ཟླ་11ཚེས་19ཉིན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོགས་བསྡུས་འདུས་གྲུབ་ཉེར་སྤྱོད་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཁྲའོ་ཧུའེ། ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ལུང་ཐེང་བཅས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། འདི་ནི་ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཟླ་11ཚེས་19ཉིན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོགས་བསྡུས་འདུས་གྲུབ་ཉེར་སྤྱོད་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཁྲའོ་ཧུའེ། ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ལུང་ཐེང་བཅས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་མ་ཟད། ཚན་རྩལ་པུའུ་དང་། ཀྲུང་གོ་ཚན་རིག་ཁང་། ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བཅས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད། ཁོང་གིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་ནན་བཤད་གནང་ནས“མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་སྐྲུན་དགོས་པའི”འཐབ་ཇུས་ཀྱི་དམིགས་ཚད་བཏོན་གནང་ཡོད། ད་ལོའི་ཟླ་བ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་མཛུབ་སྟོན་གལ་ཆེན་གནང་སྟེ“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས‘འཛམ་གླིང་གི་ཡང་རྩེ’དང‘ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག’ཡག་པོ་སྲུང་དགོས”ཞེས་ནན་བཤད་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྩེ་རིམ་གྱི་ཇུས་འགོད་དང་འཐབ་ཇུས་ཀྱི་འཆར་འགོད་བྱས་ཏེ། “མཚོ་བོད་ས་མཐོ་སོགས་ས་ཁུལ་གྱི་སྐྱེ་ཁམས་སྲུང་བཅད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་ཁ་གསལ་བཟོས་ཡོད། དེ་དག་ཚང་མས་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ཝང་ཅུན་ཀྲེང་གིས་བསྟན་དོན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སྤེལ་འགོ་ཚུགས་ཚུན་ཚན་ཞིབ་ལ་ཚད་བརྒལ་ཆེན་པོ་བྱུང་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། ལྗང་མདོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གེགས་སེལ་སོགས་ཀྱི་ལས་དོན་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིཌ་པ། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་ཉེར་སྤྱོད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་དགོས། ཚན་རྩལ་པུའུ་དང་། ཀྲུང་གོ་ཚན་རིག་ཁང་། ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བཅས་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་སྔར་བས་མང་པོ་བྱེད་པ་དང་སྔར་རྒྱུན་བཞིན་བོད་ལ་རྒྱབ་སྐྱོར་དེ་བས་ཆེ་བ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས་འགག་རྩའི་ལྟེ་བའི་ལག་རྩལ་དང་ས་མཐོར་སྤྱོད་རྒྱུར་འཚམ་པའི་ཚན་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དང་། ཐུན་མོང་ཐོག་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་ལས་ཀྱི་སྤུས་ཚད་ལེཌ་སུ་དང་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ། ཤེས་ལྡན་པ་གསོ་སྐྱོང་ལ་ཐུན་མོང་ཐོག་ཤུགས་སྣོན་རྒྱག་པ་དང་། མཐོ་མཁས་རྩེ་གསུམ་གྱི་ཤེས་ལྡན་པ་དང་བོད་ལ་མཁོ་ཞིང་དཀོན་པའི་ཤེས་ལྡན་པ་དང་གསར་གཏོད་ཚོགས་པ་དེ་བས་མང་བ་བོད་དུ་ལས་ཀ་བྱེད་པར་ཡོང་རྒྱུར་སྐུལ་ལྕག་གཏོང་བ། ཚན་ཞིབ་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་སྔར་བས་ཡག་པ་ཞུ་རྒྱུའི་རེ་བ་ཡོད།
ཝུའུ་ཁྲའོ་ཧུའེ་ཡིས་ཀྲུང་གོ་ཚན་རིག་ཁང་གི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་ཀྲུང་གོ་ཚན་རིག་ཁང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཚན་རྩལ་པུའུ་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། འབྲེལ་ཡོད་མཐོ་སློབ་དང་ཚན་ཞིབ་ཁང་སོགས་ཚན་པ་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་ཞུགས་མཁན་ཡོན་ཧྲི་དང་། རིགས་གཅིག་མཁས་ཅན། ཚན་ཞིབ་རུ་མི་བཅས་ལ་གུས་སེམས་མཚོན་པར་གནང་བ་རེད། ཁོང་གིས་གསུངས་དོན། ལོ་བརྒྱད་རིང་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཕྱོགས་མང་པོའི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་པ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཚན་རིག་རྟོག་ཞིབ་ལས་དོན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། ཀྲུང་གོ་ཚན་རིག་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ཏེ་རིག་གཞུང་ཚན་ཁག་མང་པོའི་མ་ལག་ཅན་དང་སྒྲིག་གཞི་ཅན་གྱི་ལེཌ་ཆ་རྒྱུན་མཐུད་བཏོན་ནས། འབད་འབུངས་ཆེར་སྐྱེད་དང་མུ་མཐུད་མདུན་སྐྱོད་ཀྱིས་མཚོ་བོད་ཚན་རིག་རྟོག་ཞིབ་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པ་ཡོང་བར་བྱ་རྒྱུ་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་མཚོ་བོད་ཚན་རིག་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱོགས་བསྡུས་འདུས་གྲུབ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པར་ཤུགས་སྣོན་རྒྱག་རྒྱུ་དང་། ཚན་རྩལ་གསར་གཏོད་དང་ས་ཁོངས་ཐོན་སྐྱེད་ནུས་ཤུཌ་གསར་མ་སྐྱེད་སྲིང་དང་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་སྒྱུར་ཉེར་སྤྱོད་བྱེད་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྤུས་ཚད་མཐོ་པོས་ཞབས་འདེཌ་ཞུ་རྒྱུ། རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ཟབ་ཏུ་གཏོང་བ་དང་མཚོ་བོད་ས་མཐོའི་ཞིབ་འཇུག་གི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དེ་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་མཚོན་རྟགས་རང་བཞིན་གྱི་ཚན་རིག་འདུ་འགོད་གལ་ཆེན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན།
ལུང་ཐེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ། དུས་རབས་གསར་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་འཐབ་ཇུས་ལས་འགན་ལ་སྟངས་འཛིན་ནན་པོ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུཌ་སྐྲུན་ལ་འགན་སྲུང་བྱ་རྒྱུར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་འདུས་གྲུབ་ཉེར་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས།