ཟླ་9ཚེས་11ཉིན། མི་སྤྱི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་མི་སྤྱི་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཝང་ཞའོ་ཕིང་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་འདུའི་ཚོགས་ར་ཡིན་པ།
ཟླ་9ཚེས་11ཉིན། མི་སྤྱི་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་མི་སྤྱི་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཝང་ཞའོ་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀརྨ་ཚེ་བརྟན་དང་། ཀུང་ཧུའེ་ཚའེ། བསྟན་པ་བཅས་ཚོགས་འདུར་ཞུགས་པ་དང་། མི་སྤྱི་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ཝུའུ་ཤིའུ་ཀྲང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་མི་སྤྱི་པུའུ་དང་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། མི་སྤྱི་པུའུ་དང་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་མཛུབ་སྟོན་གལ་ཆེན་གནང་སྟེ་གོམ་སྟབས་རྗེས་མའི་ལས་དོན་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་བ་དང་། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་བརྟན་དུ་གཏོང་བར་ཤུགས་བརྒྱབ་པས། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་འགན་ལེན་བྱུང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་པས། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་གལ་ཆེ་མཉམ་འཛིན་དང་མཐའ་མཚམས་སྲ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་པས། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས་བྱས་པས། བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པར་སྐུལ་འདེད་ཐུབ་པ་བཅས་བྱུང་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད་ལ། རྒྱལ་ཡོངས་མི་དམངས་དང་མི་སྤྱི་ཁོངས་གཏོགས་ཀྱི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། དུས་ཡུན་རིང་པོར་མི་སྤྱི་པུའུ་དང་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱིས་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་པ་སོགས་ཐད་ནས་བོད་ཀྱི་མི་སྤྱིའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁྱོན་བསྡོམས་བོད་སྐྱོར་རྣམ་གྲངས་ཁག་98ལག་ལེན་བསྟར་བར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.83དོན་འཁྱོལ་བྱས་པས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་འགན་ཐེག་པ་ཁུར་ལེན་དང་བྱས་རྗེས་འཇོག་པ་དང་འབད་འབུངས་ཡར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད། མི་སྤྱི་པུའུ་དང་རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱིས་སྔར་བཞིན་བོད་ཀྱི་མི་སྤྱིའི་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། རྣམ་གྲངས་ཀྱི་བོད་སྐྱོར་དང་། ལས་ཞུགས་ཀྱི་བོད་སྐྱོར། དམངས་འཚོའི་བོད་སྐྱོར། རིག་སྟོབས་ཀྱི་བོད་སྐྱོར་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལས་ཞུགས་སྲིད་ཇུས་དང་མ་དངུལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝང་ཞའོ་ཕིང་གིས་མི་སྤྱི་པུའུ་ཡི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་མི་སྤྱིའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཞིགས་ནས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་དང་། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱས་ཏེ་མཐར་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་ལེགས་ཆ་གཅིག་སྡུད་ཐོག་མཚོན་པ་ཞིག་བཅས་རེད། མི་སྤྱི་ཁོངས་གཏོགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། བོད་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་སྒུག་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་པ། མི་སྤྱིའི་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ལམ་སྲོལ་འཛུགས་པ་དང་མཉམ་ཤུགས་སྒྲིལ་བ། ཐབས་ལམ་རྒྱ་ཆེར་བཏང་སྟེ་ལས་ཞུགས་བརྟན་པོ་ཡོང་བ། གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩལ་ནུས་མཐོ་རུ་གཏོང་བ། ཤེས་ལྡན་པ་བསྡུ་སྒྲིལ་གྱིས་གསོན་ཤུགས་འཕེལ་བ། ཞབས་ཞུ་ལེགས་སུ་དང་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། བོད་ལྗོངས་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པའི་མཚམས་སུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་གལ་ཆེན་གནང་བ་དང་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར་ལས་འགན་གསར་པ་དང་བླང་བྱ་གསར་པ་བཏོན་གནང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་བོད་བརྟན་གྱི་ལས་དོན་གཏིང་ཟབ་སྤེལ་ནས་ས་ཁོངས་སྒྲོལ་བའི་ངལ་ནུས་མཉམ་སྒྲུབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྗོངས་ཕྱིའི་ལས་ཞུགས་གཞན་སྒྱུར་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་ལས་གནས་གསར་སྤེལ་གནད་སྨིན་བྱེད་པ། ཐབས་ལམ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། ཤེས་ལྡན་པར་བརྟེན་ནས་བོད་ལྗོངས་སྟོབས་ཆེར་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་། ཤེས་ལྡན་པའི་དབར་སྤེལ་རེས་ཀྱི་ལས་སྟེགས་རྒྱ་ཁྱབ་ངང་སྐྲུན་པ། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱེད་ཐབས་ལེགས་སུ་གཏོང་བ། ནང་འདྲེན་སྐྱེད་སྲིང་དང་ཁོར་ཡུག་ལེགས་སུ་གཏོང་བར་བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས། དམངས་ཕྱུག་བོད་དར་གྱི་ལས་དོན་གཏིང་ཟབ་སྤེལ་ནས་རྩལ་ནུས་ལ་བརྟེན་ནས་འབབ་འཕར་དང་། སྤྱི་ཚོགས་འགན་སྲུང་གི་དམངས་ཕན། ཞབས་ཞུའི་དམངས་ཕན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྩལ་ནུས་མཐོར་གཏོང་དང་སྤྱི་པའི་ཞབས་ཞུར་འདེགས་སྐྱོར་བྱེད་སྟངས་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།