བོད་ལུགས་གསོ་རིག་ཕྱིར་བསྐྱོད་པའི་གོམ་སྟབས་མགྱོགས་སུ་སོང་བ།
སྤེལ་དུས 2025-09-26
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ངོ་དྲུག་ཅུའི་རིང་། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ཕྱིར་བསྐྱོད་པའི་གོམ་སྟབས་མགྱོགས་སུ་སོང་ཡོད། བོད་ལུགས་གསོ་རིག་གི་ལུམས་བཅོས་ཉིད་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ནང་བཅུག་པ་དང་། དཔལ་ལྡན་རྒྱུད་བཞི་འཛམ་གླིང་དྲན་ཤེས་མིང་ཐོའི་ནང་བཅུག་ཡོད།

མིག་སྔར། བོད་ལྗོངས་སུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རྣམ་གྲངས60དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ65ཡོད། རྒྱལ་སྤྱིའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་གཞུང་གླེང་སྟེགས་གཉེར་བ་དང་། རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་དང་། ཀྲུང་གོའི་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་དངོས་མང་སྟོན་ཚོགས། ཧི་མ་ལ་ཡ་བསྐོར་བའི་རྒྱལ་སྤྱིའི་གླེང་སྟེགས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སོགས་སྤེལ་བ་བརྒྱུད་དེ་ནེ་པ་ལ་དང་མོང་གོལ་སོགས་རྒྱལ་ཁབ་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་བས་རྒྱལ་ཁབ་དང་མི་དམངས་སྔར་ལས་མང་བ་ཞིག་གིས་བོད་ལུགས་གསོ་རིག་དང་བོད་སྨན་ལ་རྒྱུས་ལོན་བྱེད་པ་དང་བེད་སྤྱོད་གཏོང་བ། གོང་བཀུར་ཞུ་བ་བཅས་བྱེད་བཞིན་ཡོད།