ཟླ9པའི་ཚེས21ཉིན། ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་དུ་གནས་པའི་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་རྗེས་བོད་རང་སྐྱོང་ལྗོངས་མངའ་རིས་སྒར་རྫོང་ཁུང་ཧྥན་སེན་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཡེ་ཤེས་ཚེ་རིང་གིས“སྤོ་བོ་ཁུང་ཧྥན་སེན་ལགས་ཀྱི་ལྟོ་ཕད་རལ་ཡང་ད་དུང་མི་སེར་གྱི་སྨན་བླུགས་ཡོད་པ་མཐོང་སྐབས་སེམས་ལ་ན་ཟུག་གིས་ཁེངས་ཤིང་། སྤོ་བོ་ཁུང་ལགས། ཁྱེད་རང་གི་བློས་གཏོང་ང་ཚོས་སེམས་ལ་ངེས་ཡོད། ང་ཡང་ཁྱེད་ལྟ་བུའི་མི་ཞིག་བྱེད་འདོད”ཅེས་བརྗོད།
བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་།
འབྱོར་ཕྱུག་མཛེས་སྡུག་ལྡན་པའི་ཆུ་གྲོང་ལེའོ་ཁྲེང་ནི་བློ་མཐུན་ཁུང་ཧྥན་སེན་ལགས་ཀྱི་ཕ་ཡུལ་ཡིན་ཞིང་། མ་གཞིར་ཕ་ཡུལ་དུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཆོག་པའི་ཁུང་ཧྥན་སེན་གྱིས་བློ་ཐག་རྦད་བཅད་བྱས་ནས་ཏང་གི་འབོད་སྐུལ་དང་ལེན་ཞུས་ཤིང་། བཟའ་མི་བུ་ཕྲུག་དང་ལོ་ན་བགྲེས་པའི་ཨ་མ་དང་བྲལ་ནས་བོད་ལྗོངས་སུ་ཐེངས་གཉིས་ལ་ཕེབས་ཏེ་རང་ཉིད་ཀྱི་ཡོད་ཚད་དང་ཐ་ན་རྩ་ཆེའི་ཚེ་སྲོག་ཀྱང་བོད་ལྗོངས་ཀྱི་ཏང་གི་བྱ་གཞག་གི་ཆེད་དུ་ཕུལ།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་གུས་མཇལ་ཞུ་བ།
ཉེ་ཆར། ཁུང་ཧྥན་སེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། བོད་ལྗོངས་མངའ་རིས་སྒར་རྫོང་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོ་ཧྲན་ཏུང་ལེའོ་ཁྲེང་དུ་སློབ་སྦྱོང་བྱེད་དུ་བསྐྱོད།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་དང་ཁུང་ཧྥན་སེན་གྱི་སྨན་སྒམ་ཆུང་ངུའི་ངོ་སྤྲོད་ལ་ལྟ་བཞིན་པ།
བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ། ལྷན་པ་བརྒྱབ་པའི་ལྭ་བ་དང་། རྟག་ཏུ་གཞི་རིམ་དུ་སྐྱོད་ཚེ་ལག་ཏུ་རང་དངུལ་གྱིས་ཉོས་པའི་སྨན་རྫས་སྒམ་ཆུང་བསྣམས་ཤིང་། མངའ་རིས་འཕེལ་རྒྱས་གཏོང་ཆེད་དུ་བྲིས་པའི་གྲོས་འགོ་སོགས་དངོས་པོ་རེ་རེས་བློ་མཐུན་ཁུང་ཧྥན་སེན་གྱི“མི་ཞིག་གི་བརྩེ་བ་ཆེ་ཤོས་ནི་མི་གཞན་ལ་དགའ་བ་དེ་ཡིན་ཞིང་། གུང་ཁྲན་ཏང་མི་ཞིག་གི་བརྩེ་བ་ཆེ་ཤོས་ནི་མི་དམངས་ལ་དགའ་བ་དེ་ཡིན”ཞེས་པའི་བླ་ན་མེད་པའི་གོ་རྟོགས་གསལ་འགྲེལ་བརྒྱབ་ཡོད།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་པ།
ཆ་སྙོམས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4500ཟིན་པའི་མངའ་རིས་ནི་རང་བྱུང་ཆ་རྐྱེན་ཤིན་ཏུ་ཞན་ཞིང་། འདི་ནི་བློ་མཐུན་ཁུང་ཧྥན་སེན་གྱིས་རང་སྲོག་ལུས་གཏོང་སྐབས་ཀྱི་ལས་འགན་འཁུར་ས་ཡིན་ལ། ཁོང་གི་སེམས་ཁྲལ་གནང་ཡུལ་ཡང་རེད། མངའ་རིས་སྒར་རྫོང་ཁུང་ཧྥན་སེན་སློབ་ཆུང་ནས་ཡོང་བའི་ཕྲུ་གུ་ཚོས་ཆུང་དུས་ནས་སྤོ་བོ་ཁུང་ཧྥན་སེན་གྱི་གཏམ་རྒྱུད་ཤེས་ལ། ད་ཐེངས་སྤོ་བོ་ཁུང་ཧྥན་སེན་གྱི་ཕ་ཡུལ་ཏེ་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་སྐྱོད་སྐབས། ཕྲུ་གུ་ཚོས་སྒམ་ནན་ངང་འགྲེལ་བཤད་པའི་ངོ་སྤྲོད་ལ་ཉན་པ་དང་། བློ་མཐུན་ཁུང་ཧྥན་སེན་གྱི་སྙན་རྩོམ་མཉམ་དུ་གྱེར་འདོན་བྱས་ནས་བསམ་ཚུལ་དང་མྱོང་ཚོར་རྣམས་སློབ་སྦྱོང་གི་ཟིན་བྲིས་ནང་བཀོད་ཡོད།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་པ།
ཕྲུ་གུ་ཚོས། སྤོ་བོ་ཁུང་ཧྥན་སེན་ནི་དངོས་གནས་རླབས་ཆེ་བའི་མི་ཞིག་རེད། ཁོང་གི་མཛད་རྗེས་ལས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད། ཁོང་ནི་མི་ཚང་མའི་མིག་དཔེ་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། ལོ་རིམ་དྲུག་པའི་སློབ་མ་ཀརྨ་ཡེ་ཤེས་ཆོས་བཟང་གིས“དྲན་གསོ་ཁང་དུ་སྤོ་བོ་ཁུང་ཧྥན་སེན་གྱི་མཛད་རྗེས་ངོ་སྤྲོད་ཞིབ་ཕྲ་དང་དེ་བཞིན་ང་ཚོའི་བོད་ལྗོངས་དང་མངའ་རིས་ལ་རོགས་རམ་མང་པོ་གནང་ལུགས་མཐོང་བྱུང་། མངའ་རིས་དང་སློབ་གྲྭར་ལོག་རྗེས་ངས་ཉིན་ཤས་རིང་གི་གྲུབ་འབྲས་སློབ་གྲོགས་དང་ནང་མིར་བརྗོད་འདོད་ཡོད”ཅེས་བཤད།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་པ།
མངའ་རིས་སྒར་རྫོང་ཁུང་ཧྥན་སེན་སློབ་ཆུང་གི་སློབ་གཙོ་གཞོན་པ་བུ་ཆུང་གིས “དེ་རིང་གི་སློབ་སྦྱོང་ནི་ང་ཚོའི་ངོས་ནས་བཤད་ན་རྩ་བ་འཚོལ་བའི་ཡུལ་སྐོར་ཞིག་ཡིན་པར་མ་ཟད། བསམ་བློའི་རྒྱགས་ཕྱེ་གསོག་ཐེངས་ཤིག་ཀྱང་རེད། ང་ཚོས་སོམ་ཉི་དང་དྲི་བ་འཁྱེར་ནས་ཡོང་ཞིང་། འདི་གར་བློ་མཐུན་ཁུང་ཧྥན་སེན་གྱི་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཀྱི་གདིང་གཞིར་རྒྱུས་ལོན་བྱེད་དགོས། མ་འོངས་པར་ང་ཚོས་ཐེངས་འདིའི་སློབ་སྦྱོང་གི་འབྲས་བུ་དེ་ས་མཐོའི་སློབ་གསོའི་སྟོབས་ཤུགས་སྔར་ལས་ཆེ་བ་ཞིག་ཏུ་བསྒྱུར་ཏེ། བློ་མཐུན་ཁུང་ཧྥན་སེན་ལྟར་ས་མཐོའི་སློབ་གསོའི་བྱ་གཞག་ལ་སྙིང་ཁོང་རུས་པའི་གཏིང་ནས་དགའ་ཞེན་བྱེད་པ་དང་། ཕྲུ་གུ་ཚོའི་འགན་འཁྲིའི་ཁུར་སེམས་ཕྲག་དུ་བཞེས་ནས། ང་ཚོའི་ཁུང་ཧྥན་སེན་གྱི་སྙིང་སྟོབས་ཏེ་སློབ་གྲྭ་དང་གངས་ལྗོངས་ས་མཐོར་སྔར་ལས་མཛེས་པའི་སློབ་གསོའི་མེ་ཏོག་བཞད་སྲིད”ཅེས་བཤད།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་པ།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་པ།
ལྟ་སྐོར་མཇུག་འགྲིལ་རྗེས། ཕྲུ་གུ་ཚོས་ལེའོ་ཁྲེང་གི་དང་བླངས་པ་དང་མཉམ་དུ་བློ་མཐུན་ཁུང་ཧྥན་སེན་གྱི་གཉིས་བརྒྱད་རྟགས་ཅན་གྱི་རྐང་འཁོར་མ་དཔེར་བྱས་ནས་བཟོས་པའི་རྐང་འཁོར་དཔེ་དབྱིབས་ཀྱི་རི ག་གནས་བསམ་བཀོད་ཐོན་རྫས་བསྒྲིགས་ཏེ། ལག་པ་དང་ཀླད་པ་སྒུལ་ནས་བློ་མཐུན་ཁུང་ཧྥན་སེན་གྱི་སྲིད་བརྩོན་དང་། དམངས་གཅེས། སྤྱོད་གཙང་བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་མྱོང་ལེན་ཟབ་མོ་བྱས་པ་དང་། ཕྲུ་གུ་ཚོས་ད་དུང་གློག་བརྙན《ཁུང་ཧྥན་སེན》བལྟས།
བོད་ལྗོངས་མངའ་རིས་སྒར་རྫོང་གི་ཁུང་ཧྥན་སེན་སློབ་ཆུང་གི་དགེ་སློབ་ཚོས་ཧྲན་ཏུང་ལེའོ་ཁྲེང་བློ་མཐུན་ཁུང་ཧྥན་སེན་གྱི་སྙིང་སྟོབས་སློབ་གསོའི་རྟེན་གཞིར་གློག་བརྙན《ཁུང་ཧྥན་སེན》ལྟ་བཞིན་པ།
དེའི་རྗེས་ཀྱི་འགྲུལ་བཞུད་ཁྲོད་ཞིབ་འཇུག་སློབ་ཚོགས་ཀྱིས་ད་དུང་ཆུས་ཧྥུའུ་དང་ཏུང་ཨ་རྫོང་སོགས་སུ་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་དང་ཀྲུང་ཧྭ་རིག་གནས་འཚོལ་ཞིབ་བྱ་རྒྱུ་རེད། གདན་ཞུས་སྨྱན་སྦྱོར་གྱི་རྒྱབ་སྐྱོར་ཚན་པ་ཡིན་པའི་ཀྲུང་གོའི་བོད་ལྗོངས་དྲ་བས་ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོའི་གནས་ཚུལ་གཏོང་སྤེལ་བྱ་རྒྱུ་རེད།