ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པདྨ་ཚེ་བརྟན་ལ་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ་པ།

སྤེལ་དུས 2025-09-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            ཟླ9པའི་ཚེས13ཉིན་གྱི་དགོང་མོར། སྐབས་གཉིས་པའི་གསེར་གྱི་དོམ་ཁྲའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་སི་ཁྲོན་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས་ཤིང་། གློག་བརྙནགསའགཞི་འཛིན་སར་བྱས་ཏེ་བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ་ཡོད།


            ཤེས་རྟོགས་བྱུང་བར་གཞིགས་ན། གསེར་གྱི་དོམ་ཁྲའི་གཟེངས་རྟགས་ནི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ནས་སྤྲོད་པ་ཞིག་ཡིན་ཞིང་། 2023ལོར་གཟེངས་རྟགས་འདི་སྤྲོད་འགོ་ཚུགས་པ་དང་། ལོ་གཉིས་རེར་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཐེངས་རེ་གཉེར་གྱི་ཡོད།

            སྐབས་འདིར། ཁྱོན་རྒྱལ་ཁབ་དང་ས་ཁུལ126གི་བརྩམས་ཆོས5343འཚོལ་བསྡུ་བྱས་ཡོད་པ་དང་། གཟེངས་རྟགས་རྣམ་གྲངས་ཁྲོད་གློག་བརྙན་དང་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན། དངོས་མཚོན་གློག་བརྙན། འགུལ་རིས་གློག་བརྙན་བཅས་ཚན་པ་ཆེ་ཁག་བཞི་ཡི་བྱ་དགའི་རྣམ་གྲངས27ཡོད་ཅིང་། དེའི་ནང་གློག་བརྙན་རྩེ་གྲ་དང་། འཁྲབ་ཁྲིད་པ་རྩེ་གྲ། འཁྲབ་གཞུང་རྩེ་གྲ་སོགས་ཚུད་ཡོད། སྐབས་འདིའི་དཔྱད་འདེམས་ཨུ་ལྷན་ནི་གློག་བརྙན་བརྙན་འཕྲིན་རིག་གནས་ཁྱབ་ཁོངས་ཀྱི་ཉམས་མྱོང་གིས་ཕྱུག་པའི་ལས་དོན་པ་དང་ཆེད་མཁས་པ27ལས་གྲུབ་ཅིང་། མང་ཆེ་བ་ཕྱི་རྒྱལ་ནས་ཡིན་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།