ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཙེར་ལི་ཡར་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། མི་རིང་བའི་གོང་། ངོས་ནས་ཁྱེད་རང་བར་ཅིན་ནའེ་རུ་ལེགས་གྲུབ་ལྡན་པའི་གྲོས་མོལ་ཞུས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེ་རིགས་ཐད་འབྲེལ་གཏུག་གཏིང་ཟབ་ཞུས་པ་ཧ་ཅང་ཡག་པོ་བྱུང་། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཁག་གིས་ང་ཚོའི་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། ཅིན་ནའེ་གྲོས་མོལ་གྱི་དགེ་མཚན་ལྡན་པའི་ཕན་ནུས་སྣུར་སྲིང་དང་རྒྱ་སྐྱེད་གཏོང་བཞིན་ཡོད། གཟའ་འཁོར་གོང་མར། རྒྱ་གར་ཉིད་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་ངོས་ནས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་ཕྱོགས་ཀྱི་ཚོང་འགྲིག་ཚད་སྐབས་གོང་མ་ལས་མང་དུ་ཤུགས་ཆེན་ཕྱིན་ཡོད་པ་དང་། ཚོང་འགྲིག་ཚད་མང་ཤོས་ཀྱི་འགྲེམ་ཞུགས་རྒྱལ་ཁབ་ལ་གྱུར་ཡོད། ཀྲུང་གོའི་ཕྱོགས་ནས་རྒྱ་གར་གྱིས་སྤུས་ལེགས་ཚོང་ཟོག་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་མང་དུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ་དང་། ཐོན་ནུས་དང་། སྨན་བཅོས་སྨན་རྫས། ཆ་འཕྲིན་ལག་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནང་མཉམ་ལས་ཀྱི་འཕར་སྣོན་ཡོང་ས་གསར་པ་གཏོད་དགོས་པ། ཐུན་མོང་ཐོག་སང་ལོའི་ཀྲུང་གོ་དང་རྒྱ་གར་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ་དང་ཀྲུང་གོ་དང་རྒྱ་གར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་ནས། དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་རྒྱ་གར་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱེད་པ། ཐུན་མོང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་གོང་འཕེལ་ཁེ་དབང་དང་གོང་འཕེལ་གྱི་བར་ཁམས་ལ་སྲུང་སྐྱོབ་བྱེད་པ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་དང་།
        ཞི་ཅིན་ཕིང་གིས། ངོས་ནས་ཁྱེད་རང་བར་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་ཞུ་རྒྱུ་དང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མདུན་སྐྱོད་ཁ་ཕྱོགས་དམ་འཛིན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་། འགལ་ཟླ་དོ་དམ་དང་ཚོད་འཛིན་འོས་འཚམ་བྱེད་པ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དེ་བས་ཡག་པ་དང་དེ་བས་བརྟན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་འདོད་ཡོད། སྤྱི་ལོ་2020ལོར་སླེབས་གྲབས་ཡོད་པས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དེ་ལོ་གསར་པའི་ནང་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་རྒྱུའི་རེ་བ་ཡོད། ངོས་ནས་ཁྱེད་རང་དུས་སང་ཀྲུང་གོར་སླར་ཡང་མཇལ་མོལ་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།
        མོ་ཏིས། ང་ཚོས་ཝུ་ཧན་དང་ཅིན་ནའེ་རུ་གྲོས་མོལ་ཐེངས་གཉིས་བྱས་པ་དེས་ཡིད་ཆེས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ང་ཚོའི་བར་གྲོས་མཐུན་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་མང་པོ་ཞིག་དོན་འཁྱོལ་བྱེད་བཞིན་ཡོད། རྒྱ་གར་ཕྱོགས་ནས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཉོ་ཚོང་མ་འཇོག་བྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་ཐུབ་རེ་བྱེད་བཞིན་ཡོད་ལ། ཐུན་མོང་ཐོག་དུས་སང་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་མི་ཆོས་རིག་གནས་སྤེལ་རེས་ལོའི་བྱེད་སྒོ་རབ་དང་རིམ་པ་ཡག་པོ་གཉེར་རྒྱུ་ཡིན། ངོས་ནས་ཁྱེད་རང་དང་མུ་མཐུད་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་ཞུ་རྒྱུ་དང་། འགལ་ཟླ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་ཟམ་མི་ཆད་པར་མཐོ་ཚད་གསར་པར་སླེབས་རྒྱུར་ཁྲིད་སྟོན་ཐུབ་རེ་བྱེད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།
        ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།