ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲུམ་པ་གཡུ་མཚོ་ལས་ཡུལ་སྐོར་ཡོང་འབབ་བྱུང་བ།

སྤེལ་དུས 2026-05-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


            གྲུམ་པ་གཡུ་མཚོའི་མཛེས་ལྗོངས་ཁུལ་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་དམར་མདའ་ཤང་མ་རྫ་གྲོང་ཚོར་གནས་ཤིང་། 2025ལོར་རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་ཐོན་བྱུང་ནས་དངོས་སུ་གཉེར་སྐྱོང་བྱས་པ་དང་དེ་ནི་སྐྱེ་ཁམས་སྤྲོ་གསེང་དང་། དམངས་སྲོལ་ཉམས་ལེན། མཐའ་མཚམས་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ས་མཐོའི་ཁྱད་ལྡན་མཛེས་ལྗོངས་ཁུལ་ཞིག་རེད། གཉེར་སྐྱོང་བྱས་ཚུན་རིམ་རྩིས་བརྒྱབ་ན། ཡུལ་སྐོར་བ་མི་ཐེངས་ཁྲི་3.4ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་102བྱུང་བ་དང་། ལོ་རེར་ཆ་སྙོམས་སྒོར་ཁྲི་39.75བགོ་འགྲེམས་བརྒྱབ་པ་མ་ཟད། ལོ་རེ་བཞིན་10%འཕར་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་བྱུང་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།


རྩོམ་སྒྲིག་པ། རིག་གྲོལ།