་མཐུད་གསར་གཏོད་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རིག་སྟོབས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་པའི་སྤེལ་རེས་ལས་སྟེགས་རྒྱ་ཆེར་འཛུགས་པ་དང་། “བརྒྱུད་རོགས་ཁྲིད་གསུམ”གྱི་ལམ་སྲོལ་ལེགས་སུ་གཏོང་བ། མི་འབོར་གྱི་བྱང་ཚད་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སློབ་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ལྗོངས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་སེམས་ཁུར་བྱས་ཏེ་དོ་དམ་ཞབས་ཞུ་འགན་སྲུང་ཡག་པོ་བྱེད་པ་དང་། དོ་དམ་ནན་པོ་དང་ཐུགས་ཁུར་ཟབ་མོ་ཟུང་འབྲེལ་དང་དེ་བཞིན་སྐུལ་ལྕག་དང་གཅུན་སྡོམ་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་བྱེད་པ། བོད་སྐྱོར་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་ཐད་ཤུགས་སྣོན་རྒྱག་པ། དཔེ་མཚོན་གྱི་ལམ་སྟོན་ལ་སྣང་ཆེན་བཅས་བྱས་ཏེ་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་འཇོན་ཐང་ངོམ་སའི་ཁོར་ཡུག་བཟང་པོ་གང་ལེགས་བསྐྲུན་དགོས། བོད་སྐྱོར་ལས་བྱེད་པས་རང་ངོས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལུས་གནས་ན་སེམས་གནས་པ་དང་། སེམས་གནས་ན་བརྩེ་བ་འཆང་ཐུབ་པ་བཅས་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས།
ཚོགས་འདུའི་ཐོག་ཁག་བཅུ་པའི་བོད་སྐྱོར་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། ཁག་བཅུ་པ་དང་ཁག་བཅུ་གཅིག་པའི་བོད་སྐྱོར་གྱི་ལས་བྱེད་ཤེས་ལྡན་པའི་འཐུས་མིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།