
ཇ། ཇ་ལ་སྤྲོ་སྣང་འཕེལ་བ་དང་། སྙིང་ཤུགས་གསོ་བ། གཅིན་པ་གཏོང་བདེ་བ་སོགས་ཀྱི་ནུས་པ་ལྡན་ལ། ཇ་འཐུང་ན་ངལ་དུབ་སེལ་བ་དང་དྲན་ཤེས་གསོ་ཐུབ་པར་མ་ཟད། དལ་གཤིས་མཁལ་ནད་དང་མཆིན་ནད། གློ་བའི་འདུས་འདྲིལ་གཅོང་ནད། ཁྲག་རྩ་མཉེན་པོ་ཆགས་པ་སོགས་ལ་ཕན་ནུས་ངེས་ཅན་ལྡན། ཇ་འཐུང་ན་དགེ་མཚན་མང་པོ་ཡོད་ནའང་ཚད་ལས་བརྒལ་ཏེ་འཐུང་མི་རུང་། ལྷག་པར་ནད་པ་ལ་ལས་ཇ་འཐུང་ན་ལུས་པོར་གནོད་ཀྱི་ཡོད་དེ། དཔེར་ན། དབང་རྩ་ཉམས་པ་དང་འཇུ་བྱེད་མ་ལག་གི་སྨུག་པོའི་ནད་ཕོག་མྱོང་བའི་ནད་པས་ཇ་འཐུང་མི་རུང་། གཞན་ཡང་ཁྲག་ཤེད་མཐོ་བ་དང་སྙིང་ནད་ཡོད་པའི་ནད་པས་ཀྱང་ཇ་མང་པོ་འཐུང་མི་རུང་སྟེ། ཇ་འཐུང་ན་སྙིང་འཕར་ཚད་ཇེ་དྲག་ཏུ་འགྲོ་བར་མ་ཟད་སྙིང་འཕར་ཚད་མི་སྙོམ་པའི་སྣང་ཚུལ་ཐོན་སྲིད།
ཆང་། རྒན་རྒོན་ཚོས་རྒུན་ཆང་དང་། ཞང་པིན། ཡང་ན་སིལ་ཆང་ཉུང་ཙམ་འཐུང་ན་རྩ་དཀར་གསོ་ཞིང་ཁྲག་རྩ་བསང་བ་དང་། ལྟོའི་དང་ག་ཇེ་ཆེར་འགྲོ་བ། ཟས་འཇུ་བ། ཤུགས་བསྐྱེད་པ་བཅས་ཀྱི་ཕན་ནུས་ལྡན། འོན་ཀྱང་དུས་རྒྱུན་ཆང་མང་པོ་འཐུང་བའམ་ལྷག་པར་ཨ་རག་དཀར་པོ་མང་པོ་འཐུང་ན། ནད་གཞི་མི་ཉུང་བ་ཞིག་ཐོན་སྲིད།
ཚྭ། ཁྲག་ཤེད་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད། སྤྱིར་བཏང་བྱས་ན་རྒན་རྒོན་རྣམས་ཀྱིས་ཉིན་རེའི་བཟའ་བཅའི་ཚྭ་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ཉིན་རེར་ཚྭ་ཁེ5ལས་བརྒལ་མི་རུང་ཞིང་། ཚྭ་མང་པོ་འདུས་པའི་སྲན་སྣུམ་དང་བསྙལ་ཟས་སོགས་ལ་དེ་བས་ཚོད་འཛིན་བྱེད་དགོས།
ཀ་ར། ཀ་ར་དང་མངར་ཟས་ཅུང་ཙམ་ཟོས་ན་རྒན་རྒོན་གྱི་བདེ་ཐང་ལ་ཕན་ཐོགས་ཡོད་པ་ལས་གནོད་པ་མེད། འོན་ཀྱང་གཅིན་སྙི་ཟ་ཁུའི་ནད་ཕོག་ཡོད་པའི་མིས་མངར་ཆ་གཏན་ནས་ཟ་མི་རུང་། སྙིང་ནད་དང་ཤ་རྒྱགས་པ་ཡོད་མཁན་གྱིས་ཀྱང་མངར་ཟས་ཉུང་ཙམ་ཟ་དགོས་སོ། །
རྩོམ་སྒྲིག་པ། རིག་གྲོལ།