ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷོ་རོང་གིས“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན”བྱེད་སྒོ་སྤེལ་བ།

སྤེལ་དུས 2026-02-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་གསར་སླེབས་ཉེར་ཡོད་པས་རྣམ་པ་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད། ཉེ་ཆར། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གཏིང་ཟབ་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཤེས་དཔལ་གྱི་དར་སྲོལ་གསར་པ་དར་སྤེལ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན”ཞེས་པའི་དཔེ་སྟོན་བྱེད་སྒོ་སྤེལ་བ་དང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས།  2026ལོའི་དཔྱིད་གསར་དུས་ཆེན་རོལ་བ་དང་། ཡུལ་དངོས་སུ་དགའ་བདེ་མཉམ་འཛོམས་དང་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།

“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན”གྱི་དཔེ་སྟོན་བྱེད་སྒོའི་ཡུལ་དངོས།
            ད་ཐེངས་ཀྱི་བྱེད་སྒོ་དེས“ཤེས་དཔལ་གྱི་ཕུགས་འདུན་མངོན་འགྱུར་གྱིས། མཉམ་དུ་དཔྱིད་གསར་དུས་ཆེན་བསུ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། གངས་ལྗོངས་ཀྱི་ཁྱད་ཆོས་དང་། གསར་བརྗེའི་སྲོལ་རྒྱུན། དུས་རབས་ཀྱི་ཉམས་འགྱུར་བཅས་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ལ་སྣ་ཁ་མང་བ་སྟེ། 《བདེ་སྐྱིད་ཁམས་ལེགས་ཀྱི་ཤོ་པ་མདོ 》《དགའ་ཆབ་མདོ》སོགས་ལྷོ་རོང་གི་ས་གནས་དེ་གའི་དམངས་སྲོལ་རིག་གནས་མངོན་པའི་རྩེར་སོན་ཞབས་བྲོ་དང་། 《བརྩེ་སེམས་ཀྱིས་ཁྱབ་པའི་ལྷོ་རོང》《མཛེས་སྡུག་ལྡན་པའི་ལྷོ་རོང》སོགས་ཕ་ཡུལ་ལ་བསྟོད་གླུ་འབུལ་བའི་རྐྱང་གཞས་དང་། 《རི་རྒྱལ་ལྷུན་པོར་དཔའ་བོའི་སྐུ་ཕུང་བཏབ། དེ་ཡི་འཁྲིས་སུ་དཔའ་བོའི་རྡོ་རིང་བཞེངས》གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་གྱི་གཏམ་རྒྱུད་ཀྱང་ཡོད། 《སྤྱི་ཁྱབ་ཧྲུའུ་ཅི་བཀྲ་ཤིས་བདེ་ལེགས 》《པེ་ཅིང་གི་གསེར་རི》སོགས་ཀྱི་གླུ་གཞས་ལས་མང་ཚོགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ལྷག་བསམ་མཚོན་པར་བྱས་ཡོད། མི་རྣམས་ཀྱིས་རྟ་ལོའི་ལོ་གསར་གྱི་མཛེས་སྡུག་ལྡན་པའི་རེ་སྒུག་དེ་སྤྲོ་སྣང་གི་ཞབས་བྲོའི་སྟངས་སྟབས་དང་འདྲེས་ནས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲ་རྒྱུན་མི་ཆད་པར་གྲགས་བཞིན་ཡོད།

བྱེད་སྒོའི་ཁྲོད་སྤྲོ་སེམས་འཁོལ་བའི་ཞབས་བྲོ།

“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན”ཞེས་པའི་དཔེ་སྟོན་བྱེད་སྒོར་མཉམ་པར་རྒྱག་བཞིན་པ།
            དུས་ཆེན་དྲངས་བ་དང་སྒྱུ་རྩལ་ལ་བརྟེན་ནས་བརྩེ་སེམས་ཁྱབ་བསྒྲགས་བགྱིས་ཤིང་། ད་ཐེངས་ཀྱི་བྱེད་སྒོར་ལྷོ་རོང་གི་བུ་ཕྲུག་གིས་མཐུན་སྒྲིལ་འབད་འབུངས་དང་། ཤེས་དཔལ་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་མ་ཟད། ཐུན་མོང་གི་ཕུགས་འདུན་འཛུགས་སྐྱོང་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་སྒྲིལ་ཡོད། གོམ་སྟབས་རྗེས་མར་བོད་ལྗོངས་ལྷོ་རོང་རྫོང་གིས་དུས་རབས་གསར་པའི་ཤེས་རིག་ལག་ལེན་ལ་བརྟེན་ནས། “ང་ཚོའི་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་ཏེ། ཤེས་རིག་གི་རླབས་རྒྱུན་གསར་པ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། གཏོགས་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། རིག་གྲོལ།