ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འགྲོ་བ་མིའི་ཐོབ་ཐང་ཐེ་ཇུས་རིང་ལུགས་དང་ལེན་མི་བྱེད།འགྲོ་བ་མིའི་ཐོབ་ཐང་ཐེ་ཇུས་རིང་ལུགས་ཟེར་བ་མི་འོས།

སྤེལ་དུས 2026-05-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ཐེ་ཇུས་བྱས་པའི་རྒྱུ་མཚན་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཤེས་རྟོགས་མེད་པ་དང་།ཀྲུང་གོའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བར་བསམ་ངན་གྱིས་མིང་ཆད་བཟོ་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ནང་དོན་ལ་རྐང་བཙུགས་ནས་འཁྱོག་བཤད་བྱེད་པ་བཅས་རྦད་དེ་མཚོན་ཡོད།
        “ཀྲུང་གོ་ནི་འཛམ་གླིང་ཐོག་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་དང་ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་རླབས་ཆེའི་མི་རིགས་ཤིག་རེད།དེ་ནི2026ལོའི་ཟླ3པའི་ཚེས12ཉིན་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་གླེང་གཞིའི་ནང་འཁོད་པའི“ཁ་གསལ་ཞིང་གོ་བདེའི་སྐད་ཆ”ཞིག་ཡིན་པ་དང་།དེ་ནི་ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྲིམས་ལུགས་གཞི་གཅིག་ཅན་གྱི་ཚད་ལྡན་མཚོན་ཚུལ་ཞིག་ཡིན་ལ།བཅའ་ཁྲིམས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཤེས་དཔལ་གྱི་རྨང་གཞིར་རགས་བསྡུས་བྱས་པ་ཞིག་ཀྱང་རེད།ཀྲུང་གོས་རྩ་ཁྲིམས་ཀྱི་གོ་རིམ་ལྟར་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་བཟོས་ནས་རང་ངོས་ཀྱི“ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས”ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་དངོས་ཡོད་ལག་ལེན་ཁྲིམས་གཞུང་ཅན་དུ་བསྒྱུར་བ་དེ་ནི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ཁྲིམས་སྐྱོང་འགན་སྲུང་གལ་ཆེན་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་མི་རིགས་བཅོས་སྐྱོང་གི་གསར་གཏོད་རང་བཞིན་གྱི་ལམ་ལུགས་འཚོལ་ཞིབ་ཅིག་ཀྱང་རེད།འོན་ཀྱང་ཀྲུང་གོས་བཏོད་པའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི”མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལམ་བུ་དང་དེའི་ཤེས་དཔལ་དང་ཁྲིམས་སྐྱོང་བྱེད་སྟངས་ནི་ནུབ་ཕྱོགས་ཀྱིས་བཙུགས་པའི་མི་རིགས་རིང་ལུགས་དང་།མི་རིགས་རྒྱལ་ཁབ།མི་སེར་སྤེལ་ཡུལ་རྒྱ་སྐྱེད་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་མི་རིགས་བཅོས་སྐྱོང་བྱེད་སྟངས་དང་ཁྱད་པར་ཡོད་ལ།ནུབ་ཕྱོགས་ཀྱིས་རྟག་ཏུ་རང་ངོས་ལྟེ་བར་འཛིན་པ་སྨྲ་བ་དང་རིམ་པ་སྨྲ་བར་བརྟེན་ནས་ཤེས་དཔལ་གཞན་དག་དང་མི་རིགས་ཀྱི“འགྲོ་བ་མིའི་ཐོབ་ཐང་ཐེ་ཇུས་རིང་ལུགས”ལ་ལྟ་སྟངས་འཛིན་པ་དང་ཡང་ཁྱད་པར་ཡོད།
        2026ལོའི་ཟླ4པའི་ཚེས30ཉིན།ཀྲུང་གོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་གསར་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་བའི་གྲོས་ཆོད་ལ་ཡོ་རོབ་གྲོས་ཚོགས་ཀྱིས་གྲོས་འཆམ་བྱས།ཡོ་རོབ་ཀྱི་བཅའ་ཁྲིམས་སྒྲིག་ལམ་ནས་བལྟས་ན།ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ཟེར་བ་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་ཀྱི་གྲོས་འགོའི་མཚོན་ཚུལ་ཙམ་ཡིན་པས་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་བཅའ་ཁྲིམས་ཀྱི་སྡོམ་འཆིང་ནུས་པ་མེད།འོན་ཀྱང་གྲོས་ཆོད་དེས་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་དྲང་བདེན་ཟེར་བའི“ཡོ་རོབ་ཀྱི་ཚད་གཞི”ལྟར་ཡིན་ཁུལ་བྱས་ནས་དོན་དངོས་ཀྱི་གཞི་འཛིན་ས་དང་ཁྲིམས་གཞིའི་རྨང་གཞི་ཧ་ཅང་མི་འདང་བའི་གནས་ཚུལ་འོག་ཀྲུང་གོའི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ལ་དམའ་འབེབས་དང་མིང་ཆད་བཟོས་པ་མ་ཟད།ཡོ་རོབ་མནའ་འབྲེལ་རིམ་ངོས་དང་མཉམ་འབྲེལ་རྒྱལ་ཚོགས་རིམ་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལངས་ཕྱོགས་མཐུན་སྦྱོར་དང་ཐེ་ཇུས་ཀྱི་བཀག་སྡོམ་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད།
        ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ཆ་ཚང་ལ་བལྟས་ན།མི་རིགས་ཁྱབ་ཁོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཐེ་ཇུས་བྱེད་པའི་དཔེ་མཚོན་རིང་ལུགས་ཤིག་རེད།ཡོ་རོབ་གྲོས་ཚོགས་ཀྱིས“གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁས་ལེན་ལ་སྲུང་སྐྱོང”དང“བཙན་ཤེད་ངང་རང་འདྲར་འགྱུར་བ”སོགས་ལ་ཁ་གཡར་ནས་ཀྲུང་གོའི་བཅའ་ཁྲིམས་དང་མི་རིགས་སྲིད་ཇུས་ལ་རྐང་བཙུགས་ནས་དམའ་འབེབས་བཏང་བ་དང་འབྲེལ“ཀྲུང་གོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་མེད་པ་བཟོ་རྒྱུར་སྐུལ་འདེབས་བྱེད་པ”དང“ཀྲུང་གོའི་ཆོས་ལུགས་ལས་དོན་ལ་སྔར་བས་ཐེ་ཇུས་བྱེད་པ”སོགས་བཀག་སྡོམ་གྱི་ངོ་བོ་ལྡན་པའི་བྱ་སྤྱོད་ཀྱི་གྲོས་འགོ་རབ་དང་རིམ་པ་བཏོན་ཡོད།
        ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ཁྱབ་བསྒྲགས་བྱས་རྗེས།ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པའི་འཐུས་མིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་ལངས་ཕྱོགས་གསལ་བསྒྲགས་ནན་པོ་བྱས་པ་མ་ཟད།འབྲེལ་ཡོད་གྲོས་ཆོད་ནང་དོན་དངོས་དང་ཁྲིམས་གཞི་སྣང་མེད་དུ་བཏང་བ་དང་།བསམ་ངན་བཅངས་ཏེ་ཀྲུང་གོའི་བཅའ་ཁྲིམས་དང་མི་རིགས་སྲིད་ཇུས་ལ་དམའ་འབེབས་བཏང་བ།ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་འདུག་ཅེས་བསྟན་ཡོད།དེ་གསུམ་པོས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི“ཞན་ཆ”ཐད་ཀར་དམར་རྗེན་དུ་བཏོན།
        དོན་དངོས་ཐོགཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ཐེ་ཇུས་བྱས་པའི་རྒྱུ་མཚན་ཟེར་བ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཤེས་རྟོགས་མེད་པ་དང་།ཀྲུང་གོའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བར་བསམ་ངན་གྱིས་མིང་ཆད་བཟོ་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ནང་དོན་ལ་རྐང་བཙུགས་ནས་འཁྱོག་བཤད་བྱེད་པ་བཅས་རྦད་དེ་མཚོན་ཡོད།གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་དོན་དངོས་ཀྱི་གྲུབ་འབྲས་ཚང་མས་མཐོང་གསལ་རེད།དེ་ལས་ལྡོག་ཏེ་ནུབ་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་རྒྱ་སྐྱེད་ཀྱི་རིམ་བསགས་ཉེས་སྤྱོད་དང་ནང་ཁུལ་འཁྲུག་རྩོད་ཀྱི་དངོས་ཡོད་དཀའ་ངལ་ལ་བལྟས་ན།བདེན་པ་གང་དུ་ཡོད་མེད་གཟུར་གནས་ཀུན་གྱིས་རྟོགས་ཐུབ།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང“རྒྱལ་ཁབ་ཀྱིས་ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་།ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་གཏན་འབེབས་བྱས་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་དང་མི་རིགས་ཁག་གི་ཁྱད་པར་རང་བཞིན་རྩོད་སྒྲུབ་ཀྱི་གཅིག་གྱུར་ཡིན་པ་མཚོན་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི“སྣ་མང་གཞི་གཅིག”གི་དམ་ཟབ་རང་བཞིན་དང་།མཉམ་འགུལ་རང་བཞིན།སྤྱི་ཡོངས་རང་བཞིན་བཅས་མཚོན་ཡོད།ཡོ་རོབ་ཀྱི་མི་རིགས་ལོ་རྒྱུས་ལ“སྣ་མང་གཞི་གཅིག”གི་གཅིག་མཐུན་ཚོགས་པའི་ཉམས་མྱོང་དང“གཅིག་གྱུར་ཆེན་པོའི”བློ་གྲོས་མི་འདང་བ་མ་ཟད།ཀྲུང་གོའི་མི་རིགས་ཀྱི་ཁྲིམས་འཛུགས་ཤེས་དཔལ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དཔྱོད་ཤེས་ལྡན་པའི་རྒྱུས་ལོན་གྱི་དགོས་ངེས་ཤེས་བྱའང་འདང་གི་མེད།གྲོས་ཆོད་ནང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དབར་གྱི་འབྲེལ་བར་གོ་བ་ལེན་སྟངས་ནོར་ཡོད།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་མཐུན་སྦྱོར་དང་འབྲེལ་མཐུད་བྱ་རྒྱུར་གཙིགས་ཆེན་བྱས་ཡོད་པ་དང་།ས་བཅད་དང་པོའི་སྤྱིའི་རྩ་དོན་གྱི་དོན་ཚན་བརྒྱད་པའི་ནང“རྒྱལ་ཁབ་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད།མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་རང་སྐྱོང་ས་གནས་ཀྱི་ཚད་གཞི་དང་དབང་ཆ་སྤྲོད་པ་གཙོ་བོར་བཟུང་ཡོད་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།རྒྱལ་ཡོངས་ཁྱབ་ཁོངས་ནང་གི་མི་རིགས་འབྲེལ་བ་ལེགས་སྒྲིག་བྱེད་པ་བཅས་གཙོ་བོར་བཟུང་ཡོད་པས།བཅའ་ཁྲིམས་དེ་གཉིས་ཀ་རང་རྒྱལ་གྱི་མི་རིགས་ཁྱབ་ཁོངས་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན།ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དང་ཁྲིམས་ལུགས་ཐད་འདུ་ཤེས་འཛིན་སྟངས་དང་ཤེས་བྱའི་ཐད་ཀྱི་བཀག་རྒྱ་ཡོད་པ་དང་།ཀྲུང་གོའི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་སྒྲིག་ལམ་ཧྲིལ་པོའི་འབྲེལ་བའི་དཔེ་རིས་དང་དེ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཁྲིམས་ལུགས་འཛུགས་སྐྱོང་གི་ཁྲིམས་གཞིའི་གཏན་ཚིགས་ལ་ཚད་ལྡན་རང་བཞིན་གྱི་རྒྱུས་ལོན་དང་ངོས་འཛིན་འདང་གི་མེད།
        ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ནང་བཏོན་པའི་བྱ་སྤྱོད་ཀྱི་གྲོས་འགོ་དེའང་ཏག་ཏག་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་བདག་དབང་འདྲ་མཉམ་དང་གཉིས་ཁེ་མཉམ་ལས་ཀྱི་ཚད་ལྡན་རང་བཞིན་གྱི་རྨང་གཞིར་གཏོར་བཤིག་བཏང་ནས“འགྲོ་བ་མིའི་ཐོབ་ཐང་བླ་ན་མེད”ཟེར་བའི་ཚད་གཞི་དང་ཐེ་ཇུས་བྱ་སྤྱོད་དེས་ཀྲུང་གོའི་བདག་དབང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་མི་བརྩི་བར“སྒྲིག་སྲོལ་ལ་གཞིགས་པའི་རྒྱལ་སྤྱིའི་སྒྲིག་ལམ”ཟེར་བར་བརྟེན་ནས་བཙན་དབང་གིས་ཐེ་ཇུས་བྱེད་པའི་དོན་དངོས་ཤིག་རེད།འདི་ནི་ཐེངས་དང་པོ་མ་རེད།ཀྲུང་གོ་དང་འབྲེལ་བའི་གྲོས་གཞི་མང་པོའི་ཐད་ཡོ་རོབ་གྲོས་ཚོགས་དེ་སྤྱིའི་ཆ་ནས་ཡོ་རོབ་མནའ་འབྲེལ་སྒྲིག་གཞིའི་ཁྲོད་ཀྱི“ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་གདོང་ལེན་པར”གྱུར་ཡོད།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཁྱབ་ཁོངས་ནང་གི་ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་འདེམས་བསྐོའི་ལམ་ལུགས་སྒྱུར་བཅོས་ཡིན་ནའང་འདྲ།ཡང་ན་ངོགས་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ནང་གི་ཐའེ་དབན་གྱི་གྲོས་དོན་དང་ཡང་ན་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱི་གྲོས་དོན་ཡིན་ནའང་འདྲ།ཐ་ན་ཁྱབ་ཁོངས་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་དོན་སྣ་ཚོགས་ཡིན་ནའང་འདྲ་ཚང་མར་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ཐེ་ཇུས་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།ཀྲུང་གོའི་བཅའ་ཁྲིམས་དང་ལྷག་པར་དུ་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལ་ཟློག་ལན་སློག་པའི་ལག་ལེན་ལ་གཞིགས་ན།ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེ་ཉིད་ཀྲུང་གོའི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་ཁྱད་གསོད་དང་གནོད་འཚེ་བཏང་བ་ཞིག་ཡིན་པས་ཀྲུང་གོས་དེ་མཚུངས་ཀྱི་ཟློག་ལན་སློག་པའི་བྱ་སྤྱོད་སྤེལ་ནས་ཡོ་རོབ་གྲོས་ཚོགས་དང་དེའི་གྲོས་ཆོད་སྤེལ་མཁན་ལ་བཀག་སྡོམ་བྱེད་ཆོགགལ་ཏེ་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་ཡོད་སྒྲིག་གཞིས་གྲོས་ཆོད་ཀྱི་བླང་བྱའི་འོག་ཀྲུང་གོར་ཐེ་ཇུས་དང་བཀག་སྡོམ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་སྤེལ་ཚེ།ཀྲུང་གོའི་ཟློག་ལན་སློག་པའི་བཅའ་ཁྲིམས་བྱ་སྤྱོད་འདྲ་མཚུངས་ཀྱིས་སྤེལ་རྒྱུ་མ་ཟད།ཐ་ན་ཡོ་རོབ་མནའ་འབྲེལ་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་དངོས་ལ་གཞིགས་ནས་ཧེ་བག་རང་བཞིན་དང་ཟིལ་གནོན་རང་བཞིན་གྱི་ཟློག་ལན་ཡང་སློག་སྲིད།ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་སྤྱི་ཡོངས་ནས་འགོ་འཛུགས་པ་དང་རང་ངོས་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་གྲོས་ཆོད་བྱ་སྤྱོད་ཀྱི་གྲོས་འགོ་ལག་བསྟར་བྱས་པ་ལས་ཐོན་པའི་ལྡོག་ལན་གྱི་མཇུག་འབྲས་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས།
        དེང་སྐབས་འཛམ་གླིང་ཟང་ཟིང་ཆེ་ཞིང་།ཀྲུང་གོ་དང་ཡོ་རོབ་གཉིས་ཀ་ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་མཉམ་ལས་དར་སྤེལ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་རེད།ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་རྒྱུས་རིག་གནས་དང་།འགྲོ་ལམ་ལམ་ལུགས།འཕེལ་རྒྱས་ཀྱི་དུས་རིམ་བཅས་དངོས་གནས་མི་འདྲ་མོད།འོན་ཀྱང་ཁྱད་པར་དེ་རིགས་སྔོན་ཆད་ཀྲུང་གོ་དང་ཡོ་རོབ་དབར་འབྲེལ་བ་འཛུགས་པ་དང་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགལ་རྐྱེན་དུ་གྱུར་མེད་ལ།ཕྱིན་ཆད་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགོག་རྐྱེན་དུ་འགྱུར་མི་རུང་།རྒྱལ་སྤྱིའི་དུས་བབ་ཛ་དྲག་དང་རྙོག་འཛིང་ཇི་ཙམ་ཆེ་ན་ཀྲུང་གོ་དང་ཡོ་རོབ་ཀྱིས་དེ་ཙམ་གྱིས་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་ཡང་དག་པའི་ངེས་ཤེས་འཛིན་དགོས།ཡོ་རོབ་ནང་ཁུལ་དུ“ཡོ་རོབ་གཉིས”ཀྱི་ལམ་ཕྱོགས་འགྲན་བཞིན་ཡོད་པ་ང་ཚོས་མཐོང་བྱུང་།གཅིག་ནི་ཡོ་རོབ་གྲོས་ཚོགས་ལྟ་བུའི་ཡོ་རོབ་ཀྱི་ལྟེ་བའི་རིང་ལུགས་དང་། ཡོ་རོབ་དང་མེ་གླིང་མནའ་འབྲེལ་རིང་ལུགས་ཡིན་ཞིང་།དེས་ཀྲུང་གོར་ཕྱོགས་ཡོངས་ནས་འགྲན་རྒོལ་དང་ཐེ་ཇུས།འཇམ་འཐབ་གསར་པ་བཅས་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དེ་ནི་ཚད་མཐོའི་འདུ་ཤེས་འཛིན་སྟངས་ཅན་དང་བཙན་དབང་རིང་ལུགས་ཅན་གྱི་ཡོ་རོབ་ཅིག་ཡིན་པས་སྔ་ས་ནས་ནུས་པས་མི་ལྕོགས་པ་དང་དུས་རབས་ཀྱི་རྗེས་སུ་ལུས་ཡོད།གཞན་ཞིག་ནི་ཡོ་རོབ་ཀྱི་འཐབ་ཇུས་རང་བདག་ལ་གཞི་ཚུགས་པ་དང་།ཀྲུང་གོར་དཔྱོད་ཤེས་ལྡན་པའི་འབྲེལ་བ་བྱེད་པ།ཞི་བདེ་འཕེལ་རྒྱས་ལ་ཕྱོགས་པ་བཅས་ཀྱི་ཡོ་རོབ་ཅིག་ཡིན་ཞིང་།ལངས་ཕྱོགས་གསར་པ་དང་སྟོབས་ཤུགས་གསར་པ་འདི་ཐེ་ལང་ཕུའི་རིང་ལུགས་དང་།ཡོ་རོབ་དང་ཨ་རིའི་ཚོང་དོན་འཁྲུག་རྩོད།ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུགཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་བཅས་དང་དེ་བཞིན་ཨ་རི་དང་།དབྱི་སི་རལ།དབྱི་རན་བཅས་དབར་གྱི་གདོང་ཐུག་གི་དཀའ་ངལ་མང་པོའི་ཁྲོད་བསམ་ཞིབ་བྱས་ནས་དར་འཕེལ་བྱུང་བ་ཞིག་ཡིན་པས་ཡོ་རོབ་ཀྱི་ཤེས་དཔལ་གོ་རྟོགས་སད་པའི་སྟོབས་ཤུགས་ཤིག་རེད།ཡོ་རོབ་གཉིས་པ་དེས་ཡོ་རོབ་ཀྱི་ཤེས་དཔལ་དུས་མཚམས་གསར་པ་འགོ་བཙུགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འདྲ་མཉམ་མཉམ་འགུལ་གྱི་རྣམ་པ་གསར་པ་བཏོད་དེ།འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་སྲུང་སྐྱོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ང་ཚོས་མཐོང་ཐུབ་པའི་རེ་བ་ཡོད།