ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་འགོ་ཚུགས་པ།

སྤེལ་དུས 2025-09-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས26ཉིན“གོ་རྟོགས་ཅི་ལས་མཐོ། ཡུལ་ལྗོངས་ཀུན་ལས་མཛེས། ཞང་ཞུང་གི་ལས་འཕྲོ། ཀྲུང་ཧྭ་ཡི་བླ་སྲོག”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་སྒར་རྫོང་སེང་གེ་ཁ་འབབ་ལུས་རྩལ་ཐང་དུ་འགོ་ཚུགས། མངའ་རིས་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཧྲུའུ་ཀྲོན་ཡོན་ཧྲི་གཡུས་ཧུའེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར། ཡུལ་སྐོར་ལ་བརྟེན་ནས་ལས་རིགས་འཕེལ་རྒྱས་ཡོང་བ་དམིགས་སུ་བྱས་ནས། བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྒྱུད་མངའ་རིས་ཀྱི་ཐུན་མོང་མ་ཡིན་པའི་ངོ་མཚར་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་ཏེ། གྲོགས་པོ་དེ་བས་མང་བས་མངའ་རིས་ལ་ཡོང་རྒྱུ་དང་། མངའ་རིས་ལ་རྒྱུས་ལོན། མངའ་རིས་ལ་རྒྱབ་སྐྱོར་བཅས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གསུངས།
             འགོ་ཚུགས་མཛད་སྒོའི་ཐོག མངའ་རིས་ས་ཁུལ་གྱི་རྫོང་ཁག་ནས་ཡོང་བའི་སྒྱུ་རྩལ་ཚོགས་པས་གླུ་གར་དང་། རོལ་དབྱངས། འཁྲབ་སྟོན་སོགས་རྣམ་པ་སྣ་ཚོགས་བརྒྱུད་མངའ་རིས་ས་ཁུལ་གྱི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྨང་གཞི། ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས། དེ་བཞིན་བློ་རྒྱ་ཡངས་པའི་མི་ཆོས་རིག་གནས་བཅས་གསོན་ཉམས་དོད་པོས་མངོན་ཡོད། སྤྱི་ཁྱབ་འཁྲབ་ཁྲིད་པ་ཚེ་བརྟན་ཟླ་བས་འཁྲབ་སྟོན་ཧྲིལ་པོ་ནི་ཞང་ཞུང་རིག་གནས་སྲོལ་རྒྱུན་གྱི་རྩ་བའི་ཐོག་དེང་རབས་སྒྱུ་རྩལ་རྣམ་པ་མཉམ་འདྲེས་བྱས་པས། གནའ་བོའི་ཤེས་རིག་ལ་དད་གུས་དང་རྒྱུན་འཛིན་མངོན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་དང་། ཐུན་མོང་དར་རྒྱས་ཀྱི་བཞེད་དོན་རླབས་པོ་ཆེ་ཡང་མངོན་ཡོད།

འགོ་ཚུགས་མཛད་སྒོའི་ཡུལ་དངོས།
             སྐབས་འདིའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཟླ9པའི་ཚེས30ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། དེའི་ནང་སྒར་འཆར་ཅན་རྟ་རྒྱུགས་འགྲན་བསྡུར་དང་། དམངས་ཁྲོད་ལུས་རྩལ་འགྲན་བསྡུར། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་སྐབས་གཉིས་པ་སོགས་བྱེད་སྒོ་གཙོ་བོ་ཁག7ཚུད་ཡོད། དེ་དང་ཆབས་ཅིག རྣམ་ཀུན་གྱི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ“ཀུན་སེམས་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་གླུ་གཞས་འདུ་ཚོགས་དང་། མི་རིགས་རྒྱན་གོས་ངོམས་སྟོན། དངོས་ཟོག་བརྗེ་རེས་འདུ་ཚོགས། སྐར་ཚོགས་པར་ལེན་འགྲན་བསྡུར་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་མངོན་ཡོད།

ཡུལ་སྐོར་དུས་ཆེན་གྱི་ཡུལ་དངོས།
             ད་ཆ། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་དེ་མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་མངོན་ཚུལ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གལ་ཆེན་ཞིག་ལ་གྱུར་ཟིན།
             2025ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་སྐབས་སུ་འཁེལ་བ་དང་། མངའ་རིས་ས་ཁུལ་གྱིས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ་གོ་སྐབས་སུ་བྱས་ནས། ཞང་ཞུང་རིག་གནས་ཐོན་ཁུངས་རྩ་ཆེན་སྔོག་འདོན་དང་བེད་སྤྱོད་ལེགས་པར་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟབ་མོ་ཡོང་བར་སྐུལ་འདེད་ཤུགས་ཆེན་གྱིས། ཧུར་ཐག་འབད་ཐག་ངང“རིག་གནས+ཡུལ་སྐོར+དུས་ཆེན”གྱི་ཐབས་ལམ་གསར་པ་རྒྱ་སྐྱེད་བཏང་ནས། “སྟོད་ཀྱི་ངོ་མཚར། མཁའ་དབྱིངས་མངའ་རིས”ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན། རིག་གནས་དང་ཡུལ་སྐོར། མངོན་མིན་རིག་གནས་ཤུལ་བཞག ཚོང་དོན་སོགས་ལས་རྣམ་མཉམ་འགུལ་ལ་སྐུལ་སྤེལ་བྱས་ནས། འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པ་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས། རིག་གནས་ཡུལ་སྐོར་འཕེལ་རྒྱས་བརྒྱུད་ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཏེ། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རིག་གནས་དར་རྒྱས་ཆེ་བའི་དུས་རབས་ཀྱི་རྣམ་པ་གསར་པ་འཛམ་གླིང་ལ་མངོན་ཡོད།